ཞི་ཨན་རང་བྱུང་རིག་པ་དང་བཟོ་རིག་སློབ་ཆེན་གྱི་མཐོ་རིམ་ཚན་རྩལ་སློབ་གླིང་།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2020-11-25 11:44ལ་འགྲུབ།

ཞི་ཨན་རང་བྱུང་རིག་པ་དང་བཟོ་རིག་སློབ་ཆེན་གྱི་མཐོ་རིམ་ཚན་རྩལ་སློབ་གླིང་།

ཞི་ཨན་རང་བྱུང་རིག་པ་དང་བཟོ་རིག་སློབ་ཆེན་གྱི་མཐོ་རིམ་ཚན་རྩལ་སློབ་གླིང་།
ཞི་ཨན་རང་བྱུང་རིག་པ་དང་བཟོ་རིག་སློབ་ཆེན་གྱི་མཐོ་རིམ་ཚན་རྩལ་སློབ་གླིང་ནི་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཆོག་མཆན་གནང་ནས་བཙུགས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞིའི་སྒེར་ཚུགས་སློབ་གླིང་དཀྱུས་མ་ཞིག་ཡིན། ཤེས་རམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་ལས་ཁུངས་ཀྱང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
西安理工大学高科学院
དབྱིན་ཡིག་གི་མིང་།
The Hi-tech College of Xi'an University of Technology
བཙུགས་ལོ།
སྤྱི་ལོ2006ལོར་བཙུགས།
སློབ་གྲྭའི་རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་རིགས།
སློབ་སྒྲུབ་ངོ་བོ།
སྒེར་བཙུགས་སློབ་གྲྭ།
སློབ་གྲྭའི་ཁྱད་ཆོས།
དངོས་གཞི་དཀྱུས་མའི་སློབ་གྲྭ།
གཙོ་གཉེར་ཚན་པ།
ཧྲའན་ཞི་ཞིང་ཆེན་སློབ་གསོ་ཐིང་།
དངོས་གཞིའི་ཆེད་ལས།
16ཡོད།
གཞུང་ཕྱོགས་དྲ་གནས།
http://www.xthtc.com
སློབ་གྲྭའི་ཚབ་ཨང་།
14041
1 སློབ་སྒྲུབ་ཆ་རྐྱེན།
1_1 སློབ་གླིང་གི་ཆེད་ལས།

སློབ་གླིང་གིས་ཞི་ཨན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་ལེགས་ཆའི་ཆེད་ལས་དང་ཁྱད་ལྡན་ཆེད་ལས་རྒྱུན་འཛིན་བྱས་ནས། འཕྲུལ་ཆས་ཇུས་འགོད་བཟོ་སྐྲུན་དང་དེའི་རང་འགུལ་ཅན་དང་། གློག་རླངས་བཟོ་སྐྲུན་དང་དེའི་རང་འགུལ། ཆུ་བེད་ཆུ་གློག་བཟོ་སྐྲུན། ས་ཤིང་བཟོ་སྐྲུན། ཐུམ་སྒྲིལ་བཟོ་སྐྲུན། གློག་རྡུལ་ཆ་འཕྲིན་བཟོ་སྐྲུན། རྩིས་འཁོར་ཚན་རིག་དང་ལག་རྩལ། བཟོ་སྐྲུན་དོ་དམ། ནོར་དོན་དོ་དམ། དབྱིན་ཡིག ཆ་འཕྲིན་དོ་དམ་དང་བརྡ་འཕྲིན་མ་ལག མཉེན་ཆས་བཟོ་སྐྲུན། བཟོ་ལས་ཇུས་འགོད། ཐོན་རྫས་ཇུས་འགོད། རྩིས་བཤེར་རིག་པ། རྒྱལ་སྤྱིའི་དཔལ་འབྱོར་དང་ཉོ་ཚོང་སོགས་དངོས་གཞིའི་ཆེད་ལས16བཙུགས་ནས་རྒྱལ་ཡོངས་ལ་ཁ་ཕྱོགས་ནས་སློབ་མ་བསྡུ་བཞིན་ཡོད།

1_2 དགེ་རྒན་གྱི་དཔུང་སྡེ།

སློབ་གླིང་གིས་ཞི་ཨན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱིས་ལོ་མང་པོའི་རིང་རིག་གནས་གསོག་འཇོག་བྱས་པ་རྒྱུན་འཛིན་བྱས་ཡོད་པ་དང་། རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་སྤུས་ལེགས་སློབ་ཁྲིད་ཐོན་ཁུངས་མཉམ་སྤྱོད། རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་སྐད་གྲགས་ཅན་གྱི་འབུམ་རམས་པའི་སློབ་དཔོན་དང་། དགེ་རྒན་ཆེན་མོ། འབུམ་རམས་པ་བཅས་འབོར་ཆེན་ཞིག་གིས་རིག་ཚན་དང་ཆེད་ལས་ཁག་གི་འཛུགས་སྐྲུན་འགན་འཁུར་བཞིན་ཡོད། མཐོ་རིམ་ཡན་གྱི་གོ་མིང་ཡོད་པའི་དགེ་རྒན་གྱིས་དགེ་རྒན་བསྡོམས་འབོར་གྱི70%ཡན་བཟུང་ཡོད།

1_3 སློབ་ཁྲིད་འཛུགས་སྐྲུན།

སློབ་གླིང་གིས་ཞི་ཨན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་སློབ་ཁྲིད་འདུ་ཤེས་དང་སློབ་ཁྲིད་དོ་དམ་བྱེད་སྟངས་རྒྱུན་འཛིན་བྱས་ནས་སློབ་གསོ་སློབ་ཁྲིད་བྱེད་བཞིན་ཡོད་དེ། སྣ་མང་ཅན་དང་། ཉེར་སྤྱོད་ཅན། གསར་གཏོད་ཅན་བཅས་ཀྱི་བྱང་ཚད་མཐོ་བའི་འཇོན་མི་གསོ་སྐྱོང་བྱེད་སྟངས་དང“ཕུལ་བྱུང་བཟོ་བཀོད་པ”ཡི་འཇོན་མི་གསོ་སྐྱོང་བྱེད་ཐབས། ཕྱོགས་བསྡུས་བྱང་ཚད་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་ལས་གནས་དང་འཕྲོད་ནུས་ཧ་ཅང་ཆེན་པོ་ལྡན་པའི་ཉེར་སྤྱོད་ཅན་གྱི་མཐོ་རིམ་གསོ་སྐྱོང་གསོ་སྐྱོང་གཙོར་འཛིན་བཞིན་ཡོད་པས། སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་ཕྱོགས་བསྡུས་འགྲན་རྩོད་ནུས་པར་མི་སྤྱོད་ཚན་པའི་གདེང་འཇོག་ཡག་པོ་མགྲིན་གཅིག་ཏུ་ཐོབ་ཡོད།

ལོ་རེར་རྒྱལ་ཡོངས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སློབ་ཞུགས་རྒྱུགས་སྤྲོད་དུ་ཞུགས་པའི་མི་གྲངས་སློབ་གྲྭར་ཡོད་པའི་སློབ་མའི་བརྒྱ་ཆའི13ཟིན་ཡོད།

2 སློབ་གྲྭའི་འགོ་ཁྲིད།

འགོ་ཁྲིད་གཙོ་བོ།

གོ་གནས།
རུས་མིང་།
སློབ་གཙོ།
 ལི་ཡན།
ཏང་ཨུའི་ཧྲུའུ་ཅི། 
ཧོང་ཡོན།
སློབ་གཙོ་གཞོན་པ། 
ཧུའུ་ཝེ་པིང་།

དཔྱད་གཞིའི་ཡིག་ཆ།