སི་ཁྲོན་ཝུན་ཞོན་ལས་རིགས་སློབ་གླིང་།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-11-27 09:17ལ་འགྲུབ།

སི་ཁྲོན་ཝུན་ཞོན་ལས་རིགས་སློབ་གླིང་།

སི་ཁྲོན་ཝུན་ཞོན་ལས་རིགས་སློབ་གླིང་།
སི་ཁྲོན་ཝུན་ཞོན་ལས་རིགས་སློབ་གླིང་ནི་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཏཱ་དབྱི་རྫོང་དུ་གནས་ཤིང་། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྤྱི་ལོ2013ལོར་ཆོག་མཆན་ཐོབ་པ་དང་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་བྱས་པའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་དམངས་བཙུགས་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
四川文轩职业学院
ཕྱི་ཡིག་གི་མིང་།
Sichuan Winshare Vocational College
བཙུགས་ལོ།
སྤྱི་ལོ2013ལོར།
རིགས་དབྱེ།
དམངས་བཙུགས་སློབ་ཆེན།
རྣམ་པ།
ཕྱོགས་བསྡུས།
ངོ་བོ།
མཐོ་རིམ་ལས་རིགས་སློབ་གླིང་།
གཙོ་གཉེར་སྡེ་ཁག
སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
སློབ་གསོའི་སློབ་གླིང་དང་། དོ་དམ་བཟོ་སྐྲུན་སློབ་གླིང་སོགས།
སློབ་གྲྭའི་ཚབ་ཨང་།
5656
1 ངོ་སྤྲོད།

སི་ཁྲོན་ཝུན་ཞོན་ལས་རིགས་སློབ་གླིང་ནི་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཏཱ་དབྱི་རྫོང་དུ་གནས་ཤིང་། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྤྱི་ལོ2013ལོར་ཆོག་མཆན་ཐོབ་པ་དང་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་བྱས་པའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་དམངས་བཙུགས་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན།    

སྤྱི་ལོ2019ལོའི་ཟླ5པའི་བར། སློབ་གྲྭའི་རྒྱ་ཁྱོན་ལ་མུའུ600ཙམ་ཡོད་པ་དང་། གཏན་འཇགས་རྒྱུ་ནོར་གྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི7418ཡོད། སློབ་གླིང་དུ་དགེ་རྒན500ལྷག་ཙམ་ཡོད་པའི་ནང་། མཐོ་རིམ་གོ་མིང་ལྡན་པའི་དགེ་རྒན་གྱིས་སྤྱི་འབོར་གྱི22%ཟིན་ཞིང་། འབྲིང་རིམ་གོ་མིང་ཡོད་མཁན123ཡོད། འབུམ་རམས་པ7དང་རབ་འབྱམས་པ120ཡོད། རྒྱལ་ཁབ་སློབ་གསོ་པུའུ་དང་སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་གི་ཚན་རིག་ཞིབ་འཇུག་བྱ་གཞི34འགན་ཁུར་ཡོད། དེའི་ནང་ཞིང་ཆེན་གྱི་གཙོ་གནད་ཞིབ་འཇུག་བྱ་གཞ6དང་ཞིང་ཆེན་སློབ་གསོ་ཐིང་གི་བསམ་བློ་ཆབ་སྲིད་ན་གཞོན་དགེ་རྒན་གྱི་ཆེད་དོན་ཞིབ་འཇུག་བྱ་གཞི1ཡོད། ད་ལྟ་དཔེ་དེབ་ཁྲི80ཉར་ཡོད་ལ། སློབ་གླིང་དུ་སློབ་གསོའི་རིགས་དང་། གསར་འགྱུར་དཔེ་སྐྲུན་རིགས། ཆ་འཕྲིན་རིགས། བཟོ་སྐྲུན་རིགས། རླངས་འཁོར་རིགས། ཨར་སྐྲུན་རིགས། སྤྱི་ཚོགས་ཞབས་ཞུའི་རིགས་སོགས་མཐོ་རིམ་ལས་རིགས་ཆེད་སྦྱོང་ཚན་ཁག་གི་ཆེད་ལས་བཙུགས་ཡོད། སློབ་བསྡུའི་ཆེད་ལས19ཡིས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གསུམ་ལ་ཕྱོགས་ནས་སློབ་མ་བསྡུ་བཞིན་ཡོད། སློབ་གྲྭར་ཡོད་པའི་སློབ་མ5000ཙམ་ཡོད། 

2 སློབ་སྒྲུབ་ཆ་རྐྱེན།
2_1 རྨང་གཞིའི་སྒྲིག་བཀོད།

སློབ་གྲྭའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ386620ཡོད་པ་དང་། རྒྱུ་ནོར་བསྡོམས་འབོར་སྒོར་ཁྲི109354ཡོད་པའི་ནང་གཏན་འཇགས་རྒྱུ་ནོར་གྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི7418ཟིན།

སློབ་གླིང་དུ་སློབ་གྲྭའི་ནང་གི་ལག་ལེན་སློབ་ཁྲིད་ལྟེ་གནས8དང་དངོས་སྦྱོང་ཁང་81སློབ་ཕྱིའི་དངོས་སྦྱོང་རྟེན་གཞི104བཙུགས་ཡོད། སྐད་གདངས་ཚོད་ལྟ་ཁང160ཡོད། སློབ་ཁྲིད་རྩིས་འཁོར1100ཡོད།

2_2 དགེ་རྒན་གྱི་དཔུང་སྡེ།

སློབ་གླིང་དུ་དགེ་རྒན་དང་ལས་བཟོ་པ494དང་ཆེད་བསྐོས་དགེ་རྒན378ཡོད། དེའི་ནང་མཐོ་རིམ་རྒན་པའི་གོ་མིང་མི22དང་། མཐོ་རིམ་གཞོན་པའི་གོ་མིང་མི40འབྲིང་རིམ་གྱི་གོ་མིང་མི123ཡོད། འབུམ་རམས་པ7དང་རབ་འབྱམས་པ120ཡོད།

3 སློབ་གླིང་གི་ཆེད་ལས།

སྤྱི་ལོ2015ལོར་སི་ཁྲོན་ཝུན་ཞོན་ལས་རིགས་སློབ་གླིང་དུ་ཆེད་ལས19བཙུགས་པའི་ནང་སློབ་གསོའི་རིགས་དང་། གསར་འགྱུར་དཔེ་སྐྲུན་རིགས། ཆ་འཕྲིན་རིགས། བཟོ་སྐྲུན་རིགས། རླངས་འཁོར་རིགས། ཨར་སྐྲུན་རིགས། སྤྱི་པའི་དོ་དམ་དང་ཞབས་ཞུའི་རིགས་སོགས་ཚུད་ཡོད།

4 རྩ་འཛུགས་སྒྲིག་གཞི།
4_1 སློབ་ཁྲིད་ཟུར་ཁྲིད་སྡེ་ཚན།

སློབ་གསོ་སློབ་གླིང་།

དོ་དམ་བཟོ་སྐྲུན་སློབ་གླིང་།

འཕྲུལ་གློག་བཟོ་སྐྲུན་སློབ་གླིང་།

དཔེ་མཛོད་ཁང་།

4_2 ཏང་ཚོགས་སྡེ་ཁག

ཏང་ཨུའི་གཞུང་ལས་ཁང་།

རྩ་འཛུགས་པུའུ།

དྲིལ་བསྒྲགས་པུའུ།

སྒྲིག་བཤེར་ལྟ་ཞིབ་པུའུ།

བཟོ་ཚོགས་གཞུང་ལས་ཁང་།

ཐོན་ཨུ།

4_3 སྲིད་འཛིན་དོ་དམ་ལས་ཁུངས།

སློབ་གླིང་གཞུང་ལས་ཁང་།

སློབ་དོན་ཁྲུའུ།

སློབ་ཁྲིད་ལྟ་སྐུལ་སློབ་སྟོན་ཁང་།

མི་དོན་ཁྲུའུ།

ནོར་དོན་འཆར་འགོད་ཁྲུའུ།

སློབ་མའི་འཕེལ་རྒྱས་ཁྲུའུ།

རྒྱབ་ཕྱོགས་མཁོ་སྒྲུབ་ཁྲུའུ།

བདེ་སྲུང་ཁྲུའུ།

དཔྱད་གཞིའི་ཡིག་ཆ།