ནད་ཀྱི་གཉེན་པོ་སྤྲོད་པའི་སྐབས་ཀྱི་བསླབ་པར་བྱ་བ་རྣམ་གྲངས་བཅོ་ལྔ།སྔ་མའི་པར་གཞི་དེ སེམས་ཀྱི་ལོ་མ།  ནས 2020-11-23 15:05ལ་འགྲུབ།

ནད་ཀྱི་གཉེན་པོ་སྤྲོད་པའི་སྐབས་ཀྱི་བསླབ་པར་བྱ་བ་རྣམ་གྲངས་བཅོ་ལྔ།

《རྒྱུད་བཞིའི་འགྲེལ་ཆེན་དྲང་སོང་ཞལ་ལུང》ལས་བྱུང་བའི་ནད་ཀྱི་གཉེན་པོ་སྤྲོད་པའི་སྐབས་ཀྱི་བསླབ་པར་བྱ་བ་རྣམ་གྲངས་བཅོ་ལྔ་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《རྒྱུད་བཞིའི་འགྲེལ་ཆེན་དྲང་སོང་ཞལ་ལུང》དེབ་དང་པོ34.5ལས་བཏུས།
རིགས་དབྱེ།
གསོ་བ་རིག་པ།
1 ​རྣམ་གྲངས་འདྲེན་པ།

1.ཟླ་ཟེར་དུ་གནོད་ཅིང་སུན་འབྱིན་པར་བྱེད་པས་ན་ཉེས་པ་སྟེ། རླུང་མཁྲིས་བད་ཀན་གསུམ་དང་འདུས་པ་གསོ་བའི་སྐབས།

2.མ་ཞུ་བས་རྒྱུ་བྱས་པའི་ཁོང་ནད་རིགས་ཐམས་ཅད་གསོ་བའི་སྐབས། 

3.མཁྲིས་པའི་མེ་དྲོད་ཐང་ལས་ལྷག་པས་ཚད་པའི་རིགས་གསོ་བའི་སྐབས།

4.ལུས་སྟོད་ལྦ་བ་ཡན་གྱི་མགོ་བོ་སོགས་ཀྱི་ནད་གསོ་བའི་སྐབས།

5.དོན་ལྔ་སྣོད་དྲུག་གི་ནད་གསོ་བའི་སྐབས།

6.གསང་བའི་ནད་གསོ་བའི་སྐབས།

7.གཅིག་ཏུ་མི་འདུས་པའི་བླ་གཉེན་སོགས་ཐོར་བུའི་ནད་གསོ་བའི་སྐབས།

8.ཕྱིའི་རྐྱེན་མེད་པར་གནོད་བྱ་ལས་བྱུང་བས་ལྷན་སྐྱེས་རྨ་གསོ་བའི་སྐབས་ཏེ་ལུས་སྤྱི་གསོ་བའི་ཡན་ལག་གོ །

9.བྱིས་པ་གསོ་བའི་སྐབས།

10.མོ་ནད་གསོ་བའི་སྐབས།

11.གདོན་གྱི་ཟིན་པ་གསོ་བའི་སྐབས།

12.མཚོན་རྨ་གསོ་བའི་སྐབས།

13.དུག་ནད་གསོ་བའི་སྐབས།

14.རྒས་པ་གསོ་བའི་སྐབས།

15.རོ་ཙ་བ་སྟེ་རྒྱུ་ལུས་ཟུངས་གསོས་པས་འབྲས་བུ་འདོད་པ་ལ་བུ་དང་རྟེན་གྱི་དྭངས་བཅུད་རྒྱས་པར་བྱེད་པ་གསོ་བའི་སྐབས་བཅས་སོ༎