ཁྲང་ཨན་སློབ་གྲྭ་ཆེན་མོའི་ཞིན་ཧྭ་སློབ་གླིང་ནི་སྤྱི་ལོ2006ལོར་བཙུགས་པ་དང་། སློབ་གསོ་པུའུ་ཡིས་ཆོག་མཆན་ཐོབ་པ་བརྒྱུད་ཁྲང་ཨན་སློབ་ཆེན་གྱིས་གཉེར་བའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞི་དཀྱུས་མའི་རང་ཚུགས་སློབ་གླིང་ཞིག་ཡིན། སློབ་གྲྭའི་རྒྱ་ཁྱོན་ལ་མུའུ459.05ཡོད། སློབ་གླིང་གིས་ཁྲང་ཨན་སློབ་ཆེན་གྱི་སྤུས་ལེགས་རིག་ཚན་ཐོན་ཁུངས་དང་ཁྲང་ཨན་སློབ་ཆེན་གྱི་སློབ་གཉེར་ཁྱད་ཆོས་ལ་གཞིགས་ནས་ཆེད་ལས15བཙུགས་ཡོད་པ་དང་། ཏེ་ཆེད་ལས་ཁག་ཚང་མར་བསླབ་གནས་ཐོབ་ཐང་སྤྲོད་དབང་ཡོད། མིག་སྔར་དངོས་སུ་སློབ་མ་བསྡུ་བའི་ཆེད་ལས7ཡོད་པ་དེ་དག་ནི་ཨར་སྐྲུན་རིག་པ་དང་། ས་ཤིང་ལས་གྲྭ། འགྲིམ་འགྲུལ་ལས་གྲྭ། འགྲིམ་འགྲུལ་སྐྱེལ་འདྲེན། འཕྲུལ་ཆས་བཟོ་སྐྲུན་དང་རང་འགུལ་ཅན། གློག་རླངས་ལས་གྲྭ་དང་དེའི་རང་འགུལ་ཅན། རྩིས་གཉེར་རིག་པ་བཅས་ཡིན།
སློབ་གླིང་གིས་ལས་འཛིན་ལྷན་ཚོགས་ཀྱི་འགོ་ཁྲིད་འོག་གླིང་གཙོས་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱས་ནས་གླིང་གཙོས་སློབ་གླིང་གི་སློབ་གསོ་སློབ་ཁྲིད་དང་སྲིད་འཛིན་དོ་དམ་ལས་དོན་ལ་ཕྱོགས་ཡོངས་ནས་འགན་འཁུར་གྱི་ཡོད། སློབ་གླིང་གི་གཤམ་འོག་ཏུ་གཞུང་ལས་ཁང་དང་། མི་དོན་ཁྲུའུ། ནོར་དོན་ཁྲུའུ། སློབ་དོན་ཁྲུའུ། སློབ་མའི་ཁྲུའུ། (ལས་ཞུགས་མཛུབ་སྟོན་ལྟེ་གནས)སློབ་བསྡུ་གཞུང་ལས་ཁང་། སྤྱི་གཉེར་ཁྲུའུ། སྲུང་སྐྱོབ་ཁྲུའུ་བཅས་བཙུགས་ཡོད།
སློབ་གླིང་གིས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་དེ། སློབ་གླིང་གི་འགོ་ཁྲིད་དང་། ཆེད་ལས་སྡེ་ཁག་གི་ཀྲུའུ་རེན། སློབ་ཁྲིད་དགེ་རྒན་བཅས་གཙོ་བོ་ཁྲང་ཨན་སློབ་ཆེན་ནས་གདམ་གསེས་གདན་ཞུ་བྱས་པ་དང་། རིག་གཞུང་ཆུ་ཚད་དང་སློབ་ཁྲིད་ནུས་པ་ཆེན་པོ་ལྡན་པའི་ན་གཞོན་དགེ་རྒན་གསོ་སྐྱོང་དང་སྦྱོང་བརྡར་བྱེད་པར་མཐོང་ཆེན་བྱེད་བཞིན་ཡོད། ན་གཞོན་དགེ་རྒན་རྨང་གཞིར་བྱེད་པ་དང་། “ཉིས་འཇོན་རྣམ་པའི”ཆེད་ལས་དགེ་རྒན་སྲོག་ཤིང་དུ་བྱེད་པ། རྐང་འཛིན་དགེ་རྒན་སྲོག་ཤིང་དུ་བྱེད་པ། ཆེད་ལས་རིག་ཚན་གྱི་སྣེ་ཁྲིད་པ་གཙོར་འཛིན་པའི་དགེ་རྒན་གྱི་ཚོགས་པ་རིམ་བཞིན་མངོན་འགྱུར་ཡོང་བར་བྱས་ཡོད།
ལོ་བརྒྱའི་ཇུས་འགོད་ཀྱི་སློབ་གསོ་རྩ་བར་བཟུང་ནས་ཁྲང་ཨན་སློབ་གྲྭ་ཆེན་མོའི་ཞིན་ཧྭ་སློབ་གླིང་གིས་ཐོག་མཐའ་བར་གསུམ་དུ་“རིགས་གཅིག་མཁས་ཅན་གྱིས་སློབ་གྲྭ་སྐྱོང་བ་དང་། དགེ་རྒན་གྲགས་ཅན་གྱིས་སློབ་གཉེར་བྱེད་པའི”རྩ་དོན་ལྟར། ཁྲང་ཨན་སློབ་ཆེན་གྱིས་མངགས་པའི་སློབ་ཁྲིད་ཉམས་མྱོང་ཕུན་སུམ་ཚོགས་པ་དང་ཆེད་ལས་ཤེས་བྱ་ཕུན་སུམ་ཚོགས་པ། འགན་འཁྲི་འཁུར་སེམས་ཆེ་བ་བཅས་ཀྱི་ཆེད་མཁས་དགེ་རྒན་ཆེན་མོའི་དཔུང་ཁག་ཅིག་བཙུགས་ཡོད།
ལིའུ་ཆི་པོ། དགེ་རྒན་ཆེན་མོ་གཞོན་པ། ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། ཨར་ལས་སྡེ་ཁག་གི་ཀྲུའུ་རེན། དམངས་སྤྱོད་ཨར་ལས་ཇུས་འགོད་དང་ཇུས་འགོད་ཀྱི་གཞུང་ལུགས་སློབ་ཁྲིད་བྱེད་བཞིན་ཡོད།
ལི་ཧུང་། དགེ་རྒན་ཆེན་མོ་གཞོན་པ། ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། ཨར་ལས་བཟོ་སྐྲུན་སྡེ་ཁག་གི་ཀྲུའུ་རེན། ཁྲང་ཨན་སློབ་ཆེན་གྱི་ཕུལ་བྱུང་སློབ་ཁྲིད་བྱ་དགའ་དང་། ཕུལ་བྱུང་སློབ་ཐོན་ཇུས་འགོད་མཛུབ་ཁྲིད་དགེ་རྒན། སློབ་ཁྲིད་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་སོགས་ཀྱི་མཚན་སྙན་ཐོབ།
ཆིའུ་ཀྲའོ་ཝུན། དགེ་རྒན་ཆེན་མོ་གཞོན་པ། རབ་འབྱམས་པའི་མཛུབ་སྟོན་དགེ་རྒན། འགྲིམ་འགྲུལ་སྡེ་ཁག་གི་ཀྲུའུ་རེན། ཁྲང་ཨན་སློབ་ཆེན་རླངས་འཁོར་སློབ་གླིང་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གི་ཀྲུའུ་རེན། གཙོ་བོ་རླངས་འཁོར་བཀོལ་སྤྱོད་བཟོ་སྐྲུན་དང་འགྲིམ་འགྲུལ་སྐྱེལ་འདྲེན་བཟོ་སྐྲུན་གྱི་ཆེད་ལས་སློབ་ཁྲིད་བྱ་བའི་འགན་བཞེས་ཡོད།
ཡོན་ཝང་ཧྥང་། དགེ་རྒན་ཆེན་མོ་གཞོན་པ་། འཕྲུལ་ཆས་སྡེ་ཁག་གི་ཀྲུའུ་རིན། རླངས་འཁོར་བཟོ་སྐྲུན་ཆེད་ལས་ཀྱི་སློབ་ཁྲིད་དགེ་རྒན་གྱི་འགན་བཞེས་ཡོད།
ལི་མིན་ལི། དགེ་རྒན་ཆེན་མོ་གཞོན་པ། གློག་རྡུལ་ཆ་འཕྲིན་སྡེ་ཁག་གི་ཀྲུའུ་རེན། ཆེད་ལས་སློབ་ཚན་གྱི་སློབ་ཁྲིད་དགེ་རྒན། ཁྲང་ཨན་སློབ་ཆེན་གྱི“གུང་ཁྲན་ཏང་ཡོན་ཕུལ་བྱུང”གི་མཚན་སྙན་ཐོབ།
ཡུན་ཧོང་། དགེ་རྒན་ཆེན་མོ། ཁྲང་ཨན་སློབ་གྲྭ་ཆེན་མོའི་ཞིན་ཧྭ་སློབ་གླིང་གི་རྩིས་གཉེར་སྡེ་ཁག་གི་ཀྲུའུ་རེན། ནོར་དོན་རྩིས་གཉེར་སློབ་ཁྲིད་ཀྱི་དགེ་རྒན།“ཁྲང་ཨན་སློབ་ཆེན་གྱི་དཔེ་ལེགས་ཀུན་སྤྱོད་དགེ་རྒན”གྱི་གཟི་བརྗིད་མཚན་སྙན་ཐོབ།
སློབ་གླིང་གིས་ཁྲང་ཨན་སློབ་ཆེན་གྱི་སྤུས་ལེགས་ཐོན་ཁུངས་ལ་བརྟེན་ནས་ཁྲང་ཨན་སློབ་ཆེན་གྱི་སློབ་གཉེར་ཁྱད་ཆོས་རྒྱུན་འཛིན་བྱས་ཡོད། དེང་རབས་ཀྱི་ཚན་རིག་ལག་རྩལ་འཕེལ་རྒྱས་འགྲོ་ཕྱོགས་དང་ས་གནས་ཀྱི་དཔལ་འབྱོར་འཛུགས་སྐྲུན་གྱི་དགོས་མཁོར་གཞིགས་ནས་ཆེད་ལས་བཙུགས་ཡོད་དེ། ཨར་སྐྲུན་རིག་པ་དང་། གཞུང་ལམ་དང་ཟམ་པ། བཟོ་ལས་དང་དམངས་སྤྱོད་ཨར་ལས། འགྲིམ་འགྲུལ་སྐྱེལ་འདྲེན། འགྲིམ་འགྲུལ་ལས་གྲྭ། ཨར་ལས་ཁོར་ཡུག་དང་སྒྲིག་ཆས་ལས་གྲྭ། ཁྲོམ་རའི་བྲིན་ཚོ་(རླངས་འཁོར་གཉེར་ཚོང)གློག་རྡུལ་ཆ་འཕྲིན་ལས་གྲྭ། རང་འགུལ་ཅན། འཕྲུལ་ཆས་ཇུས་འགོད་བཟོ་སྐྲུན་དང་དེའི་རང་འགུལ་ཅན(འཁོར་ལོའི་ལས་གྲྭ)ལས་གྲྭ་དོ་དམ(ཨར་ལས་ལས་གྲྭ)གློག་རླངས་ལས་གྲྭ་དང་དེའི་རང་འགུལ་ཅན། སྒྱུ་རྩལ་ཇུས་འགོད། རྩིས་བཤེར་རིག་པ། སྲིད་འཛིན་དོ་དམ་སོགས་ཆེད་ལས14(ཁ་ཕྱོགས)བཙུགས་ཡོད། ཆེད་ལས་འདི་དག་ནི་ཁྲང་ཨན་སློབ་ཆེན་གྱི་ཆེས་ཁྱད་ཆོས་ལྡན་པའི་ཆེད་ལས་ཡིན། ཁྲང་ཨན་སློབ་ཆེན་གྱིས་ཞིན་ཧྭ་སློབ་གླིང་གི་སློབ་ཁྲིད་སྒྲིག་འཛུགས་དང་དོ་དམ་གྱི་འགན་འཁུར་བ་དང་འབྲེལ་སློབ་གླིང་གི་སློབ་ཁྲིད་ཆུ་ཚད་ཀྱི་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་མ་ལག་འཐུས་སྒོ་ཚང་དུ་བཏང་ཡོད། སློབ་གླིང་གི་འགོ་ཁྲིད་དང་། སློབ་ཁྲིད་འགན་འཁུར་བ། སློབ་ཁྲིད་དགེ་རྒན་སོགས་གཙོ་བོ་ཁྲང་ཨན་སློབ་ཆེན་ནས་གདམ་གསེས་གདན་ཞུ་བྱས་པ་རྐྱང་རྐྱང་ཡིན། ཆེད་བསྐོས་དགེ་རྒན230གདན་ཞུ་བྱས་ཡོད་པའི་ནང་དགེ་རྒན་ཆེན་མོ32དང་དགེ་རྒན་ཆེན་མོ་གཞོན་པ176 འཆད་ཁྲིད་དགེ་རྒན20བཅས་ཡོད་པ་དང་། མཐོ་གཞོན་པ་ཡན་གྱི་གོ་མིང་ཡོད་པའི་དགེ་རྒན་གྱིས་དགེ་རྒན་བསྡོམས་འབོར་གྱི 83%ཟིན་ཡོད། ཆེད་བསྐོས་དགེ་རྒན་ཁྲོད་མཐོ་རིམ་གཞོན་པའི་གོ་མིང་ཡོད་མཁན་གྱིས་དགེ་རྒན་བསྡོམས་འབྱོར་གྱི87%བཟུང་བ་དང་རབ་འབྱམས་པ་ཡན་གྱི་བསླབ་གནས་ཡོད་པའི་དགེ་རྒན་གྱིས་དགེ་རྒན་བསྡོམ་འབོར་གྱི94%བཟུང་ཡོད།
གོ་གནས། | རུས་མིང་། |
ཏང་ཨུའི་ཧྲུའུ་ཅི། |
སུང་ལེ། |
གླིང་གཙོ། |
ཝུའུ་ཞིའུ་ཆང་། |
གླིང་གཙོ་གཞོན་པ། |
དབྱང་ཙའེ་ཧྭ་དང་ཀུའུ་ཅན་གོ། |
ཏང་ཨུའི་ཧྲུའུ་ཅི་གཞོན་པ། |
ཀུའོ་ཙི་ལི། |