གཞི་བཅོ་ལྔ།སྔ་མའི་པར་གཞི་དེ སེམས་ཀྱི་ལོ་མ།  ནས 2020-11-19 17:45ལ་འགྲུབ།

གཞི་བཅོ་ལྔ།

《དུང་དཀར་ཚིག་མཛོད་ཆེན་མོ》དང《ཤེས་བྱ་ཀུན་ཁྱབ》གཉིས་ལས་བྱུང་བའི་གཞི་བཅོ་ལྔ་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《དུང་དཀར་ཚིག་མཛོད་ཆེན་མོ》《ཤེས་བྱ་ཀུན་ཁྱབ》དེབ་དར་ཆ་ཤ618.6ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

1.སྣོད་དག་པའི་གཞི། 

2.བཅུད་དག་པའི་གཞི། 

3.ཉེར་སྤྱོད་དག་པའི་གཞི། 

4.རྣམ་པར་འགྱུར་བ་དག་པའི་གཞི། 

5.རང་བཞིན་དག་པའི་གཞི། 

6.འཁོར་བའི་གཞི། 

7.མྱ་ངན་ལས་འདས་པའི་གཞི། 

8.རང་བཞིན་གྱི་གཞི། 

9.རྣམ་གྲངས་ཀྱི་གཞི། 

10.མཐར་གཏུགས་པའི་གཞི། 

11.དོན་དམ་པའི་གཞི། 

12.རགས་པའི་གཞི། 

13.ཕྲ་བའི་གཞི། 

14.ཀུན་རྫོབ་ཀྱི་གཞི། 

15.ཤིན་ཏུ་ཕྲ་བའི་གཞིའོ། །

རགས་པའི་གཞི་ལ་མཚན་ཉིད་དང་རྣམ་གྲངས་ཀྱི་ཕྱེ་བས་དགུ་སྟེ།

1.ཙནྡན་ལྟ་བུ།

2.ཨུཏྤལ་ལྟ་བུ།

3.པདྨ་ལྟ་བུ།

4.པདྨ་དམར་པོ་ལྟ་བུ།

5.རིན་པོ་ཆེ་ལྟ་བུ།

6.ཉོན་མོངས་པས་རྣམ་པར་ཕྱེ་བ། 

7.ལས་ཀྱིས་རྣམ་པར་ཕྱེ་བ།

8.ལུས་ཀྱིས་རྣམ་པར་ཕྱེ་བ།

9.རིགས་ཀྱིས་རྣམ་པར་ཕྱེ་བའོ༎ དེའི་དང་པོ་ལྔ་ནི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བའོ༎ ཕྱི་མ་བཞི་ནི་རྣམ་གྲངས་ཀྱིས་རབ་ཏུ་ཕྱེ་བ་སྟེ། དེ་དག་ནི་གང་ཟག་ཏུ་བཏགས་པས་ཡོད་པ་ལ་བརྗོད་པའོ༎ ཀུན་གཞི་ནི་མཚན་ཉིད་ཀྱི་ཐེག་པར་བཤད་པ་དང་མཚུངས་སོ༎