ཞི་ཨན་ཆ་འཕྲིན་ལས་རིགས་སློབ་གྲྭ་ཆེན་མོ།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2020-11-24 13:41ལ་འགྲུབ།

ཞི་ཨན་ཆ་འཕྲིན་ལས་རིགས་སློབ་གྲྭ་ཆེན་མོ།

ཞི་ཨན་ཆ་འཕྲིན་ལས་རིགས་སློབ་གྲྭ་ཆེན་མོ།
ཞི་ཨན་ཆ་འཕྲིན་ལས་རིགས་སློབ་གྲྭ་ཆེན་མོ་ནི་ཧྲན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་དུ་གནས་ཡོད་ལ། རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཆོག་མཆན་གནང་ནས་བཙུགས་པའི་ཉིན་ཧྲིལ་བོའི་་ལམ་ལུགས་ཀྱི་དངོས་གཞིའི་སློབ་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
西安信息职业大学
དབྱིན་ཡིག་གི་མིང་།
Xi’an Vocational University of Information
བཙུགས་ལོ།
སྤྱི་ལོ1992ལོར་བཙུགས།
སློབ་གྲྭའི་རིགས་དབྱེ།
ཕྱོགས་བསྡུས་རིགས།
སློབ་སྒྲུབ་ངོ་བོ།
དམངས་གཉེར་སློབ་ཆེན།
སློབ་གྲྭའི་ཁྱད་ཆོས།
ཞིང་ཆེན་རིམ་པའི་ཁོངས་གཏོགས་ཀྱི་དངོས་གཞིའི་ལས་རིགས་མཐོ་སློབ།
གཙོ་གཉེར་ཚན་པ།
ཧྲའན་ཞི་ཞིང་ཆེན།
མཐོ་རིམ་ལས་རིགས་ཆེད་ལས།
53ཡོད།
དངོས་གཞིའི་ཆེད་ལས།
10ཡོད།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
དཔལ་འབྱོར་དོ་དམ་སློབ་གླིང་། འགྲིམ་འགྲུལ་བཟོ་སྐྲུན་སློབ་གླིང་། རྩིས་འཁོར་བཟོ་སྐྲུན་སློབ་གླིང་། གློག་རྡུལ་བཟོ་སྐྲུན་སློབ་གླིང་། འཕྲིན་སྐྱེལ་བཟོ་སྐྲུན་སློབ་གླིང་སོགས་ཡོད།
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1992ལོར་ཧྲའན་ཞི་གློག་རྡུལ་ཚན་རྩལ་ལས་རིགས་སློབ་གླིང(དངོས་གཞི)བཙུགས།

སྤྱི་ལོ2005ལོར་སློབ་གླིང་སློབ་ཁུལ་གསར་པརགནས་སྤར་བ་དང་དཀའ་སྤྱད་འབད་བརྩོན་ལོ་བཅུ་བྱས་པ་བརྒྱུད་སློབ་ཁྲིད་དང་། ཚན་ཞིབ། གཞུང་ལས། ལུས་རྩལ། འཚོ་བ་སོགས་ནུས་པ་ཆེ་བའི་འཛུགས་སྐྲུན་དང་དེ་བཞིན་སྒྲིག་བཀོད་ཆ་ཚང་ལ་ཁོར་ཡུག་ལྟ་ན་སྡུག་པའི་དེང་རབས་ཅན་གྱི་སློབ་གྲྭ་ཞིག་བསྐྲུན་ཡོད། སློབ་གྲྭར་སློབ་ཁྲིད་ཐོག་ཁང2ཡོད་པ་དང་སློབ་མའི་སྤྱི་ཤག་ཐོག་ཁང16བསྐྲུན་ཡོད། ཚོད་ལྟའི་དངོས་སྦྱོང་ཐོག་ཁང2དང་ལས་གྲྭའི་དངོས་སྦྱོང་ལྟེ་གནས་ཀྱི་ཐོག་བརྩེགས་ཁང་ཆེན3བཅས་ཡོད།

སྤྱི་ལོ2015ལོར་ལས་གྲྭའི་དངོས་སྦྱོང་ལྟེ་གནས་ཀྱི་ཐོག་བརྩེགས་ཁང་ཆེན་སྨི་ངོས་གྲུ་བཞི་མ་ཁྲི3.6བསྐྲུན་པ་དང་། སློབ་གླིང་དེ་སྔ་རྗེས་སུ་མཐོ་གསར་ཁུལ་གསར་གྱིས“རྩལ་ནུས་འཇོན་མི་གསོ་སྐྱོང་རྟེན་གཞིར”གཏན་འཁེལ་བྱས། སློབ་ཁྲིད་དང་འཚོ་བའི་སྒྲིག་བཀོད་སྣ་ཚོགས་དང་སྒྲིག་ཆས་ཆ་ཚང་བ་དང་། ནུས་པ་ཆ་ཚང་བ། ནང་དོན་འཛུགས་སྐྲུན་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་འཚམ་པར་བྱས་ཡོད།

སྤྱི་ལོ2013ལོར་སློབ་གསོ་པུའུ་ཡི་མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་སྦྱོང་སློབ་གླིང་གི་འཇོན་མི་གསོ་སྐྱོང་ལས་དོན་གྱི་ཆུ་ཚད་ལ་དཔྱད་དཔོག་བྱས།

སྤྱི་ལོ2018ལོར་སློབ་གླིང་ལ་རྒྱལ་ཁབ་སློབ་གསོ་ཐིང་གིས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད་དངོས་གཞིའི་སློབ་གླིང་དུ་རིམ་སྤོར་བྱས།

སྤྱི་ལོ2019ལོར། ལས་རིགས་སློབ་གསོའི་སྐོར་གྱི་ཀྲུང་དབྱང་གི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ལག་བསྟར་དོན་འཁྱོལ་བྱས་ནས་ལས་རིགས་སློབ་གསོ་འཕེལ་རྒྱས་གཏོང་བའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཤིང་། ལས་རིགས་སློབ་གསོའི་མ་ལག་སྔར་ལས་འཐུས་ཚང་དུ་དུ་གཏོང་བ་དང་། ལས་རིགས་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཞིབ་འཇུག་བྱས་པ་བརྒྱུད་ཧྲའན་ཞི་གློག་རྡུལ་ཚན་རྩལ་ལས་རིགས་སློབ་གླིང(དངོས་གཞི)གི་མིང་ལ་ཞི་ཨན་ཆ་འཕྲིན་ལས་རིགས་སློབ་ཆེན་ཞེས་བསྒྱུར་བར་མོས་མཐུན་བྱུང་། 

2 སློབ་སྒྲུབ་ཆ་རྐྱེན།
2_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2019ལོའི་ཟླ12པའི་བར། ཞི་ཨན་ཆ་འཕྲིན་ལས་རིགས་སློབ་ཆེན་གྱི་གཤམ་འོག་ཏུ་རིམ་པ་གཉིས་པའི་སློབ་གླི་9དང་སློབ་ཁྲིད་སྡེ་ཚན་3བཙུགས་ཡོད།

2_2 དགེ་རྒན་གྱི་དཔུང་སྡེ།

ཞི་ཨན་ཆ་འཕྲིན་སློབ་ཆེན་གྱིས་གནའ་གྲོང་ཞི་ཨན་གྱི་གྲགས་ཅན་མཐོ་སློབ་ཀྱི་དགེ་རྒན་སྟོབས་ཤུགས་ལ་བརྟེན་ནས། ད་ལྟ་དགེ་རྒན་དང་ལས་བཟོ་བ479ཡོད་པ་དང་། སློབ་གླིང་གིས་ཕྱོགས་ཡོངས་ཀྱི་བྱང་ཚད་སློབ་ཁྲིད་རྒྱུན་འཁྱོངས་དང་། སློབ་མའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་འགྲོ་བ་དང་། སློབ་མའི་ཕྱོགས་བསྡུས་བྱང་ཚད་གསོ་སྐྱོང་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་ད་ལྟ་སློབ་གླིང་ལ་སློབ་མའི་ལྷན་ཚོགས་དང་སློབ་མའི་ཚོགས་པའི་རྩ་འཛུགས23ཡོད་པ་དང་། གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱིས་ལོ་ལྟར་བྱེད་སྒོ་མང་པོ་སྤེལ་བཞིན་ཡོད།

2_3 རིག་ཚན་འཛུགས་སྐྲུན།

ཞིང་ཆེན་རིམ་པའི་གཙོ་གནད་ཆེད་ལས། མཉེན་ཆས་ལག་རྩལ་དང་། གློག་རྡུལ་ཆ་འཕྲིན་ལས་གྲྭའི་ལག་རྩལ། འཕྲིན་གཏོང་ལག་རྩལ། ཉེར་སྤྱོད་གློག་རྡུལ་ལག་རྩལ་བཅས།

སློབ་གླིང་རིམ་པའི་ཁྱད་ལྡན་ཆེད་ལས། རྩིས་འཁོར་འཕྲིན་གཏོང་ལག་རྩལ། རྩིས་གཉེར། གློག་རྡུལ་ཚོང་དོན། རྩིས་འཁོར་འཕྲིན་གཏོང་ལག་རྩལ།

སློབ་གླིང་རིམ་པའི་ཁྱད་ལྡན་ཆེད་ལས། རྩིས་འཁོར་དྲ་རྒྱའི་ལག་རྩལ་དང་། གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་གཉེར་སྐྱོང་དང་དོ་དམ། ཟོག་སྦྲེལ་དྲ་རྒྱ་བེད་སྤྱོད་ལག་རྩལ། གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་ཚོད་འཛིན།

3 རིག་གཞུང་ཞིབ་འཇུག
3_1 འཛུགས་སྐྲུན་གྲུབ་འབྲས།

ཉེ་བའི་ལོ5ཡི་རིང་སློབ་གྲྭས་ཁྲང་ཨན་ཆུས་སུ་རྩལ་ནུས་ཅན་གྱི་འཇོན་མི5000ཙམ་མཁོ་འདོན་བྱས་ཡོད་ལ། དེའི་ནང་འཇོན་མི་མི་ཉུང་བ་ཞིག་ཁེ་ལས་ཀྱི་རྐང་འཛིན་པ་དང་འབྲིང་རིམ་མཐོ་རིམ་དོ་དམ་ལས་བྱེད་པར་གྱུར་ཡོད། སློབ་ཐོན་སློབ་མའི“བསམ་བློའི་བྱང་ཚད་མཐོ་བ་དང་། ཆེད་ལས་ཀྱི་ནུས་རྩལ་ཆེ་བ”སོགས་ཀྱི་ཁྱད་ཆོས་ཡོད་པ་མ་ཟད། མི་སྤྱོད་ཚན་པའི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་ཡོད།

3_2 ཚན་རིག་ཞིབ་འཇུག་སྟེགས་བུ།

ཞི་ཨན་ཆ་འཕྲིན་ལས་རིགས་སློབ་ཆེན་གྱི་གློག་རྡུལ་ཚོད་ལྟའི་ལྟེ་གནས་དང་། འགྲིམ་འགྲུལ་ཚོད་ལྟ་ལྟེ་གནས། རྩིས་འཁོར་ཚོད་ལྟ་ལྟེ་གནས་བཅས་ནི་སློབ་གླིང་གི་སློབ་མའི་ཚོད་ལྟ་དང་དངོས་སྦྱོང་དོ་དམ་སྒྲིག་གཞི་དང་ལག་བསྟར་བྱེད་ས་ཡིན། གཙོ་བོ་སློབ་མའི《སློབ་ཁྲིད་རྩ་གནད》དང《སློབ་ཁྲིད་འཆར་གཞི》འཛིན་གྲྭ་ཁག་གི《སློབ་ཚན་རེའུ་མིག》བཅས་ལ་གཞིགས་ནས་ཚོད་ལྟའི་གོ་རིམ་དབྱེ་ཞིབ་དང་། ཞིབ་འཇུག གྲ་སྒྲིག ལག་བསྟར་བཅས་བྱེད་བཞིན་ཡོིད། གློག་རྡུལ་ཚོད་ལྟ་ལྟེ་གནས་ཀྱི་འོག་ཏུ་གློག་དྲག་པོ་དང་གློག་ནུས་ཞན་པའི་གློག་ལམ་ཚོད་ལྟ་ཁང་བཙུགས་ཡོད་པ་མ་ཟད། ལད་ཟློས་གློག་ལམ་ཚོད་ལྟ་ཁང་དང་། གྲངས་འཛིན་གློག་ལམ་ཚོད་ལྟ་ཁང་། ཟློས་མཐོ་གློག་ལམ་ཚོད་ལྟ་ཁང་། འཕྲིན་གཏོང་ལས་གྲྭའི་ཚོད་ལྟ་ཁང་། སྨྱན་མང་སློབ་ཁང་སོགས་ཚོད་ལྟ་ཁང་བཅས54ཡོད། ཚོད་ལྟའི་སྒྲིག་ཆས་དང་ཚོད་ལྟའི་དཔྱད་ཆས་དང་དཔྱད་ཆས1600ལྷག་ཡོད།

དཔྱད་གཞིའི་ཡིག་ཆ།