དཔག་ཚད་རྩི་ཚུལ་གྱི་ཚན་པ་བཅོ་ལྔ།སྔ་མའི་པར་གཞི་དེ སེམས་ཀྱི་ལོ་མ། ནས 2020-11-23 17:03ལ་འགྲུབ།
མཛོད་གནས་གསུམ་པ་ལས་བྱུང་བ་སྟེ།
1.རྡུལ་རྫས་བརྒྱད་དེ་ས་ཆུ་མེ་རླུང་གཟུགས་དྲི་རོ་རེག་རྡུལ་ཏེ་རྡུལ་རྫས་བརྒྱད་རེ་རེ་ལ་རྫས་རྡུལ་ཞེས་བརྗོད་ལ། དེ་ཕྱོགས་གཅིག་ཏུ་འདུས་པ་ལ་བསགས་རྡུལ་ལམ་རྡུལ་ཕྲ་རབ།
2.དེ་བདུན་ལ་རྡུལ་ཕྲན།
3.དེ་བདུན་ལ་ལྕགས་ཕྲན།
4.དེ་བདུན་ལ་ཆུ་རྡུལ།
5.དེ་བདུན་ལ་རི་བོང་རྡུལ།
6.དེ་བདུན་ལ་ལུག་རྡུལ།
7.དེ་བདུན་ལ་གླང་རྡུལ།
8.དེ་བདུན་ལ་ཉི་ཟེར་རྡུལ།
9.དེ་བདུན་ལ་སྲོ་མའི་རྡུལ།
10.དེ་བདུན་ལ་ཤིག་རྡུལ།
11.བཅུ་གཅིག་པོ་སྔ་མ་སྔ་མ་ལས་ཕྱི་མ་བདུན་འགྱུར་ཆེ་བས་སོར་གང་།
12.སོར་ཉེར་བཞི་ལ་ཁྲུ་གང་ངོ་༎
13.ཁྲུ་བཞི་ལ་འདོམ་གང་ངོ་༎
14.འདོམ་ལྔ་བརྒྱ་ལ་རྒྱང་གྲངས་གཅིག
15.རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་གོ །