མ་རིག་པའི་ཟག་པ་རྫས་བཅོ་ལྔ།སྔ་མའི་པར་གཞི་དེ སེམས་ཀྱི་ལོ་མ།  ནས 2020-11-25 10:52ལ་འགྲུབ།

མ་རིག་པའི་ཟག་པ་རྫས་བཅོ་ལྔ།

འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བའི་མ་རིག་པའི་ཟག་པ་རྫས་བཅོ་ལྔ་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་དབུ་མ་ཧ་པ》ཤ145ན4ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 ནང་དོན་རིག་པ།

འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ།

1.སྡུག་བསྔལ་གྱི་སྤང་བར་བྱ་བའི་མ་རིག་པ།

2.ཀུན་འབྱུང་གི་སྤང་བར་བྱ་བའི་མ་རིག་པ།

3.འགོག་པའི་སྤང་བར་བྱ་བའི་མ་རིག་པ།

4.ལམ་མཐོང་བས་སྤང་བར་བྱ་བའི་མ་རིག་པ།

5.བསྒོམ་པས་སྤང་བར་བྱ་བའི་མ་རིག་པ།

དེ་བཞིན་དུ་གཟུགས་ཁམས་སུ་སྤང་བར་བྱ་བའི་མ་རིག་པ་ལྔ།

གཟུགས་མེད་ཀྱི་ཁམས་སུ་སྤང་བར་བྱ་བའི་མ་རིག་པ་ལྔ་བཅས་སོ༎