ཞི་ཨན་གློག་རྡུལ་ཚན་རྩལ་སློབ་གྲྭ་ཆེན་མོ།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2020-11-24 16:13ལ་འགྲུབ།

ཞི་ཨན་གློག་རྡུལ་ཚན་རྩལ་སློབ་གྲྭ་ཆེན་མོ།

ཞི་ཨན་གློག་རྡུལ་ཚན་རྩལ་སློབ་གྲྭ་ཆེན་མོ།
ཞི་ཨན་གློག་རྡུལ་ཚན་རྩལ་སློབ་གྲྭ་ཆེན་མོའི་ཁྲང་ཨན་སློབ་གླིང་ནི་ཧྲའན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་དུ་གནས་ཡོད་པ་དང་། རྒྱལ་ཁབ་སློབ་གསོ་པུའུ་ཡིས་སྤྱི་ལོ2004ལོའི་ཟླ5བར་ཆོག་མཆན་གནང་ནས་བཙུགས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞི་རིམ་པའི་སྒེར་ཚུགས་སློབ་གླིང་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
西安电子科技大学长安学院
དབྱིན་ཡིག་གི་མིང་།
Chang'an College Of Xidian University
བཙུགས་ལོ།
སྤྱི་ལོ2004ལོར་བཙུགས།
སློབ་གྲྭའི་རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་རིགས།
སློབ་སྒྲུབ་ངོ་བོ།
དམངས་གཉེར་སློབ་ཆེན།
སློབ་གྲྭའི་ཁྱད་ཆོས།
སྒེར་ཚུགས་སློབ་གླིང་།
གཙོ་གཉེར་ཚན་པ།
ཧྲའན་ཞི་ཞིང་ཆེན་སློབ་གསོ་ཐིང་།
སློབ་གྲྭའི་ཚབ་ཨང་།
13685
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
ཆ་འཕྲིན་ལས་གྲྭ་སྡེ་ཁག་དང་། གློག་རྡུལ་ལས་གྲྭ་སྡེ་ཁག ཚོད་འཛིན་ལས་གྲྭ་སྡེ་ཁག རྩིས་འཁོར་ལས་གྲྭ་སྡེ་ཁག་སོགས་ཡོད།
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ2004ལོའི་ཟླ5བར། རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཞི་ཨན་གློག་རྡུལ་ཚན་རྩལ་སློབ་ཆེན་ཁྲང་ཨན་སློབ་གླིང་འཛུགས་རྒྱུའི་ཆོག་མཆན་བཀོད།

སྤྱི་ལོ2012ལོའི་ཟླ7པ་ནས་བཟུང་ཞི་ཨན་གློག་རྡུལ་ཚན་རྩལ་སློབ་ཆེན་གྱི་སློབ་ཁུལ་ལྷོ་མ་རུ་སློབ་གྲྭ་གཉེར་འགོ་ཚུགས།

སྤྱི་ལོ2015ལོར་ཞི་ཨན་གློག་རྡུལ་ཚན་རྩལ་སློབ་ཆེན་ཁྲང་ཨན་སློབ་གླིང་གི་སློབ་ཁུལ་གསར་པ་ཧྲའན་ཞི་ཞིང་ཆེན་ཧྥུའུ་ཕིང་རྫོང་དུ་སྐྲུན་འགོ་ཚུགས།

སྤྱི་ལོ2019ལོའི་ཟླ5བའི་ཚེས7ཉིན། ཧྲའན་ཞི་ཞིང་ཆེན་སློབ་གསོ་ཐིང་གི《དམངས་གཉེར་མཐོ་སློབ་དང་སྒེར་ཚུགས་སློབ་གླིང་གི་སྤྱི་ལོ2018ལོའི་ལོ་འཁོར་གྱི་ཞིབ་བཤེར་འབྲས་བུའི་སྐོར་གྱི་ཧྲའན་ཞི་ཞིང་ཆེན་སློབ་གསོ་ཐིང་གི་བརྡ་ཁྱབ》བསྒྲགས་པ་དང་། སློབ་གྲྭ་ལོ་འཁོར་གྱི་ཞིབ་བཤེར་ཚད་མི་ལོན་པའི་སློབ་གྲྭར་བརྩིས་ནས《ཧྲའན་ཞི་ཞིང་ཆེན་དམངས་གཉེར་མཐོ་རིམ་སློབ་གྲྭ་དང་སྒེར་ཚུགས་སློབ་གླིང་གི་ལོ་འཁོར་གྱི་ཞིབ་བཤེར་ལག་བསྟར་བྱ་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། དག་ཐེར་ལེགས་བཅོས་མ་བྱས་གོང་སློབ་གྲྭའི་མིང་ཐོག་ནས་སློབ་མ་བསྡུ་བའི་བྱེད་སྒོ་ཡོད་ཚད་མཚམས་བཞག

སྤྱི་ལོ2019ལོའི་ཟླ5བར་ཞི་ཨན་གློག་རྡུལ་ཚན་རྩལ་སློབ་ཆེན་ཁྲང་ཨན་སློབ་གླིང་གིས་སློབ་གཉེར་བྱེད་མཚམས་བཞག

2 སློབ་སྒྲུབ་ཆ་རྐྱེན།
2_1 དགེ་རྒན་གྱི་དཔུང་སྡེ།

སློབ་གླིང་གི་དགེ་རྒན་དཔུང་ཁག་གི་སྟོབས་ཤུགས་ནི་ཞི་ཨན་གློག་རྡུལ་ཚན་རྩལ་སློབ་ཆེན་གྱིས་སྣེ་ཁྲིད་བཞིན་ཡོད།

2_2 སློབ་ཁྲིད་འཛུགས་སྐྲུན།

རྒྱུན་འཛིན་དང་། དར་སྤེལ། གསར་གཏོད་བཅས་ཀྱི་འཕེལ་རྒྱས་གཏོང་ལམ་མཐའ་འཁྱོངས་དང་། རྨང་གཞི་མཐོར་འདེགས། དམིགས་བསལ་གྱི་ཡོན་ཏན་ལྡན་པ། ནུས་པར་མཐོང་ཆེན་བྱེད་པ། བྱང་ཚད་མཐོ་བའི་གསོ་སྐྱོང་འདུ་ཤེས་འཛིན་པ། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་ལ་ཁ་ཕྱོགས་པ། “IT”ལས་རིགས་ལ་ཁ་ཕྱོགས་པ། ཁེ་ལས་ཀྱི་ཐོན་སྐྱེད་དངོས་སྤྱོད་ཀྱི་འཐབ་ཕྱོགས་དང་པོར་ཁ་ཕྱོགས་ཏེ་ཆ་འཕྲིན་གློག་རྡུལ་ཆེད་ལས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ། བྱང་ཚད་མཐོ་བ་དང་བཀོལ་སྤྱོད་རྣམ་པའི་འཇོན་མི་གསོ་སྐྱོང་གི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱེད་པ། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱེད་པའི་གསོ་སྐྱོང་བྱེད་སྟངས་འབུར་ཐོན་ཡོང་བ་སོགས་དམིགས་ཚད་དུ་བྱས་ནས་སློབ་གླིང་གིས་རྒྱལ་ཁབ་ཆ་འཕྲིན་གློག་རྡུལ་ལས་རིགས་ཀྱི་ཉེར་སྤྱོད་རྣམ་པའི་འཇོན་མི་གསོ་སྐྱོང་གི་རིག་ཚན2གཉེར་ཡོད།

ཞིང་ཆེན་རིམ་པའི་སྒེར་ཚུགས་སློབ་གླིང་གི་གཙོ་གནད་འཛུགས་སྐྲུན་ཆེད་ལསཉ གློག་རྡུལ་ཚོང་དོན་ཆེད་ལས།

2_3 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2008ལོར་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་གི་གཤམ་འོག་ཏུ་ཆ་འཕྲིན་འདུ་འགོད་སྡེ་ཁག་དང་། གློག་རྡུལ་འདུ་འགོད་སྡེ་ཁག ཚད་ལེན་ཚོད་འཛིན་འདུ་འགོད་སྡེ་ཁག རྩིས་འཁོར་འདུ་འགོད་སྡེ་ཁག གློག་རྡུལ་ལག་རྩལ་སྡེ་ཁག ཆ་འཕྲིན་དོ་དམ་སྡེ་ཁག་བཅས་སློབ་གླིང་དང་སྡེ་ཁག6བཙུགས་ཡོད་པ་དང་། དངོས་གཞིའི་ཆེད་ལས16གཉེར་བཞིན་ཡོད།

3 རིག་གཞུང་ཞིབ་འཇུག
3_1 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སློབ་གླིང་གི་དགེ་རྒན་གྱིས་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་དང་། ཞིང་ཆེན་དང་པུའུ་རིམ་པའི་ཚན་ཞིབ་ལས་གཞི་236འགན་འཁུར་ཡོད། རྒྱལ་ཁབ་ཕྱི་ནང་དུ་རིག་གཞུང་དཔྱད་རྩོམ400ལྷག་ཙམ་ཡོངས་བསྒྲགས་སུ་སྤེལ་བའི་ནངSCIསོགས་དཔྱད་འཚོལ་ཆེན་པོ་གསུམ་གྱི་རྩོམ་ཡིག147ཡོད་པ་དང་། ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་ཚན་རྩལ་གྲུབ་འབྲས་བྱ་དགའ་ཁག7ཐོབ་ཡོད།

དཔྱད་གཞིའི་ཡིག་ཆ།