ནང་གི་དངོས་པོའི་འགྱུར་བ་རྣམ་པ་བཅོ་ལྔ།སྔ་མའི་པར་གཞི་དེ སེམས་ཀྱི་ལོ་མ།  ནས 2020-11-23 14:58ལ་འགྲུབ།

ནང་གི་དངོས་པོའི་འགྱུར་བ་རྣམ་པ་བཅོ་ལྔ།

རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བའི་ནང་གི་དངོས་པོའི་འགྱུར་བ་རྣམ་པ་བཅོ་ལྔ་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་མདོ་སྡེ་ཛི་པ》ཤ179ན1ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ།

1.གནས་སྐབས་ལས་གྱུར་པའི་འགྱུར་བ།

2.ཁ་དོག་ལས་གྱུར་པའི་འགྱུར་བ།

3.དབྱིབས་ལས་གྱུར་པའི་འགྱུར་བ།

4.འབྱོར་པ་དང་རྒུད་པ་ལས་གྱུར་པའི་འགྱུར་བ།

5.ཡན་ལག་དང་ཉིང་ལག་ཚང་བ་དང་མ་ཚང་བ་ལས་གྱུར་པའི་འགྱུར་བ།

6.ཡོངས་སུ་ངལ་བ་ལས་གྱུར་པའི་འགྱུར་བ།

7.གཞན་གྱི་གནོད་པ་བྱས་པ་ལས་གྱུར་པའི་འགྱུར་བ།

8.གྲང་བ་དང་དྲོ་བ་ལས་གྱུར་པའི་འགྱུར་བ།

9.སྤྱོད་ལམ་ལས་གྱུར་པའི་འགྱུར་བ།

10.རེག་པ་ལས་གྱུར་པའི་འགྱུར་བ།

11.ཀུན་ནས་ཉོན་མོངས་པ་ལས་གྱུར་པའི་འགྱུར་བ།

12.ན་བ་ལས་གྱུར་པའི་འགྱུར་བ།

13.འཆི་བ་ལས་གྱུར་པའི་འགྱུར་བ།

14.རྣམ་པར་བརྡོས་པ་ལ་སོགས་པ་ལས་གྱུར་པའི་འགྱུར་བ།

15.རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་སྣང་ཞིང་ཡོངས་སུ་ཟད་པ་ལས་གྱུར་པའི་འགྱུར་བ་བཅས་སོ༎