སྤྱད་བྱ་སྤྱོད་པའི་དམ་ཚིག་བཅོ་ལྔ།སྔ་མའི་པར་གཞི་དེ སེམས་ཀྱི་ལོ་མ།  ནས 2020-11-23 17:06ལ་འགྲུབ།

སྤྱད་བྱ་སྤྱོད་པའི་དམ་ཚིག་བཅོ་ལྔ།

ཡོན་ཏན་རིན་པོ་ཆེའི་མཛོད་འགྲེལ་ཉིན་བྱེད་སྣང་བ་ལས་བྱུང་བའི་སྤྱད་བྱ་སྤྱོད་པའི་དམ་ཚིག་བཅོ་ལྔ་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《དཔལ་སྤྲུལ་གསུང་འབུམ་ང་པ》ཤ67བ5ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ། 

ཡོན་ཏན་རིན་པོ་ཆེའི་མཛོད་འགྲེལ་ཉིན་བྱེད་སྣང་བ་ལས་བྱུང་བ་སྟེ། 

1.ནད་ལྔ་སེལ་བ་ནི། 

(1)དྲི་ཆེན་གྱིས་དུག་ནད་སེལ།

(2)དྲི་ཆུས་གག་པ་སེལ།

(3)མཱཾ་སས་མཛེ་སེལ།

(4)རཀྟས་གྲང་བ་སེལ།

(5)བྱང་སེམས་དཀར་པོས་ཚ་བའི་ནད་སེལ་བ་དང་ལྔའོ༎

2.ཐུན་མོང་གི་དངོས་གྲུབ་ལྔ་སྒྲུབ་པ་ནི།

(1)དྲི་ཆེན་གྱིས་མཐུ་ཆེ།

(2)དྲི་ཆུས་སྐད་སྙན།

(3)མཱཾ་སས་ཚེ་རིང་།

(4)རཀྟས་བཀྲག་མདངས་གསལ།

(5)བྱང་སེམས་དཀར་པོས་མི་བརྗེད་པའི་གཟུངས་ཐོབ་པ་དང་ལྔའོ༎ 

3.རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན་ནི།

(1)དྲི་ཆེན་བུདྡྷའི་རིགས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས།

(2)དྲི་ཆུ་ལས་རིགས་བྱ་གྲུབ།

(3)མཱཾ་ས་རིན་པོ་ཆེའི་རིགས་མཉམ་ཉིད།

(4)རཀྟ་པདྨའི་རིགས་སོ་སོར་རྟོག 

(5)བྱང་སེམས་དཀར་པོ་རྡོ་རྗེའི་རིགས་མེ་ལོང་ཡེ་ཤེས་དང་ལྔ་བཅས་སོ༎