རྣམ་མཁྱེན་གྱི་ཤེས་མཚན་བཅུ་དྲུགསྔ་མའི་པར་གཞི་དེ རྡོར་འཚོ།890  ནས 2020-11-25 09:56ལ་འགྲུབ།

རྣམ་མཁྱེན་གྱི་ཤེས་མཚན་བཅུ་དྲུག

《ཀློང་རྡོལ་གསུང་འབུམ》ལས་བྱུང་བའི་རྣམ་མཁྱེན་གྱི་ཤེས་མཚན་བཅུ་དྲུག་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《ཀློང་རྡོལ་གསུང་འབུམ》གླེགས་བམ་དང་པོ་ཤོག་ངོས348ཕྲེང6ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 ​རྣམ་གྲངས་འདྲེན་པ།

ཤེས་མཚན་ཞེ་བརྒྱད་ཀྱི་ནང་གསེས་ཏེ།

1.ཡུམ་ལ་བརྟེན་ནས་བདེ་བར་གནས་པ་ཤེས་པ།

2.ཡུམ་ལ་གུར་པར་ཤེས་པ།

3.ཡུམ་བླ་མར་ཤེས་པ།

4.ཡུམ་ལ་མཉེས་པར་བྱེད་པ།

5.ཡུམ་ལ་མཆོད་པ།

6.དོན་དམ་པར་དེ་ལྟར་བྱེད་པ་མེད་པ།

7.ཡུམ་ཐམས་ཅད་དུ་དེ་ལྟར་འཇུག་པ།

8.དེ་ཁོ་ན་མ་མཐོང་བ་ཉིད།

9.འཇིག་རྟེན་སྟོང་ཉིད་ཀྱི་རྣམ་པ།

10.འཇིག་རྟེན་རང་གི་ངོ་བོ་སྟོང་པར་བརྗོད་པ།

11.སྟོང་ཉིད་ཤེས་པ།

12.སྟོང་ཉིད་མངོན་སུམ་དུ་མཛད་པ།

13.དོན་དམ་པར་བསམ་མི་ཁྱབ་ཉིད་དུ་སྟོན་པ།

14.དོན་དམ་པར་སྤྲོས་པ་ཉེ་བར་ཞི་བ་ཉིད་དུ་སྟོན་པ།

15.འཇིག་རྟེན་བདེན་པར་གྲུབ་པ་འགོག་པ།

16.འཇིག་རྟེན་ཕུང་པོའི་འདུ་ཤེས་འགོག་པ་ཤེས་པ་བཅས་སོ། །