བདེན་པ་རྣམ་པ་བཅུ་དྲུགསྔ་མའི་པར་གཞི་དེ རྡོར་འཚོ།890  ནས 2020-11-25 10:40ལ་འགྲུབ།

བདེན་པ་རྣམ་པ་བཅུ་དྲུག

ཆོས་མངོན་པ་ཀུན་ལས་བཏུས་པའི་རྣམ་པར་བཤད་པ་ལས་བྱུང་བའི་བདེན་པ་རྣམ་པ་བཅུ་དྲུག་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་སེམས་ཙམ་ལི་པ》ཤ215ན3ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

ཆོས་མངོན་པ་ཀུན་ལས་བཏུས་པའི་རྣམ་པར་བཤད་པ་ལས་བྱུང་བ་མཐོང་བའི་ལམ་གྱི་རབ་ཏུ་དབྱེ་བ་སྟེ།

1.སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ།

2.སྡུག་བསྔལ་ལ་ཆོས་ཤེས་པ།

3.སྡུག་བསྔལ་རྗེས་སུ་རྟོགས་པའི་བཟོད་པ།

4.སྡུག་བསྔལ་ལ་རྗེས་སུ་རྟོགས་པའི་ཤེས་པ།

5.ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ།

6.ཀུན་འབྱུང་ལ་ཆོས་ཤེས་པ།

7.ཀུན་འབྱུང་བ་ལ་རྗེས་སུ་རྟོགས་པའི་བཟོད་པ།

8.ཀུན་འབྱུང་བ་ལ་རྗེས་སུ་རྟོགས་པའི་ཤེས་པ།

9.འགོག་པ་ལ་ཆོས་ཤེས་པའི་བཟོད་པ།

10.འགོག་པ་ལ་ཆོས་ཤེས་པ།

11.འགོག་པ་ལ་རྗེས་སུ་རྟོགས་པའི་བཟོད་པ།

12.འགོག་པ་ལ་རྗེས་སུ་རྟོགས་པའི་ཤེས་པ།

13.ལམ་ལ་ཆོས་ཤེས་པའི་བཟོད་པ།

14.ལམ་ལ་ཆོས་ཤེས་པ།

15.ལམ་ལ་རྗེས་སུ་རྟོགས་པའི་བཟོད་པ།

16.ལམ་ལ་རྗེས་སུ་རྟོགས་པའི་ཤེས་པ་བཅས་སོ། །