ནད་གནས་པ་རྣམ་པ་བཅོ་ལྔ།སྔ་མའི་པར་གཞི་དེ སེམས་ཀྱི་ལོ་མ།  ནས 2020-11-23 15:10ལ་འགྲུབ།

ནད་གནས་པ་རྣམ་པ་བཅོ་ལྔ།

《རྒྱུད་བཞིའི་འགྲེལ་ཆེན་དྲང་སོང་ཞལ་ལུང》ལས་བྱུང་བའི་ནད་གནས་པ་རྣམ་པ་བཅོ་ལྔ་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《རྒྱུད་བཞིའི་འགྲེལ་ཆེན་དྲང་སོང་ཞལ་ལུང》དེབ་དང་པོ43.19ལས་བཏུས།
རིགས་དབྱེ།
གསོ་བ་རིག་པ།
1 རྣམ་གྲངས་འདྲེན་པ།

1.རླུང་སྲོག་འཛིན་སྤྱི་བོར་གནས་པ།

2.རླུང་གྱེན་རྒྱུ་བྲང་ལ་གནས་པ།

3.རླུང་ཁྱབ་བྱེད་སྙིང་ལ་གནས་པ།

4.རླུང་མེ་མཉམ་ཕོ་བར་གནས་པ།

5.རླུང་ཐུར་སེལ་གཞང་ལ་གནས་པ་དང་རླུང་ལ་ལྔའོ༎

6.མཁྲིས་པ་འཇུ་བྱེད་ཕོ་བར་གནས་པ།

7.མཁྲིས་པ་མདངས་བསྒྱུར་མཆིན་པར་གནས་པ།

8.མཁྲིས་པ་སྒྲུབ་བྱེད་སྙིང་ལ་གནས་པ།

9.མཁྲིས་པ་མཐོང་བྱེད་མིག་ལ་གནས་པ།

10.མཁྲིས་པ་མདོག་གསལ་པགས་པ་ལ་གནས་པ་དང་མཁྲིས་པ་ལ་ལྔའོ༎

11.བད་ཀན་རྟེན་བྱེད་བྲང་ལ་གནས་པ། 

12.བད་ཀན་མྱག་བྱེད་ཕོ་བའི་སྟོད་ལ་གནས་པ།

13.བད་ཀན་མྱོང་བྱེད་ལྕེ་ལ་གནས་པ།

14.བད་ཀན་ཚིམ་བྱེད་མགོ་ལ་གནས་པ།

15.བད་ཀན་འབྱོར་བྱེད་ཚིགས་མིག་ཀུན་ལ་གནས་པ་དང་བད་ཀན་ལ་ལྔ་བཅས་སོ༎