སྤྱི་ལོ2006ལོའི་ཟླ4བའི་ཚེས13ཉིན། སློབ་གསོ་པུའུ་ཡིས་བསྒྲགས་ཡིག《ཞི་ཨན་ཚན་རྩལ་སློབ་གྲྭ་ཆེན་མོའི་ཀའོ་ཞིན་སློབ་གླིང་ཚོད་གཉེར་བྱ་རྒྱུའི་མོས་མཐུན་བྱ་རྒྱུའི་སྐོར་གྱི་སློབ་གསོ་པུའུ་ཡི་མཆན་བཀོད་བཀའ་ལན》ཆོག་མཆན་ཐོབ་ནས་ཞི་ཨན་ཚན་རྩལ་སློབ་ཆེན་དང་ཧྲའན་ཞི་ཞིས་ཁོའོ་མེ་ཞིན་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སི་དང་ཞི་ཨན་ཚན་རྩལ་སློབ་གྲྭ་ཆེན་མོའི་ཀའོ་ཞིན་སློབ་གླིང་མཉམ་ལས་ཚོད་གཉེར་བྱ་རྒྱུར་མོས་མཐུན་བྱུང་བ་དང་། སྤྱི་ལོ2006ལོའི་ཟླ4བའི་ཚེས23ཉིན། སློབ་གྲྭའི་འགོ་ཁྲིད་ཀྱིས་ཙི་ཝུའུ་ལམ་ཆེན་གྱི་ཆིན་ལིན་བྱང་འདབས་ཀྱི་སྔོ་འགྱུར་ས་རྒྱུད་དང་བར་ཐག་སྨི1000ལྷག་ཡོད་པའི་སྔོན་གྱི་པེ་ལིའང་ཤོག་བུ་བཟོ་གྲྭ་དེ་སློབ་གྲྭའི་གནས་ཡུལ་དུ་བྱ་རྒྱུའི་ཐག་བཅད། སྤྱི་ལོ2006ལོའི་ཟླ6པའི་ཚེས1ཉིན་ཧྲའན་ཞི་ཞིང་ཆེན་སློབ་གསོ་ཐིང་གིས་སྤེལ་བའི《ཞི་ཨན་ཚན་རྩལ་སློབ་གྲྭ་ཆེན་མོའི་ཀའོ་ཞིན་སློབ་གླིང་ཚོད་གཉེར་བྱ་རྒྱུའི་སྐོར་གྱི་ཧྲའན་ཞི་ཞིང་ཆེན་སློབ་གསོ་ཐིང་གི་མཆན་བཀོད་བཀའ་ལན》གྱིས་སློབ་གྲྭ་འཛུགས་རྒྱུར་ཆོག་མཆན་སྤྲད།
སྤྱི་ལོ2007ལོའི་ཟླ1པོ་ནས་ཟླ6པའི་བར། སློབ་གྲྭས་གཞི་ཁྱོན་ཆེ་བའི་རྨང་གཞིའི་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། སློབ་ཁུལ་བྱང་མའི་རྨང་གཞིའི་སྒྲིག་བཀོད་གཞི་རྩའི་ཆ་ནས་འཐུས་ཚང་དུ་བཏང་།
སྤྱི་ལོ2010ལོའི་ཟླ4བར་སློབ་གྲྭའི་ཚགས་པར《ཚན་རིག་སློབ་ཆེན་གྱི་ཀའོ་ཞིན་ཚགས་པར》དངོས་སུ་བཏོན།
སྤྱི་ལོ2011ལོའི་ཟླ4བར། ཞི་ཨན་གློག་རྡུལ་ཚན་རྩལ་སློབ་ཆེན་དཔེ་སྐྲུན་ཁང་དང་སློབ་གྲྭ་གཉིས་བར་གྲོས་མཐུན་བྱུང་ནས། ཞི་ཨན་གློག་རྡུལ་ཚན་རྩལ་སློབ་ཆེན་དཔེ་སྐྲུན་ཁང་གི་ཀའོ་ཞིན་ཡན་ལག་ཁང་བཙུགས་པ་ཁྱབ་བསྒྲགས་བྱས།
སྤྱི་ལོ2014ལོའི་ཟླ5བར་སློབ་གྲྭ་དང་ལེའོ་ཉིང་བཟོ་སྐྲུན་ལག་རྩལ་སློབ་ཆེན་གྱིས་མཉམ་འབྲེལ་ཐོག་ལས་ཐོག་ཞིབ་འཇུག་སློབ་མའི་གསོ་སྦྱོང་ལས་གཞི་བཙུགས།
སྤྱི་ལོ2015ལོར་སློབ་གྲྭ་དེ་ཧྲའན་ཞི་ཞིང་ཆེན་གྱི་ཉེར་སྤྱོད་ལག་རྩལ་རིགས་ཀྱི་སློབ་གླིང་དང་སློབ་གྲྭ་ཧྲིལ་པོར་ཕྱོགས་སྒྱུར་བྱེད་པའི་ཚོད་ལྟའི་མཐོ་སློབ་ཁག་དང་པོར་གྱུར། སྤྱི་ལོ2015ལོར། སློབ་གྲྭ་ཉེར་སྤྱོད་ལག་རྩལ་སློབ་ཆེན(སློབ་གླིང)མནའ་འབྲེལ་ནང་ཞུགས་ནས་མནའ་འབྲེལ་ཚན་པར་གྱུར།
སྤྱི་ལོ2016ལོར་སློབ་གྲྭའི་ལས་གཏོད་ཐོན་ལས་རྟེན་གཞི་ཧྲའན་ཞི་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་ཧྲའན་ཞི་ཞིང་ཆེན་གྱི་སྤྱི་ལོ2016ལོའི་རིག་གནས་ཐོན་ལས་དང་དམངས་འཚོ་ལེགས་གཏོང་འདུ་འགོད་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ནང་བདམས། ཧྲའན་ཞི་ཞིང་ཆེན་སློབ་གསོ་ཐིང་གིས་སྤྱི་ལོ2016ལོའི་མཐོ་རིམ་སློབ་གྲྭའི་གསར་གཏོད་ལས་གཏོད་སློབ་གསོ་སྒྱུར་བཅོས་ཚོད་ལྟའི་སློབ་གླིང་(ཚན་ཁག)འཛུགས་སྐྲུན་རྣམ་གྲངས་ལ་གཏན་འཁེལ་བྱས།
སྤྱི་ལོ2017ལོར་ཧྲའན་ཞི་ཞིང་ཆེན་ཕྱོགས་བསྡུས་བཅོས་སྐྱོང་གཞུང་དོན་ཁང་དང་། ཞིང་ཨུའི་མཐོ་རིམ་སློབ་གསོ་ལས་དོན་ཨུ་ལྷན། ཞིང་ཆེན་སྤྱི་བདེ་ཐིང་བཅས་ཀྱིས་སློབ་གྲྭར་ཞིང་ཆེན་རིམ་པའི“བདེ་འཇགས་སློབ་གྲྭ”ཡི་མཚན་སྙན་སྤྲད།
སྤྱི་ལོ2019ལོའི་ཟླ6པར་སློབ་གྲྭའི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། སློབ་གྲྭར་ཡན་ལག་སློབ་གླིང5དང་། སློབ་ཁྲིད་པུའུ3 དངོས་གཞིའི་ཆེད་ལས37 ཆེད་སྦྱོང་ཆེད་ལས11བཅས་བཙུགས་ཡོད།
སློབ་གླིང་དབྱེ་ནས་(སློབ་ཁྲིད་པུའུ)སྒྲིག་བཀོད།
ཞི་ཨན་ཚན་རྩལ་སློབ་གྲྭ་ཆེན་མོའི་ཀའོ་ཞིན་སློབ་གླིང་གི་གྲོང་ཁྱེར་འཛུགས་སྐྲུན་སློབ་གླིང་། |
ཞི་ཨན་ཚན་རྩལ་སློབ་གྲྭ་ཆེན་མོའི་ཀའོ་ཞིན་སློབ་གླིང་གི་དཔལ་འབྱོར་དང་དོ་དམ་སློབ་གླིང་། |
ཞི་ཨན་ཚན་རྩལ་སློབ་གྲྭ་ཆེན་མོའི་ཀའོ་ཞིན་སློབ་གླིང་གི་ཆ་འཕྲིན་དང་ཚན་རྩལ་བཟོ་སྐྲུན་སློབ་གླིང་། |
ཞི་ཨན་ཚན་རྩལ་སློབ་གྲྭ་ཆེན་མོའི་ཀའོ་ཞིན་སློབ་གླིང་གི་རྒྱལ་སྤྱིའི་སློབ་གསོ་དང་མི་ཚུལ་སྒྱུ་རྩལ་སློབ་གླིང་། |
ཞི་ཨན་ཚན་རྩལ་སློབ་གྲྭ་ཆེན་མོའི་ཀའོ་ཞིན་སློབ་གླིང་གི་སྨྱན་སྦྱོར་གསར་པ་དང་སྒྱུ་རྩལ་སློབ་གླིང་། |
ཞི་ཨན་ཚན་རྩལ་སློབ་གྲྭ་ཆེན་མོའི་ཀའོ་ཞིན་སློབ་གླིང་གི་བསམ་བློ་ཆབ་སྲིད་གཞུང་ལུགས་སློབ་ཁྲིད་ཚན་ཞིབ་པུའུ། |
ཞི་ཨན་ཚན་རྩལ་སློབ་གྲྭ་ཆེན་མོའི་ཀའོ་ཞིན་སློབ་གླིང་གི་སྤྱི་པའི་རྨང་གཞི་པུའུ། |
ཞི་ཨན་ཚན་རྩལ་སློབ་གྲྭ་ཆེན་མོའི་ཀའོ་ཞིན་སློབ་གླིང་གི་ལུས་རྩལ་པུའུ། |
སྤྱི་ལོ2018ལོའི་ཟླ12པར་སློབ་གྲྭའི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། སློབ་གླིང་དུ་དགེ་རྒན618ཡོད་པ་དེའི་ནང་། ཆེད་བསྐོས་དགེ་རྒན370དང་ཕྱི་ནས་གདན་ཞུ་བྱས་པའི་དགེ་རྒན248 སློབ་གྲྭ་ཡོངས་ཀྱི་ཆེད་གཉེར་དགེ་རྒན་ནང་། མཐོ་རིམ་གོ་མིང་ཡོད་པའི་དགེ་རྒན117 འབྲིང་རིམ་གོ་མིང་ཡོད་པའི་དགེ་རྒན128 དམའ་རིམ་གོ་མིང་ཡོད་པའི་དགེ་རྒན25ཡོད་པ་དང་མཐོ་རིམ་གོ་མིང་ཡོད་པའི་དགེ་རྒན་གྱིས་ཆེད་བསྐོས་དགེ་རྒན་བསྡོམས་འབོར་གྱི31.6%བཟུང་ཡོད། འབུམ་རམས་པའི་བསླབ་གནས་ཡོད་པའི་དགེ་རྒན21 རབ་འབྱམས་པའི་བསླབ་གནས་ཡོད་པའི་དགེ་རྒན199 རབ་འབྱམས་པ་དང་དེ་ཡན་གྱི་བསླབ་གནས་ཡོད་པའི་དགེ་རྒན་གྱིས་ཆེད་བསྐོས་དགེ་རྒན་བསྡོམས་འབོར་གྱི59.46%ཟིན་ཡོད། ཞི་ཨན་ཚན་རྩལ་སློབ་ཆེན་གྱི་ཕུལ་བྱུང་དགེ་རྒན་དང་སློབ་གླིང་གི་ཆེད་བསྐོས་དགེ་རྒན་གྱིས་རྐང་འཛིན་དུ་བྱས་ཡོད་པ་དང་། ཁེ་ལས་ཀྱི“ཉིས་མཇོན་རྣམ་པའི་དགེ་རྒན”གྱིས་རམ་འདེགས་བྱེད་པའི་དགེ་རྒན་གྱི་དཔུང་ཁག་ཅིག་བཙུགས་ཡོད།
ཞིང་ཆེན་རིམ་པའི་སློབ་ཁྲིད་ཚོགས་པ1ཡོད།
ཚོགས་པའི་མིང་། |
སྣེ་འཁྲིད་པ། |
གོ་མིང་། |
ཁོངས་གཏོགས་ཚན་པ། |
ནུས་ཁུངས་དང་སྒུལ་ཤུགས་བཟོ་སྐྲུན་ཆེད་ལས་སློབ་ཁྲིད་ཚོགས་པ། |
ཅིས་ཁྲང་ཧྥ། |
དགེ་རྒན་ཆེན་མོ། |
ཆ་འཕྲིན་དང་ཚན་རྩལ་བཟོ་སྐྲུན་སློབ་གླིང་། |
སྤྱི་ལོ2018ལོའི་ཟླ6པའི་བར། ཧྲའན་ཞི་ཞིང་ཆེན་སློབ་གསོ་ཐིང་གི་གཞུང་ཕྱོགས་དྲ་ཚིགས་དང་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཀྱི་བསྡོམས་རྩིས་ལ་གཞིགས་ན། སློབ་གྲྭར་ཧྲའན་ཞི་ཞིང་ཆེན་མཐོ་སློབ་ཀྱི“ཆེད་ལས་རྩེ་གྲ”3ཡོད་པ་དང་། ཞིང་ཆེན་རིམ་པའི་ཕྱོགས་བསྡུས་བསྒྱུར་བཅོས་ཚོད་ལྟ་བྱེད་གནས་ཀྱི་ཆེད་ལས1 ཞིང་ཆེན་རིམ་པའི་སྤུས་ལེགས་ཐོན་ཁུངས་མཉམ་སྤྱོད་སློབ་ཚན1 ཞིང་ཆེན་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས3 ཞིང་ཆེན་རིམ་པའི་འཇོན་མི་གསོ་སྐྱོང་བྱེད་སྟངས་གསར་གཏོད་ཚོད་ལྟ་ཁུལ1བཅས་བཙུགས་ཡོད།
ཞིང་ཆེན་རིམ་པའི་མཐོ་སློབ་ཀྱི“ཆེད་ལས་རྩེ་གྲ”ནུས་ཁུངས་དང་སྒུལ་ཤུགས་འདུ་འགོད། རྒྱ་སྐད་རྒྱལ་སྤྱིའི་སློབ་གསོ། ནོར་དོན་དོ་དམ།
ཞིང་ཆེན་རིམ་པའི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ཆེད་ལས། ནུས་རྒྱུ་དང་སྒུལ་ཤུགས་ལས་གྲྭ།
ཆེད་ལས་རྩེ་གྲ་འཛུགས་སྐྲུན་གྱི་ལས་གཞི། ནུས་ཁུངས་དང་སྒུལ་ཤུགས་ལས་གཞི།
ཞིང་ཆེན་རིམ་པའི་སྤུས་ལེགས་ཐོན་ཁུངས་མཉམ་སྤྱོད་སློབ་ཚན། གློག་ལས་གློག་རྡུལ་ལག་རྩལ།
ཞིང་ཆེན་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས། ནུས་རྒྱུ་ལྟ་ཞིབ་ཚད་ལེན་ཚོད་ལྟའི་སློབ་ཁྲིད་ལྟེ་གནས་དང་། དཔལ་འབྱོར་དང་དོ་དམ་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས། ཨར་ལས་ལས་གྲྭའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས།
ཞིང་ཆེན་རིམ་པའི་འཇོན་མི་གསོ་སྐྱོང་བྱེད་སྟངས་གསར་གཏོད་ཚོད་ལྟ་ཁུལ། ནུས་རྒྱུའི་འདུ་འགོད་གསར་གཏོད་ཚོད་ལྟ་ཁུལ།
སྤྱི་ལོ2018ལོའི་ཟླ6པའི་བར་སློབ་གྲྭའི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། སྤྱི་ལོ2017ལོར་སློབ་གྲྭས་རིག་ཚན་འགྲན་བསྡུར་ནང་རྒྱལ་ཁབ་རིམ་པའི་བྱ་དགའ་ཁག3དང་ཞིང་ཆེན་རིམ་པ་ཡན་གྱི་བྱ་དགའ་ཁག5ཐོབ་ཡོད། ཚན་ཞིབ་ཐད“རྡོ་སོལ་ལས་རིགས་ཀྱི་བྱང་ཚད་མཐོ་བའའི་ལག་རྩལ་འཇོན་མི་གསོ་སྐྱོང་བྱེད་སྟངས་སྒྱུར་བཅོས་དང་ལག་ལེན”གྱི་ལས་གཞི་ལ་རྒྱལ་ཡོངས་རྡོ་སོལ་ལས་རིགས་ཀྱི་སློབ་གསོ་སློབ་ཁྲིད་ཀྱི་གྲུབ་འབྲས་བྱ་དགའི་བྱ་དགའ་ཨང་དང་པོ་ཐོབ།
སྤྱི་ལོ2014ལོ་ཧྲིལ་བོར་སློབ་གྲྭའི་དགེ་རྒན་གྱིས་རིགས་སོ་སོའི་རིག་གཞུང་དཔྱད་རྩོམ34སྤེལ་བ་དང་ཆབས་ཅིག སློབ་གྲྭས་ཚན་རིག་ཞིབ་འཇུག་གི་ལས་གཞི་མང་པོ་ཞིག་གི་འགན་འཁུར་ཡོད། ཞི་ཨན་གྲོང་ཁྱེར་གྱི་ཚན་རྩལ་གྲུབ་འབྲས་གལ་ཆེན་ཐོན་ལས་ཅན་གྱི་ཁྱབ་གདལ་ལས་གཞིའི་ནང་ཚུད་པའི་ལས་གཞི་དང་། “མཐོ་སློབ་རྒྱབ་ཕྱོགས་མཁོ་སྒྲུབ་གྲངས་འཛིན་ཅན་གྱི་དོ་དམ་མ་ལག”ཞི་ཨན་གྲོང་ཁྱེར་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་གི་གཙོ་གནད་རྒྱབ་སྐྱོར་ལས་གཞི་ནང་ཚུད། “ཉི་ནུས་ལྷུ་ལག་རྣམ་པའི་ཞིབ་དཔྱད་ཚད་ལེན་མ་ལག་དང་ཐོན་ལས་ཅན”ཧྲའན་ཞི་ཞིང་ཆེན་གྱི་ཉི་ནུས་འོད་ཤུགས་དང་གློག་འདྲེན་ཕྱེད་གཟུགས་གློག་སྒྲོན་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་ལས་གཞི་ནང་ཚུད། མཐོ་སློབ་ཀྱི་ཆུ་གློག་ཐོན་ཁུངས་དོ་དམ་ཆ་འཕྲིན་ཅན་གྱི་མ་ལག་ཞི་ཨན་གྲོང་ཁྱེར་བཟོ་འཕྲིན་ཨུ་ཡོན་ལྷན་ཁང་གི་ཆ་འཕྲིན་ཐོན་ལས་འཕེལ་རྒྱས་རོགས་སྐྱོར་གྱི་ཆེད་དོན་ལས་གཞི་ནང་ཚུད། LEDགློག་སྒྲོན་དཔེ་སྟོན་ལས་གྲྭ”ཞི་ཨན་གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་ཆེད་དམིགས་ཐེབས་རྩའི་རྒྱབ་སྐྱོར་ལས་གཞིའི་ནང་ཚུད། སོལ་གཏེར་ཝ་སི་སྔོན་དཔག་དབྱེ་ཞིབ་མ་ལག་དང་གཏེར་ཁྲོན་རླུང་རྒྱུག་དབྱེ་ཞིབ་མ་ལག་སོགས་ཧྲའན་ཞི་ཧོང་ལིང་རྡོ་སོལ་ལས་རིགས་ཚོགས་པ་ཀུང་སི་དང་། ཞིན་ཅང་རྡོ་སོལ་བསྲེགས་མ་ཚོགས་པ་ཀུང་སི། ཧྲེན་ཧྭ་ཉིང་རྡོ་སོལ་ཚོགས་པ་ཀུང་སི་སོགས་རྡོ་སོལ་ལས་རིགས་ཚོགས་པ་ཆེ་གྲས་སུ་སྤྱད་ཡོད།
སྤྱི་ལོ2018ལོའི་ཟླ6པར་སློབ་གྲྭའི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། སློབ་གྲྭར་ཞི་ཨན་གྲོང་ཁྱེར་གྱི་གཙོ་གནད་ལས་གྲྭའི་ཚོད་ལྟ་ཁང1དང་སློབ་གྲྭ་རིམ་པའི་ཞིབ་འཇུག་སྒྲིག་གཞི4ཡོད།
ཞི་ཨན་གྲོང་ཁྱེར་གྱི་གཙོ་གནད་ལས་གྲྭའི་ཚོད་ལྟ་ཁང་། ཉི་འོད་ནུས་པའི་རིག་ནུས་ལྟ་ཞིབ་ཚད་ལེན་ལས་གྲྭའི་ཚོད་ལྟ་ཁང་།
སློབ་གྲྭ་རིམ་པའི་ཞིབ་འཇུག་སྒྲིག་གཞི། སྒུལ་བདེའི་དྲ་སྦྲེལ་ཉེར་སྤྱོད་ལག་རྩལ་ཞིབ་འཇུག་ཁང་དང་། ཨར་ལས་ལས་གྲྭ་དང་རྒྱན་སྤྲས་ཇུས་འགོད་བེད་སྤྱོད་ཞིབ་འཇུག་ཁང་། ནུས་ཁུངས་གྲོན་ཆུང་ལག་རྩལ་བེད་སྤྱོད་ཞིབ་འཇུག་ཁང་། སྨྱན་སྦྱོར་གསར་པའི་ཞིབ་འཇུག་ཁང་།
སྤྱི་ལོ2018ལོའི་ཟླ12པར་སློབ་གྲྭའི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། སློབ་གྲྭའི་དཔེ་མཛོད་ཁང་དུ་ཚད་ལྡན་ཤོག་བུའི་ཡིག་ཆ་ཁྲི87.5དང་གློག་རྡུལ་དཔེ་དེབ་ཁྲི245 རིག་གཞུང་གློག་རྡུལ་དུས་དེབ7800དང་། བསླབ་གནས་དཔྱད་རྩོམ་ཁྲི430ལྷག་ཉར་ཚགས་བྱས་ཡོད་པ་དང་། གཞི་གྲངས་མཛོད6བཅས་ཡོད། གཞན་དཔེ་མཛོད་ཁང་གིས་ཀྲུང་གོའི་རྒྱལ་ནང་གི་མཉམ་སྤྱོད་ཐོན་ཁུངསCALISབརྒྱུདNSTLཡི་ནང་གི་ཀློག་པ་པོར་ཕྱི་ཡིག་གི་དུས་དེབ་མཁོ་འདོན་བྱས་ཡོད།
ད་ལྟའི་འགོ་ཁྲིད།
གོ་གནས། |
རུས་མིང་། |
ཏང་ཨུའི་ཧྲུའུ་ཅི། |
ཝང་རེན། |
གླིང་གཙོ། |
ཀྲའོ་ཅན་ཧུའེ། |
ཏུང་ཧྲི་ཀྲང་། |
སུན་ལུང་ཅེ། |
རྒྱུན་ལས་གླིང་གཙོ་གཞོན་པ། |
ཀྲང་ཧྲུའུ་ཕིན། |
གླིང་གཙོ་གཞོན་པ། |
ཝུང་ལེན་ཀྲེང་། ཕན་ཧའོ། ཏུང་ཧྲི་ཕིན། ཀྲང་ཁྲེན། ཧྲི་ཧྥེང་། |