ནད་ཀྱི་རྒྱུ་ལམ་བཅོ་ལྔ།སྔ་མའི་པར་གཞི་དེ སེམས་ཀྱི་ལོ་མ།  ནས 2020-11-23 15:00ལ་འགྲུབ།

ནད་ཀྱི་རྒྱུ་ལམ་བཅོ་ལྔ།

《རྒྱུད་བཞིའི་འགྲེལ་ཆེན་དྲང་སོང་ཞལ་ལུང》ལས་བྱུང་བའི་ནད་ཀྱི་རྒྱུ་ལམ་བཅོ་ལྔ་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《རྒྱུད་བཞིའི་འགྲེལ་ཆེན་དྲང་སོང་ཞལ་ལུང》དེབ་དང་པོ46.16ལས་བཏུས།
རིགས་དབྱེ།
གསོ་བ་རིག་པ།
1 རྣམ་གྲངས་འདྲེན་པ།

རླུང་གི་རྒྱུ་ལམ་ལྔ་ནི། 

1.རླུང་ལུས་ཟུངས་བདུན་གྱི་ནང་ནས་རུས་པ་ལ་རྒྱུ་བ།

2.དབང་པོ་ལྔ་ཡི་ནང་ནས་རྣ་བ་ལ་རྒྱུ་བ།

3.དྲི་མ་གསུམ་གྱི་ནང་ནས་རེག་བྱ་སྟེ་སྐྱི་དང་བ་སྤུ་ལ་རྒྱུ་བ།

4.དོན་ལྔའི་ནང་ནས་སྙིང་སྲོག་ལ་རྒྱུ་བ།

5.སྣོད་དྲུག་གི་ནང་ནས་མཁྲིས་པ་དང་རྒྱུ་མ་ལ་རྒྱུ་བ་བཅས་དང་། 

མཁྲིས་པའི་རྒྱུ་ལམ་ལྔ་ནི།

1.མཁྲིས་པ་ལུས་ཟུངས་བདུན་གྱི་ནང་ནས་ཁྲག་ལ་རྒྱུ་བ།

2.དྲི་མ་གསུམ་གྱི་ནང་ནས་རྔུལ་ལ་རྒྱུ་བ།

3.དབང་པོ་ལྔའི་ནང་ནས་མིག་ལ་རྒྱུ་བ།

4.དོན་ལྔའི་ནང་ནས་མཆིན་པ་ལ་རྒྱུ་བ།

5.སྣོད་དྲུག་གི་ནང་ནས་མཁྲིས་པ་དང་རྒྱུ་མ་ལ་རྒྱུ་བ།

བད་ཀན་གྱི་རྒྱུ་ལམ་ལྔ་ནི།

1.བད་ཀན་ལུས་ཟུངས་བདུན་གྱི་ནང་ནས་དྭངས་མ་ཤ་ཚིལ་རྐང་ཁུ་ལ་རྒྱུ་བ།

2.དྲི་མ་གསུམ་གྱི་ནང་ནས་གཤང་ལྕི་ལ་རྒྱུ་བ།

3.དབང་པོ་ལྔའི་ནང་ནས་སྣ་ལྕེ་ལ་རྒྱུ་བ།

4.དོན་ལྔའི་ནང་ནས་གློ་མཆེར་མཁལ་མ་ལ་རྒྱུ་བ།

5.སྣོད་དྲུག་གི་ནང་ནས་ཕོ་བ་ལྒང་པ་ལ་རྒྱུ་བ་བཅས་སོ༎