འདུ་བྱེད་རྣམས་འགྱུར་བའི་རྣམ་པ་བཅོ་ལྔ།སྔ་མའི་པར་གཞི་དེ སེམས་ཀྱི་ལོ་མ།  ནས 2020-11-18 11:13ལ་འགྲུབ།

འདུ་བྱེད་རྣམས་འགྱུར་བའི་རྣམ་པ་བཅོ་ལྔ།

འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བའི་འདུ་བྱེད་རྣམས་འགྱུར་བའི་རྣམ་པ་བཅོ་ལྔ་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་སྣ་ཚོགས་ཇོ་པ》ཤ63ན3ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 ​རྣམ་གྲངས་འདྲེན་པ།

འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ།

1.གནས་སྐབས་ལས་གྱུར་པའི་འགྱུར་བ།

2.ཁ་དོག་ལས་གྱུར་པའི་འགྱུར་བ། 

3.དབྱིབས་ལས་གྱུར་པའི་འགྱུར་བ།

4.འབྱོར་པ་དང་རྒུད་པ་ལས་གྱུར་པའི་འགྱུར་བ།

5.ཡན་ལག་དང་ཉིང་ལག་ཚང་བ་དང་མ་ཚང་བ་ལམ་ལས་གྱུར་པའི་འགྱུར་བ།

6.ཡོངས་སུ་ངལ་བ་ལས་གྱུར་པའི་འགྱུར་བ།

7.གཞན་གྱིས་གནོད་པ་བྱས་པ་ལས་གྱུར་པའི་འགྱུར་བ།

8.གྲང་བ་དང་དྲོ་བ་ལས་གྱུར་པའི་འགྱུར་བ།

9.སྤྱོད་ལས་ལས་གྱུར་པའི་འགྱུར་བ།

10.རིག་པ་ལས་གྱུར་པའི་འགྱུར་བ།

11.ཀུན་ནས་ཉོན་མོངས་པ་ལས་གྱུར་པའི་འགྱུར་བ།

12.ན་བ་ལས་གྱུར་པའི་འགྱུར་བ།

13.འཆི་བ་ལས་གྱུར་པའི་འགྱུར་བ།

14.རྣམ་པར་བསྡོས་པ་ལ་སོགས་པ་ལས་གྱུར་པའི་འགྱུར་བ།

15.ཐམས་ཅད་ཀྱི་ཐམས་ཅད་དུ་མི་སྣང་ཞིང་ཡོངས་སུ་ཟད་པ་ལས་གྱུར་པའི་འགྱུར་བ་བཅས་སོ༎