བློན་ཁྲིམས་སྣོལ་མ་བཅོ་ལྔ།སྔ་མའི་པར་གཞི་དེ སེམས་ཀྱི་ལོ་མ།  ནས 2020-11-25 10:55ལ་འགྲུབ།

བློན་ཁྲིམས་སྣོལ་མ་བཅོ་ལྔ།

《ལྡེའུ་ཆོས་འབྱུང》ལས་བྱུང་བའི་བློན་ཁྲིམས་སྣོལ་མ་བཅོ་ལྔ་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《ལྡེའུ་ཆོས་འབྱུང》དེབ་ཤ275.14ལས་བཏུས།
རིགས་དབྱེ།
སྒྲ་རིག་པ།
1 རྣམ་གྲངས་འདྲེན་པ།

1.མཛད་པ་གསུམ།

(1)ཕྱིའི་དགྲ་བཏུལ་ནས་ནང་བདེ་བར་མཛད་པ། 

(2)ནང་གི་ཚིས་བྱས་ནས་འཁོར་འདུ་བར་མཛད་པ།

(3)ལྷ་ཆོས་བྱས་ནས་སངས་རྒྱས་ཐོབ་པར་མཛད་པའོ༎

2.མི་མཛད་པ་གསུམ།

(1)ལྷ་ཆོས་ཡ་རབས་ཀྱི་རྐྱེན་ཁེང་པོ་ལ་མི་བསྟན། 

(2)གསང་སྔགས་སངས་རྒྱས་ཀྱི་རྒྱུ་ཡིན་ནོར་དུ་མི་བཙོང་སྙིང་ལ་བཅངས།

(3)ཁེང་པོ་རྗེ་རུ་མི་དབྱུང་། མི་ཁྱད་མེད་པར་འགྲོ་བས་ཁེང་པོའི་བུས་བསྟོད་མི་ཐུབ་པས་སོ་ལ་བཞག་པ་དང་གསུམ་མོ༎

3.བསྟོད་པའོ༎

(1)དཔའ་བོ་སྟག་གིས་མ་བསྟོད་ན། དཔའ་བོ་བྱས་པའི་དོན་མེད།

(2)མཛངས་པ་ལ་ཡིག་ཚང་གིས་མ་བསྟོད་ན། མཛངས་པ་ཡིད་ཞི་འགྲོ།

(3)ལེགས་པ་བྱ་དགས་མ་བསྟོད་ན། ལེགས་པ་བྱེད་པའི་རུ་མ་མེད་པའོ༎

4.སྨད་པ་གསུམ་ནི།

(1)སྡར་མ་ལ་ཝ་ཞུས་མ་སྨད་ན། དཔའ་བོ་དང་སྡར་མའི་ཤན་མི་ཕྱེད།

(2)ངན་པ་ལ་ནན་ཐུར་མ་བྱས་ན་མཛངས་ཤན་གྱི་ཤན་མི་ཕྱེད།

(3)ཉེས་པ་ལ་ཆད་པ་མ་བཅད་ན། ལང་ཤོར་ལ་འགྲོ་བའོ༎

5.མནར་དུ་མི་གཞུག་པ་གསུམ་ནི།

(1)ལུས་སྲོག་བསྐྱེད་པའི་ཕ་མ་མནར་ན་ལ་ཡོགས་འོང་ཞིང་མིས་འཕྱ་བས་མནར་དུ་མི་གཞུག

(2)མཆན་གྱི་བུ་ཚ་མནར་ན་དགྲ་ཡང་ཁྲེལ་ནས་འགྲོ་བས་མནར་དུ་མི་གཞུག

(3)ཟླ་རོགས་མནར་ན་སོ་ནམ་ཆག་ནས་མཐའ་མ་དབུལ་པོར་འགྲོ་བས་མནར་དུ་མི་གཞུག་པ་བཅས་སོ༎