ཧྲའན་ཞི་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2020-11-24 16:37ལ་འགྲུབ།

ཧྲའན་ཞི་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་།

ཧྲའན་ཞི་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་།
ཧྲའན་ཞི་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་གི་བསྡུས་མིང་ལ“ཧྲའན་ཞི་བཟོ་ལས་སློབ་གླིང”ཞེས་ཟེར་ཞིང་། ཧྲའན་ཞི་ཞན་དབྱང་དུ་གནས་པའི“རྒྱལ་ཁབ་ཀྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གྲྭ”དང་། རྒྱལ་ཁབ་ཀྱི་ཁག་དང་པོའི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཚན་པ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
陕西工业职业技术学院
དབྱིན་ཡིག་གི་མིང་།
Shaanxi Polytechnic Institute
བཙུགས་ལོ།
སྤྱི་ལོ1950ལོར་བཙུགས།
སློབ་གྲྭའི་རིགས་དབྱེ།
ཕྱོགས་བསྡུས་རིགས།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་ཁྱད་ཆོས།
རྒྱལ་ཁབ་ཀྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གྲྭ།
གཙོ་གཉེར་ཚན་པ།
ཧྲའན་ཞི་ཞིང་ཆེན།
མཐོ་རིམ་ལས་རིགས་ཆེད་ལས།
65ཡོད།
སློབ་བཙུགས་དུས་ཆེན།
ཟླ11པའི་ཚེས15ཉིན།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
གྲངས་འཛིན་བཟོ་སྐྲུན་སློབ་གླིང་། གློག་རླངས་བཟོ་སྐྲུན་སློབ་གླིང་། རྒྱུ་ཆ་བཟོ་སྐྲུན་སློབ་གླིང་། ཆ་འཕྲིན་བཟོ་སྐྲུན་སློབ་གླིང་། བཟོ་ཚོང་དོ་དམ་སློབ་གླིང་། དངོས་ཟོག་སྐྱེལ་འདྲེན་དོ་དམ་སློབ་གླིང་སོགས་ཡོད།
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1950ལོར་སྒེར་བཙུགས་ཡུང་ཞིང་མཐོ་རིམ་བཟོ་ལས་ལས་རིགས་སློབ་གྲྭའི་མིང་ལ་ནུབ་བྱང་བཟོ་ལས་པུའུ་མཐོ་རིམ་བཟོ་ལས་ལས་རིགས་སློབ་གྲྭ་ཞེས་བསྒྱུར།

སྤྱི་ལོ1951ལོར་ནུབ་བྱང་བཟོ་ལས་པུའུ་ཡི་མཐོ་རིམ་བཟོ་ལས་ལས་རིགས་སློབ་གྲྭའི་མིང་ལ་ནུབ་བྱང་བཟོ་ལས་ལག་རྩལ་སློབ་གྲྭ་ཞེས་བསྒྱུར།

སྤྱི་ལོ1962ལོར་ཧྲའན་ཞི་ཞིང་ཆེན་ཞན་དབྱང་འཕྲུལ་ཆས་བཟོ་སྐྲུན་སློབ་གྲྭའི་མིང་ལ་འཕྲུལ་ཆས་བཟོ་ལས་པུའུ་དང་པོའི་ཞན་དབྱང་འཕྲུལ་ཆས་བཟོ་སྐྲུན་སློབ་གྲྭ་ཞེས་བསྒྱུར།

སྤྱི་ལོ1966ལོར་ཧྲང་ཧའེ་འབྲིང་རིམ་འཕྲུལ་འཁོར་ལག་རྩལ་སློབ་གྲྭ(ཆ་ཤས)འཕྲུལ་ཆས་བཟོ་ལས་པུའུ་དང་པོའི་ཞན་དབྱང་འཕྲུལ་ཆས་བཟོ་སྐྲུན་སློབ་གྲྭར་ཟླ་སྒྲིལ་བཏང་།

སྤྱི་ལོ1969ལོར་འཕྲུལ་ཆས་བཟོ་ལས་པུའུ་དང་པོའི་ཞན་དབྱང་འཕྲུལ་ཆས་བཟོ་སྐྲུན་སློབ་གྲྭའི་མིང་ལ་ཞན་དབྱང་འཕྲུལ་ཆས་བཟོ་སྐྲུན་སློབ་གྲྭ་ཞེས་བསྒྱུར།

སྤྱི་ལོ1979ལོར་ཧྲའན་ཞི་འཕྲུལ་ཆས་བཟོ་ལས་ལས་བཟོའི་སློབ་ཆེན་བཙུགས།

སྤྱི་ལོ1992ལོར་ཞན་དབྱང་འཕྲུལ་ཆས་བཟོ་སྐྲུན་སློབ་གྲྭ་དེ་ཧྲའན་ཞི་ཞིང་ཆེན་འཕྲུལ་ཆས་ལས་བཟོ་པའི་སློབ་ཆེན་དུ་ཟླ་སྒྲིལ་བཏང་།

སྤྱི་ལོ1999ལོར་ཧྲའན་ཞི་འཕྲུལ་ཆས་བཟོ་ལས་ལས་བཟོའི་སློབ་ཆེན་དང་ཞན་དབྱང་འཕྲུལ་ཆས་བཟོ་སྐྲུན་སློབ་གྲྭ་ཟླ་སྒྲིལ་བཏང་ནས་ཧྲའན་ཞི་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་དུ་རིམ་སྤོར་བྱས།

སྤྱི་ལོ2006ལོར་ཧྲའན་ཞི་ཞིང་ཆེན་འཁེལ་འཐག་བཟོ་ལས་ཀུང་སིའི་ལས་བཟོ་པའི་སློབ་གྲྭ་ཆེན་མོ་དང་། ཞན་དབྱང་འཁེལ་འཐག་བཟོ་ལས་སློབ་གྲྭ། ཧྲའན་ཞི་ཞིང་ཆེན་འཁེལ་འཐག་ལག་རྩལ་སློབ་གླིང་བཅས་ཟླ་སྒྲིལ་བཏང་ནས་ཧྲའན་ཞི་ཞིང་ཆེན་འཁེལ་འཐག་གྱོན་ཆས་ལས་རིགས་ལག་རྩལ་སློབ་གླིང་དུ་རིམ་སྤོར་བྱས།

སྤྱི་ལོ2010ལོར་ཧྲའན་ཞི་འཁེལ་འཐག་གྱོན་ཆས་ལས་རིགས་ལག་རྩལ་སློབ་གླིང་ཧྲའན་ཞི་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་དུ་ཟླ་སྒྲིལ་བཏང་།

སྤྱི་ལོ2015ལོར་རྒྱལ་ཁབ་ཀྱི་ཁག་དང་པོའི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཚན་པར་བདམས།

སྤྱི་ལོ2019ལོའི་ཟླ7པར་སློབ་གསོ་པུའུ་ཡིས་རྒྱལ་ཁབ་ཀྱི་སྤུས་ལེགས་ཆེད་སྦྱོང་མཐོ་རིམ་ལས་རིགས་སློབ་གླིང་དུ་གཏན་འཁེལ་བྱས།

2020ལོའི་ཟླ་11ཚེས15ཉིན་རྨ་ཆུ་རྒྱུག་ཁུལ་གྱི་ལས་རིགས་སློབ་གསོའི་མནའ་འབྲེལ་ནང་ཞུགས།

2 སློབ་སྒྲུབ་ཆ་རྐྱེན།
2_1 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2019ལོའི་ཟླ4བའི་བར་སློབ་གླིང་ལ་ཆེད་བསྐོས་དགེ་རྒན་དང་ལས་བཟོ་བ1080ཡོད་པ་དང་སློབ་གླིང་བཙུགས་ཚུན་རིམ་རྩིས་བྱས་ན་དགེ་རྒན་ཆེན་མོ95(རིམ་པ་གཉིས་པའི་དགེ་རྒན་ཆེན་མོ3དང་རིམ་པ་གསུམ་པའི་དགེ་རྒན་ཆེན་མོ10)དང་མཐོ་རིམ་གཞོན་པའི་གོ་མིང་ཡན་གྱི་དགེ་རྒན་ཆེན་མོ439ཡོད། འབུམ་རམས་པ་དང་རབ་འབྱམས་པའི་ཞིབ་འཇུག་སློབ་མ651ཡོད་པ་དང་མི437ཨ་རི་དང་། འཇར་མན། ཉི་ཧོང་། ཨོ་སི་ཁྲུ་ལི་ཡ་སོགས་རྒྱལ་ཁབ་ཏུ་ཞིབ་འཇུག་ཟབ་སྦྱོང་བྱེད་པར་སྐྱོད་མྱོང་ཡོད། རྒྱལ་ཁབ་ཀྱི“མི་ཁྲིའི་འཆར་གཞི”ཡི་སློབ་ཁྲིད་དགེ་རྒན་གྲགས་ཅན1 རྒྱལ་ཁབ་རིམ་པའི་སློབ་ཁྲིད་དགེ་རྒན1 རྒྱལ་ཁབ་རིམ་པའི་སློབ་ཁྲིད་ཚོགས་པ1 རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན3 རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་དགེ་རྒན1 རྒྱལ་ཡོངས་ཀྱི་སློབ་ཁྲིད་དཔེ་ལེགས་དགེ་རྒན1 རྒྱལ་ཡོངས་ཀྱི་ལས་རིགས་སློབ་གསོའི་སྔོན་ཐོན་མི་སྒེར2 རྒྱལ་ཡོངས་ཀྱི་ཕུལ་བྱུང་སློབ་གསོའི་ལས་དོན་པ2 ཧོང་ཡན་ཕེ་ལས་རིགས་སློབ་གསོའི་ཕུལ་བྱུང་དགེ་རྒན3 ཞིང་ཆེན་རིམ་པའི་མངོན་གསལ་དོད་པའི་རིགས་གཅིག་མཁས་ཅན2 ཞིང་ཆེན་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན16 ཞིང་ཆེན་རིམ་པའི་སློབ་ཁྲིད་ཚོགས་པ9 ཞིང་ཆེན་རིམ་པའི་ཕུལ་བྱུང་དགེ་རྒན4 ཞིང་ཆེན་རིམ་པའི་ཀུན་སྤྱོད་དཔེ་ལེགས་དགེ་རྒན2 ཞིང་ཆེན་རིམ་པའི་དགེ་རྒན་དང་ཀུན་སྤྱོད་ཀྱི་སྔོན་ཐོན་མི་སྒེར2བཅས་ཡོད་པ་མ་ཟད། དགེ་རྒན67གྱིས་རྒྱལ་ཡོངས་ཀྱི་ལས་རིགས་མཛུབ་སྟོན་ཨུ་ཡོན་ལྷན་ཁང་དང་། ཆེད་དོན་མཛུབ་སྟོན་ཨུ་ཡོན་ལྷན་ཁང་། སློབ་སྟོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཨུ་ཡོན་བཅས་ཀྱི་འགན་བཞེས་ཡོད།

རྒྱལ་ཁབ་རིམ་པའི་སློབ་ཁྲིད་ཚོགས་པ། 

འཕྲུལ་ཆས་བཟོ་སྐྲུན་དང་རང་འགུལ་ཅན་གྱི་སློབ་ཁྲིད་ཚོགས་པ།

ཞིང་ཆེན་རིམ་པའི་སློབ་ཁྲིད་ཚོགས་པ། 

ཧྲན་ཞི་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་། 

ཧྲའན་ཞི་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་། 

རྩིས་གཉེར་གློག་རྩིས་ཅན་གྱི་ཆེད་ལས་སློབ་ཁྲིད་ཚོགས་པ།

ལུགས་ཆས་ཇུས་འགོད་དང་བཟོ་སྐྲུན་ཆེད་ལས་སློབ་ཁྲིད་ཚོགས་པ།

གློག་ཤུགས་རང་འགུལ་ཅན་ལག་རྩལ་ཆེད་ལས་སློབ་ཁྲིད་ཚོགས་པ།    

དེང་རབས་འཁེལ་འཐག་ལག་རྩལ་ཆེད་ལས་སློབ་ཁྲིད་ཚོགས་པ།    

ཧྲའན་ཞི་ཟོག་འགྲེམས་དོ་དམ་ཆེད་ལས་སློབ་ཁྲིད་ཚོགས་པ།     

རྒྱུ་ཆ་དབྱིབས་གྲུབ་དང་ཚོད་འཛིན་ལག་རྩལ་ཆེད་ལས་སློབ་ཁྲིད་ཚོགས་པ།   

རྩིས་འཁོར་ཆེད་ལས་རྨང་གཞིའི་སློབ་ཚན་ཚོགས་པའི་སློབ་ཁྲིད་ཚོགས་པ།    

འཕྲུལ་འཁོར་ལས་སྣོན་སྒྱུ་རྩལ་གྱི་ཇུས་གཞི་ཇུས་འགོད་དང་ལག་བསྟར་སློབ་ཚན་སློབ་ཁྲིད་ཚོགས་པ།    

གྲངས་འཛིན་ལག་རྩལ་དངོས་སྦྱོང་ལྟེ་གནས་ཀྱི་སློབ་ཁྲིད་ཚོགས་པ།

2_2 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2020ལོའི་ཟླ5བའི་བར། སློབ་གླིང་དུ་འཕྲུལ་ཆས་བཟོ་སྐྲུན་སློབ་གླིང་དང་། རྒྱུ་ཆ་བཟོ་སྐྲུན་སློབ་གླིང་། གློག་ཤུགས་བཟོ་སྐྲུན་སློབ་གླིང་། ཆ་འཕྲིན་བཟོ་སྐྲུན་སློབ་གླིང་། མཁའ་འགྲུལ་བཟོ་སྐྲུན་སློབ་གླིང་། ནོར་སྲིད་དཔལ་འབྱོར་དང་ཡུལ་སྐོར་སློབ་གླིང་། ཚོང་དོན་དང་འཁོར་རྒྱུག་སློབ་གླིང་། རླངས་འཁོར་བཟོ་སྐྲུན་སློབ་གླིང་། རྫས་འགྱུར་བཟོ་ལས་དང་འཁེལ་འཐག་གྱོན་ཆས་སློབ་གླིང་། ས་ཤིང་བཟོ་སྐྲུན་སློབ་གླིང་། རྒྱལ་སྤྱིའི་སློབ་གསོ་སློབ་གླིང་། མར་ཁེ་སི་རིང་ལུགས་སློབ་གླིང་། རྒྱུན་མཐུད་སློབ་གསོ་དང་གསོ་སྦྱོང་སློབ་གླིང་། སྤྱི་པའི་སློབ་ཁྲིད་པུའུ། ལུས་རྩལ་པུའུ། མཛེས་རིག་སློབ་གསོ་པུའུ་སོགས་སློབ་ཁྲིད་པུའུ13ཡོད་པ་དང་མཐོ་རིམ་ལས་རིགས་ཆེད་སྦྱོང་གི་ཆེད་ལས64བཙུགས་ཡོད།

2_3 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2019ལོའི་ཟླ4བའི་བར། སློབ་གྲྭར་སློབ་གསོ་པུའུ་ཡི་རྩེར་སོན་ཆེད་ལས1དང་། སློབ་གསོ་པུའུ་ཡི་མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་སྦྱོང་གི་སློབ་གསོ་སྒྱུར་བཅོས་ཚོད་ལྟའི་ཆེད་ལས2 སློབ་གསོ་པུའུ་ཡི་རྩལ་ནུས་རྣམ་པའི་འཇོན་མི་གསོ་སྦྱོང་འདུ་འགོད་ཀྱི་སློབ་གསོ་སྒྱུར་བཅོས་ཚོད་ལྟའི་ཆེད་ལས2 རྒྱལ་ཁབ་དཔེ་སྟོན་ཆེད་ལས5 རྒྱལ་ཡོངས་འཕྲུལ་ཆས་ལས་རིགས་ཀྱི་རྩལ་ནུས་འཇོན་མི་གསོ་སྐྱོང་གི་ཁྱད་ལྡན་ཆེད་ལས3 རྒྱལ་ཡོངས་འཕྲུལ་ཆས་ལས་རིགས་གསར་གཏོད་འཛུགས་སྐྲུན་གྱི་ཆེད་ལས1 ཀྲུང་དབྱང་ནོར་སྲིད་ཀྱིས་ཐོན་ལས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བའི་ལས་གཞིའི་ཆེད་ལས2 རྒྱལ་ཡོངས་ལས་རིགས་སློབ་གླིང་གི་སྒྲིག་ཆས་བཟོ་སྐྲུན་རིགས་ཀྱི་དཔེ་སྟོན་ཆེད་ལས2 ཞིང་ཆེན་རིམ་པའི་སློབ་གསོ་སྒྱུར་བཅོས་ཚོད་ལྟའི་ཆེད་ལས3 ཞིང་ཆེན་རིམ་པའི་གཙོ་གནད་ཆེད་ལས16 ཞིང་ཆེན་རིམ་པའི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ཆེད་ལས8 ཞིང་ཆེན་རིམ་པའི་ཆེད་ལས་རྩེ་གྲ7བཅས་ཡོད་པ་དང་། ཆེད་ལས3ལས་གནས་ལས་རིགས་ཀྱི་ཚད་གཞི་རྒྱལ་ཡོངས་ཀྱི་ལས་རིགས་ཚད་གཞིར་གྱུར་ནས་རྒྱལ་ཁབ་ཀྱི་ཆེད་ལས་སློབ་ཁྲིད་ཐོན་ཁུངས་མཛོད3དང་། རྒྱལ་ཁབ་ཀྱི་ཆེད་ལས་སློབ་ཁྲིད་ཐོན་ཁུངས་མཛོད9ཡི་ནང་ཞུགས། ཞིང་ཆེན་རིམ་པའི་ཆེད་ལས་ཐོན་ཁུངས་མཛོད2 རྒྱལ་ཁབ་རིམ་པའི་སྤུས་དག་དྲ་ཐོག་སྒོ་འབྱེད་སློབ་ཚན2 རྒྱལ་ཁབ་རིམ་པའི་སྤུས་དག་སློབ་ཚན2 རྒྱལ་ཁབ་རིམ་པའི་སྤུས་དག་ཐོན་ཁུངས་མཉམ་སྤྱོད་སློབ་ཚན2 སློབ་གསོ་པུའུ་ཡི་སློབ་གསོ་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་སྤུས་དག་སློབ་ཚན7 ཞིང་ཆེན་རིམ་པའི་སྤུས་དག་སློབ་ཚན19བཅས་བཙུགས་ཡོད། གཞན“ལོ་ལྔའི་འཆར་འགོད་བཅུ་གཉིས་པ”ཡི་འཆར་འགོད་སློབ་དེབ་དང་རྒྱལ་ཡོངས་ཀྱི་འཕྲུལ་ཆས་ལས་རིགས་སློབ་གསོའི་སློབ་དེབ་སྤུས་ལེགས58དང་ཞིང་ཆེན་རིམ་པའི་སློབ་དེབ་ཕུལ་བྱུང་17བཅས་ཡོད།

སྤྱི་ལོ2019ལོའི་ཟླ12པར་སློབ་གསོ་པུའུ་དང་ནོར་སྲིད་པུའུ་ཡིས་སློབ་གྲྭ་ཆུ་ཚད་མཐོ་བའི་རིགས་དང་པོའི་འཛུགས་སྐྲུན་ཚན་པ(Aཡིག་ཚགས)9ཡི་ནང་བདསམ།

སློབ་གསོ་པུའུ་ཡི་སྤུས་ལེགས་ཆེད་ལས། འཕྲུལ་ཆས་ཇུས་འགོད་དང་བཟོ་སྐྲུན།

རྒྱལ་ཁབ་ཀྱི་དཔེ་སྟོན་ཆེད་ལས། འཕྲུལ་ཆས་ཇུས་འགོད་དང་བཟོ་སྐྲུན། རྒྱུ་ཆ་དབྱིབས་གྲུབ་དང་ཚོད་འཛིན་ལག་རྩལ། གློག་རླངས་རང་འགུལ་ཅན་གྱི་ལག་རྩལ། རྩིས་འཁོར་ཉེར་སྤྱོད་ལག་རྩལ། དངོས་ཟོག་སྐྱེལ་འདྲེན་དོ་དམ།

2_4 སྤུས་ལེགས་སློབ་ཚན།
2_4_1 རྒྱལ་ཁབ་རིམ་པ།

སྤྱི་ལོ2009ལོར《འཕྲུལ་ཆས་ལྷུ་ལག་རླངས་འཁོར་གཞོག་ལས་སྣོན》

སྤྱི་ལོ2010ལོར《ཟངས་བསྲེས་ལྕགས་ལུགས་མའི་ལག་རྩལ》

2_4_2 ཞིང་ཆེན་རིམ་པ།

སྤྱི་ལོ2005ལོར《རྩིས་འཁོར་ཉེར་སྤྱོད་རྨང་གཞི》དང 《Cསྐད་ཆའི་གོ་རིམ་ཇུས་འགོད》

སྤྱི་ལོ2006ལོར《རྒྱལ་སྤྱིའི་ཉོ་ཚོང》

སྤྱི་ལོ2007ལོར《སྨྱན་མང་གཟུགས་ཀྱི་ལག་རྩལ་དང་བཟོ་སྐྲུན》དང《མཛེས་རིག་སློབ་གསོ་དང་རོལ་དབྱངས་རོལ་མྱོང》

སྤྱི་ལོ2008ལོར 《རྩིས་འཁོར་སྒྲིག་སྦྱོར་དང་སྲུང་སྐྱོང》《འཕྲུལ་ཆས་ཇུས་འགོད་རྨང་གཞི》《གྲངས་འཛིན་འཁོར་སྟེགས་དང་བེད་སྤྱོད། 》《འཁེལ་འཐག་བཟོ་རྩལ་དང་སྒྲིག་ཆས》

སྤྱི་ལོ2010ལོར《སྤོས་འགྱིག་ལུགས་ཆས་ཇུས་འགོད་དང་བཟོ་སྐྲུན》《དངོས་ཟོག་སྐྱེལ་འདྲེན་འཕྲུལ་ཆས་སྒྲིག་ཆས་ཀྱི་བཀོལ་སྤྱོད་དང་སྲུང་སྐྱོབ》《ཚ་ལ་བྱེད་ཐབས་དང་སྒྲིག་ཆས་བཀོལ་སྤྱོད》

3 གཟི་བརྗིད་མཚན་སྙན།

སྤྱི་ལོ2009ལོའི་ལོ་མཇུག་བར། སློབ་གླིང་ལ“རྒྱལ་ཡོངས་ལས་རིགས་སློབ་གསོའི་སྔོན་ཐོན་ཚན་པ”དང“ཧྲའན་ཞི་ཞིང་ཆེན་གྱི་དཔལ་ཡོན་སློབ་གྲྭ”“ཧྲའན་ཞི་ཞིང་ཆེན་གྱི་དུས་བདེའི་སློབ་གྲྭ”“ཧྲའན་ཞི་ཞིང་ཆེན་གྱི་རྩལ་ནུས་མཐོ་བའི་འཇོན་མིའི་ལས་དོན་གྱི་སྔོན་ཐོན་ཚན་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། སྤྱི་ལོ2005ལོར་སློབ་གསོ་པུའའུ་ཡི་མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་ལས་ཀྱི་འཇོན་མི་གསོ་སྐྱོང་ལས་དོན་གྱི་ཆུ་ཚད་དཔྱད་དཔོག་ལ“ཕུལ་བྱུང”གི་གྲུབ་འབྲས་བླངས།

སྤྱི་ལོ2011ལོའི་ཟླ12པར་ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གིས་སྤྲད་པའི“རྒྱལ་ཡོངས་ཀྱི་དཔལ་ཡོན་ཚན་པ་ཁག་གསུམ་པ”ཡི་གཟི་བརྗིད་མཚན་སྙན་ཐོབ།

སྤྱི་ལོ2019ལོའི་ཟླ4བའི་བར། སློབ་མར་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་རྩལ་ནུས་འགྲན་བསྡུར་ཁྲོད་གྲུབ་འབྲས་བཟང་པོ་ཡང་ཡང་ཐོབ་པ་དང་རྩལ་ནུས་འགྲན་བསྡུར་སྣ་ཚོགས་ལ་རིམ་རྩིས་བྱས་ན་བྱ་དགའ1231ཐོབ་ཡོད། དེའི་ནང་རྒྱལ་ཁབ་རིམ་པའི་རྩལ་ནུས་འགྲན་བསྡུར་སོགས་ཀྱི་བྱ་དགའ་ཁག463དང་། སློབ་གྲྭའི་རིག་གནས་འཛུགས་སྐྱོང་གྲུབ་འབྲས་ལ་རྒྱལ་ཁབ་རིམ་པའི་བྱ་དགའ་ཨང་གཉིས་པ་1ཐོབ་པ་དང་། ཞིང་ཆེན་རིམ་པའི་བྱ་དགའ་ཨང་དང་པོ3 བྱ་དགའ་ཨང་གཉིས་པ5ཐོབ། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་སློབ་གྲྭའི་རིག་གནས་སྒྱུ་རྩལ་གྱི་བྱ་དགའ་ཁག391ཐོབ།

4 རིག་གཞུང་ཞིབ་འཇུག
4_1 ཚན་རིག་ཞིབ་འཇུག་ལས་ཁུངས།

འཕྲུལ་གློག་ལག་རྩལ་ཉེར་སྤྱོད་ཞིབ་འཇུག་ཁང་།

དེང་རབས་འཁོར་རྒྱུག་དང་དོ་དམ་ལག་རྩལ་ཞིབ་འཇུག་ཁང་།

4_2 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2013ལོའི་བར་སློབ་གླིང་གིས་རིགས་སོ་སོའི་སློབ་ཁྲིད་ཚན་ཞིབ་དཔྱད་རྩོམ1738ཡོངས་བསྒྲགས་ཀྱིས་སྤེལ་བ་དང་། དེའི་ནང་སྲོག་ཤིང་དུས་དེབ་ཀྱི་སྟེང་དཔྱད་རྩོམ841སྤེལ་བ་དང་། དེའི་ནངSCIདང་། EICD CDCD SCIསོགས་ཀྱིས་རྩོམ་ཡིག93བསྡུས་ཡོད། ཞིང་ཆེན(པུའུ)དང་ཞན་དབྱང་གྲོང་ཁྱེར་གྱི་ཚན་རིག་ཞིབ་འཇུག་ལས་གཞི90ལྷག་གི་སྒྲུབ་འགན་འཁུར་བ་དང་། རྒྱལ་ཁབ་ཀྱི་ཁེ་བེད་བདག་ཐོབ71དང་ཞིང་ཆེན་སྲིད་གཞུང་གི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའི་བྱ་དགའ་ཨང་གསུམ་པ2 ཧྲའན་ཞི་ཞིང་ཆེན་རང་བྱུང་ཚན་རིག་གི་ཕུལ་བྱུང་དཔྱད་རྩོམ་གྱི་བྱ་དགའ་ཨང་གསུམ་པ2ཐོབ་ཡོད།  

4_3 རིག་གཞུང་ཐོན་ཁུངས།

སྤྱི་ལོ2013ལོའི་བར་སློབ་གླིང་དཔེ་མཛོད་ཁང་དུ་ཚད་ལྡན་ཡིག་ཆ་བསྡོམས་འབོར་ཁྲི130དང་། གློག་རྡུལ་དཔེ་དེབ4565GBཉར་ཚགས་བྱས་ཡོད་པ་དང་ཆིང་ཧྭ་ཐུང་ཧྥང་དང་དབན་ཧྥང་ཐོན་ཁུངས་ཀྱི་གཞི་གྲངས་མཛོད་དུས་གཅིག་ཏུ་ཤར་གཏོང་བྱེད་ཐུབ།

4_4 རིག་གཞུང་དུས་དེབ།

《ཧྲའན་ཞི་ཞིང་ཆེན་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་གི་རིག་གཞུང་ཚགས་པར》ནི་ཧྲའན་ཞི་ཞིང་ཆེན་སློབ་གསོ་ཐིང་གིས་གཙོ་གཉེར་བྱས། ཧྲའན་ཞི་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་གིས་གཙོ་སྒྲུབ་བྱེད་པའི་སློབ་གླིང་གི་རིག་གཞུང་དུས་དེབ་ཅིག་ཡིན་ལ། དུས་དེབ་འདི་ནི་སྤྱི་ལོ2007ལོའི་ཟླ9བར་གསར་དུ་བཏོན། 

དཔྱད་གཞིའི་ཡིག་ཆ།