ཡན་ཨན་སློབ་གྲྭ་ཆེན་མོའི་ཞི་ཨན་གསར་གཏོད་སློབ་གླིང་།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2020-11-24 16:33ལ་འགྲུབ།

ཡན་ཨན་སློབ་གྲྭ་ཆེན་མོའི་ཞི་ཨན་གསར་གཏོད་སློབ་གླིང་།

ཡན་ཨན་སློབ་གྲྭ་ཆེན་མོའི་ཞི་ཨན་གསར་གཏོད་སློབ་གླིང་།
ཡན་ཨན་སློབ་གྲྭ་ཆེན་མོའི་ཞི་ཨན་གསར་གཏོད་སློབ་གླིང་ནི་ཡན་ཨན་སློབ་ཆེན་གྱིས་རེ་ཞུ་བྱས་ཤིང་སློབ་གསོ་པུའུ་ཡིས་ཆོག་མཆན་ཐོབ་པ་བརྒྱུད་ནས་བཙུགས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞི་དཀྱུས་མའི་སྒེར་ཚུགས་སློབ་གླིང་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
延安大学西安创新学院
དབྱིན་ཡིག་གི་མིང་།
xian innovation college of yanan university
བཙུགས་ལོ།
སྤྱི་ལོ2004ལོར་བཙུགས།
སློབ་གྲྭའི་ཁྱད་ཆོས།
སྒེར་ཚུགས་སློབ་གླིང་།
སློབ་སྒྲུབ་ངོ་བོ།
སྒེར་བཙུགས་སློབ་ཆེན།
གཙོ་གཉེར་ཚན་པ།
ཧྲའན་ཞི་ཞིང་ཆེན་སློབ་གསོ་ཐིང་།
དངོས་གཞིའི་ཆེད་ལས།
32ཡོད།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
གཞི་གྲངས་ཚན་རིག་དང་བཟོ་སྐྲུན་སློབ་གླིང་། རྩོམ་རིག་དང་རིག་གནས་ཁྱབ་སྤེལ་སློབ་གླིང་། ཚོང་ལས་སློབ་གླིང་། སྒྱུ་རྩལ་དང་སྨྱན་སྦྱོར་སློབ་གླིང་། ནད་སྐྱོང་དང་བདེ་ཐང་སློབ་གླིང་། རྒྱལ་སྤྱིའི་སློབ་གླིང་། རྒྱུན་མཐུད་སློབ་གསོའི་སློབ་གླིང་སོགས་རིམ་པ་གཉིས་པའི་སློབ་གླིང་ཡོད།
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ2004ལོའི་ཟླ5བའི་ཚེས10ཉིན་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཡན་ཨན་སློབ་ཆེན་ཞི་ཨན་གསར་གཏོད་སློབ་གླིང་བཙུགས་ནས་ཚོད་ལྟ་བྱ་རྒྱུའི་མོས་མཐུན་བྱུང་།

སྤྱི་ལོ2005ལོའི་ཟླ1པོའི་ཚེས15ཉིན་གྱི་ཕྱི་དྲོ། སློབ་གསོ་པུའུ་ཡིས་སློབ་གླིང་གི་སློབ་གཉེར་ཆ་རྐྱེན་དང་སློབ་ཁྲིད་ལས་དོན་རྣམ་པའི་ཆེད་དོན་ཞིབ་བཤེར་ཚོགས་ཆུང་སློབ་གྲྭར་ཞིབ་བཤེར་བྱེད་པར་བསྐྱོད་ཅིང་། “ཅུང་ལེགས་པ”ཡི་ཞིབ་བཤེར་འབྲས་བུ་བླངས།

2 སློབ་སྒྲུབ་ཆ་རྐྱེན།
2_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2014ལོར་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་གི་གཤམ་འོག་ཏུ་ཀྲུང་གོའི་སྐད་ཡིག་རྩོམ་རིག་དང་རིག་གནས་བརྒྱུད་སྤེལ་སྡེ་ཁག་དང་། དཔལ་འབྱོར་དོ་དམ་སྡེ་ཁག ཕྱི་སྐད་སྡེ་ཁག སྒྱུ་རྩལ་སྡེ་ཁག རང་བྱུང་རིག་པ་དང་བཟོ་སྐྲུན་སྡེ་ཁག ཨར་སྐྲུན་ལས་གྲྭའི་སྡེ་ཁག གསོ་རིག་སྡེ་ཁག སློབ་ཁྲིད་པུའུ། བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་ཚན་སློབ་ཁྲིད། ལུས་རྩལ་སློབ་ཁྲིད་པུའུ་བཅས་སློབ་ཁྲིད་ཚན་པ10བཙུགས་ཡོད་པ་དང་། དངོས་གཞིའི་ཆེད་ལས27གཉེར་བཞིན་ཡོད།

2_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2016ལོར་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་དུ་དགེ་རྒན་དང་ལས་བཟོ་བ454ཡོད་པ་དང་། དེའི་ནང་དགེ་རྒན་ཆེན་མོ38 དགེ་རྒན་ཆེན་མོ་གཞོན་པ74 འབུམ་རམས་པ28 རབ་འབྱམས་པ231བཅས་ཡོད་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ལོངས་སུ་སྤྱོད་པའི་དགེ་རྒན1 རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན2 ཞིང་ཆེན་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན2བཅས་ཡོད།

2_3 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2014ལོར་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་དུ་སློབ་གླིང་རིམ་པའི་སློབ་ཚན་རྩེ་གྲ་6 དང་། རྨང་གཞིའི་སློབ་ཁྲིད་ཚོད་ལྟ་ཁང5 ཆེད་ལས་རྨང་གཞི་དང་ཆེད་ལས་ཚོད་ལྟ་ཁང8ཡོད།

རྨང་གཞིའི་སློབ་ཁྲིད་ཚོད་ལྟ་ཁང་། དངོས་ལུགས་ཚོད་ལྟ་ཁང་། རྫས་འགྱུར་ཚོད་ལྟ་ཁང་དཀྱུས་མ། སྐྱེ་དངོས་ཚོད་ལྟ་ཁང་དཀྱུས་མ། རྩིས་འཁོར་རྨང་གཞིའི་ཚོད་ལྟ་ཁང་། གཟུགས་གཞིའི་ནུས་པ་ཚད་ལེན་ཚོད་ལྟ་ཁང་།

ཆེད་ལས་རྨང་གཞི་དང་ཆེད་ལས་ཚོད་ལྟ་ཁང་། ཆ་འཕྲིན་ཚོད་ལྟ་ཁང་། རྩིས་འཁོར་ཆེད་ལས་ཚོད་ལྟ་ཁང་། ཨར་སྐྲུན་ལས་གྲྭའི་ཚོད་ལྟ་ཁང་། སྨྱན་མང་སློབ་ཆས་བཟོ་སྒྲིག་ཚོད་ལྟ་ཁང་། ནད་ཐོག་གསོ་རིག་ཚོད་ལྟ་ཁང་། སྒྱུ་རྩལ་ཇུས་འགོད་ཚོད་ལྟ་ཁང་། རྩིས་བཤེར་རིག་པའི་ཚོད་ལྟ་ཁང་། ཁེ་ལས་ཀྱི་ལད་ཟློས་ཚོད་ལྟ་ཁང་།

3 རིག་གཞུང་ཞིབ་འཇུག
3_1 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2007ལོ་ནས་སྤྱི་ལོ2009ལོའི་བར་སློབ་གླིང་གིས་ཚན་ཞིབ་ལས་གཞི27གསར་དུ་ཁ་སྣོན་བྱས་པ་དང་ཚན་ཞིབ་འགྲོ་གྲོན་སྒོར་ཁྲི་13.6ཟིན་ཡོད། དེའི་ནང་སློབ་གླིང་རིམ་པའི་ཞིབ་འཇུག་དཔྱད་གཞི24དང་ཞིང་ཆེན་རིམ་པའི་ཞིབ་འཇུག་དཔྱད་གཞི3ཡོད། རིག་གཞུང་དུས་དེབ་ཐོག་དཔྱད་རྩོམ400ལྷག་ཙམ་སྤེལ་བའི་ནང་སྲོག་ཤིང་དུས་དེབ་སྟེང་དཔྱད་རྩོམ10ལྷག་སྤེལ་ཡོད། སློབ་དེབ5གཙོ་སྒྲིག་བྱས་པ་དང་སློབ་དེབ12སྒྲིག་སྦྱོར་བྱས།

སྤྱི་ལོ2009ལོར་རིག་གཞུང་དང་ཚན་རིག་ཞིབ་འཇུག་གི་དཔྱད་རྩོམ་ཁྱོན་བསྡོམས143འགྲེམས་སྤེལ་བྱས་པའི་ནང་སྲོག་ཤིང་དུས་དེབ་སྟེང་དཔྱད་རྩོམ5འགྲེམས་སྤེལ་བྱས། སྤྱི་ལོ2010ལོར་རིག་གཞུང་དང་ཚན་རིག་ཞིབ་འཇུག་གི་དཔྱད་རྩོམ་ཁྱོན་བསྡོམས142འགྲེམས་སྤེལ་བྱས་པའི་ནང་སྲོག་ཤིང་དུས་དེབ་སྟེང་དཔྱད་རྩོམ17འགྲེམས་སྤེལ་བྱས་པ་དང་། རྩོམ་སྒྲིག་ལ་ཞུགས་པའི་བརྩམས་ཆོས་དང་། སྒྱུར་རྩོམ་སོགས་ཁྱོན་ཁག17ཡོད།

3_2 རིག་གཞུང་ཐོན་ཁུངས།

སྤྱི་ལོ2010ལོའི་བར་སློབ་གླིང་གི་དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི30ལྷག་ཉར་ཚགས་བྱས་ཡོད། ཀྲུང་གོ་དང་ཕྱི་རྒྱལ་གྱི་དུས་དེབ་རིགས་700ལྷག་ཡོད་པ་དང་། རིམ་པ་ཁག་དང་རིགས་སོ་སོའི་རིག་གཞུང་དུས་དེབ་རིགས100ལྷག་ཡོད། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡི་གེའི་ཚགས་པར་80ལྷག་ཡོད་པ་ཡིས་སློབ་གླིང་དུ་བཙུགས་པའི་རིག་གཞུང་ཚན་ཁག་གི་ཆེད་ལས་ཁག་ལ་ཁྱབ་ཡོད། སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་དགོས་མཁོ་གཞི་རྩའི་ཆ་ནས་སྐོང་ཐུབ་པ་བྱས་ཡོད།

3_3 རིག་གཞུང་དུས་དེབ།

《ཡན་ཨན་སློབ་ཆེན་ཞི་ཨན་གསར་གཏོད་སློབ་གླིང་གི་དུས་དེབ》ནི་སྤྱི་ལོ2005ལོའི་ཟླ5བར་གསར་དུ་བཏོན་པ་དང་། ཧྲའན་ཞི་ཞིང་ཆེན་གསར་འགྱུར་དཔེ་སྐྲུན་ཅུས་ཀྱིས་ཆོག་མཆན་བཀོད་པ་དང་། ཡན་ཨན་སློབ་ཆེན་ཞི་ཨན་གསར་གཏོད་སློབ་གླིང་གིས་གཙོ་གཉེར་བྱེད་པའི་སློབ་གླིང་ཡོངས་ཀྱི་དགེ་སློབ་ལ་ཕྱོགས་པའི་ནང་ཁུལ་གྱི་ཕྱོགས་བསྡུས་རང་བཞིན་གྱི་དུས་དེབ་ཅིག་ཡིན།


དཔྱད་གཞིའི་ཡིག་ཆ།