ཝུའུ་ཧན་འཁེལ་འཐག་སློབ་ཆེན།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-10-21 17:44ལ་འགྲུབ།

ཝུའུ་ཧན་འཁེལ་འཐག་སློབ་ཆེན།

ཝུའུ་ཧན་འཁེལ་འཐག་སློབ་ཆེན།
ཝུའུ་ཧན་འཁེལ་འཐག་སློབ་ཆེན་ནི་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་གནས་པ་དང་སྤྱི་ལོ2019ལོའི་ཟླ6པའི་བར་ཝུའུ་ཧན་འཁེལ་འཐག་སློབ་ཆེན་གྱིས་ས་ཆ་མུའུ2000ལྷག་ཙམ་བཟུང་ཡོད་ཅིང་། སློབ་ཁུལ་བཞི་ཡོད་པ་དང་སློབ་གླིང21ལ་དངོས་གཞིའི་ཚན་ཁག་གི་ཆེད་ལས64ཡོད། རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས14དང་དགེ་རྒན་དང་ལས་བཟོ་བ2000ཙམ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
武汉纺织大学
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
ཚན་རིག་དང་བཟོ་སྐྲུན་སློབ་གླིང་། འཕྲུལ་ཆས་བཟོ་སྐྲུན་སློབ་གླིང་། འགྱུར་བཟོ་ལས་སློབ་གླིང་། ཁོར་ཡུག་བཟོ་སྐྲུན་སློབ་གླིང་། གློག་རྡུལ་དང་གློག་ཤུགས་བཟོ་སྐྲུན་སློབ་གླིང་སོགས།
བཙུགས་ལོ།
སྤྱི་ལོ1958ལོར།
སློབ་བཙུགས་ཉིན་མོ།
ཟླ10པའི་ཚེས18ཉིན།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ།
སློབ་གྲྭའི་ཚབ་ཨང་།
10495
གཙོ་གཉེར་སྡེ་ཁག
ཧོ་པེ་ཞིང་ཆེན།
ད་ལྟའི་འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ཐེན་ཧུའེ་ཡུས། སློབ་གཙོ། ཐེན་ཧུའེ་ཡུས།
དངོས་གཞིའི་ཆེད་ལས།
64
གཞུང་ཕྱོགས་དྲ་གནས།
https://www.wtu.edu.cn
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་གཞུང་བསླབ་གནས་རིག་ཚན14  རིམ་པ་གཉིས་པའི་རིག་གཞུང་བསླབ་གནས་རིག་ཚན47
དཀར་ཆག
1   ལོ་རྒྱུས་འཕེལ་རིམ།
2   སློབ་གླིང་དང་སྡེ་ཁག་གི་ཆེད་ལས། 
2.1 དཔལ་འབྱོར་སློབ་གླིང་།
2.2 ཕྱི་སྐད་སློབ་གླིང་།
2.3 གཏོང་སྦྱོར་སློབ་གླིང་། 
2.4 གྲངས་རིག་དང་རྩིས་འཁོར་སློབ་གླིང་།
2.5 རྫས་འགྱུར་བཟོ་ལས་སློབ་གླིང་། 
2.6 རྒྱུ་ཆའི་ཚན་རིག་དང་བཟོ་སྐྲུན་སློབ་གླིང་། 
2.7 གློག་ཤུགས་བཟོ་སྐྲུན་སློབ་གླིང་། 
2.8 ཁོར་ཡུག་བཟོ་སྐྲུན་སློབ་གླིང་།
2.9 འཁེལ་འཐག་ཚན་རིག་དང་བཟོ་སྐྲུན་སློབ་གླིང་།
2.10 གྱོན་ཆས་སློབ་གླིང་།
2.11 དོ་དམ་སློབ་གླིང་།
2.12 རྩིས་གཉེར་སློབ་གླིང་། 
2.13 སྒྱུ་རྩལ་དང་ཇུས་འགོད་སློབ་གླིང་།
3   རིག་ཚན་འཛུགས་སྐྲུན།
4   དགེ་རྒན་གྱི་དཔུང་སྡེ།
5   སློབ་ཁྲིད་འཛུགས་སྐྲུན།
6   སློབ་ཁྲིད་གྲུབ་འབྲས།
7   ཞིབ་འཇུག་གི་གྲུབ་འབྲས།
8   ཞིབ་འཇུག་ལས་ཁུངས།
9   རིག་གཞུང་ཐོན་ཁུངས།
10   རིག་གཞུང་དུས་དེབ།
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1958ལོར་ཧུའུ་པེ་ཞིང་ཆེན་ཕྱི་ཕྱོགས་ཉོ་ཚོང་སློབ་གྲྭ་བཙུགས། 

སྤྱི་ལོ1964ལོར་ཧུའུ་པེ་ཞིང་ཆེན་ཕྱི་ཕྱོགས་ཉོ་ཚོང་སློབ་གྲྭ་ཞེས་པར་མིང་བསྒྱུར། 

སྤྱི་ལོ1974ལོར་ཧུའུ་པེ་ཞིང་ཆེན་ཕྱི་ཕྱོགས་ཉོ་ཚོང་ལས་བྱེད་སློབ་གྲྭ་དང་ཟླ་སྒྲིལ་བཏང་། 

སྤྱི་ལོ1958ལོར་ཝུའུ་ཧན་འཁེལ་འཐག་བཟོ་ལས་སློབ་གླིང་བཙུགས། 

སྤྱི་ལོ1978ལོར་ཧུའུ་པེ་ཡང་བའི་བཟོ་ལས་སློབ་གླིང་གི་འཁལ་འཐག་ཆེད་ལས་ཟླ་སྒྲིལ་བཏང་། 

སྤྱི་ལོ1999ལོར་ཝུའུ་ཧན་ཚན་རྩལ་སློབ་གླིང་ཞེས་པར་མིང་བསྒྱུར། 

སྤྱི་ལོ1954ལོར་ཧུའུ་པེ་ཞིང་ཆེན་ནོར་སྲིད་ལས་བྱེད་སློབ་གྲྭར་མིང་བསྒྱུར། 

སྤྱི་ལོ1957ལོར་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ནོར་སྲིད་དཔལ་འབྱོར་ལས་བྱེད་པའི་སློབ་གྲྭར་མིང་བསྒྱུར། 

སྤྱི་ལོ1958ལོར་ཧུའུ་པེ་ཞིང་ཆེན་ནོར་སྲིད་དངུལ་རྩའི་ལས་བྱེད་པའི་སློབ་གྲྭར་མིང་བསྒྱུར།

སྤྱི་ལོ1960ལོར་ཧུའུ་པེ་ཞིང་ཆེན་ནོར་སྲིད་དངུལ་རྩའི་སློབ་གྲྭར་མིང་བསྒྱུར།

སྤྱི་ལོ1979ལོར་ཧུའུ་པེ་ཞིང་ཆེན་ནོར་སྲིད་སློབ་གྲྭ་དང་ཧུའུ་པེ་དངུལ་ཁང་སློབ་གྲྭ་ཞེས་པར་མིང་བསྒྱུར། 

སྤྱི་ལོ1988ལོར་ཀྲུང་ནན་ནོར་དཔལ་སློབ་ཆེན་ཧུའུ་པེ་ནོར་སྲིད་ཡན་ལག་སློབ་གྲྭ་ཞེས་པར་མིང་བསྒྱུར། 

སྤྱི་ལོ1994ལོར་ཧུའུ་པེ་ནོར་དཔལ་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ཞེས་པར་མིང་བསྒྱུར། 

སྤྱི་ལོ2002ལོར་ཧུའུ་པེ་ཞིང་ཆེན་ཕྱི་ཕྱོགས་ཉོ་ཚོང་སློབ་གྲྭ་ཝུའུ་ཧན་ཚན་རྩལ་སློབ་གླིང་དུ་ཟླ་སྒྲིལ་བཏང་། 

སྤྱི་ལོ2006ལོར་ཧུའུ་པེ་ནོར་དཔལ་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ཧུའུ་པེ་ཞིང་ཆེན་སློབ་གསོ་ཐིང་གིས་ཝུའུ་ཧན་ཚན་རྩལ་སློབ་གླིང་ལ་ཚབ་གཉེར་བྱ་རྒྱུའི་མངགས་བཅོལ་བྱས། 

སྤྱི་ལོ2010ལོར་ཝུའུ་ཧན་ཚན་རྩལ་སློབ་གླིང་གི་མིང་ཝུའུ་ཧན་འཁལ་འཐག་སློབ་ཆེན་དུ་བསྒྱུར།

སྤྱི་ལོ2011ལོར་ཧུའུ་པེ་ནོར་དཔལ་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ཝུའུ་ཧན་འཁལ་འཐག་སློབ་ཆེན་དང་ཟླ་སྒྲིལ་བཏང་།

སྤྱི་ལོ2018ལོའི་ཟླ6པར་ཧུའུ་པེ་ཞིང་ཆེན་གྱི“རྒྱལ་ནང་གི་རིག་ཚན་རྩེ་གྲའི”འཛུགས་སྐྲུན་མཐོ་རིམ་སློབ་གྲྭ་རུ་བདམས། 

2 སློབ་གླིང་དང་སྡེ་ཁག་གི་ཆེད་ལས། 

སྤྱི་ལོ2019ལོའི་ཟླ6པར་ཝུའུ་ཧན་འཁལ་འཐག་སློབ་ཆེན་དུ་སློབ་གླིང21བཙུགས་པ་དང་དངོས་གཞིའི་ཚན་ཁག་གི་ཆེད་ལས64བཙུགས། 

2_1 དཔལ་འབྱོར་སློབ་གླིང་།

ནོར་སྲིད་རིག་པ། དཔལ་འབྱོར་རིག་པ། ཁྲལ་བསྡུ་རིག་པ། དངུལ་རྩའི་རིག་པ། མ་འཇོག་རིག་པ། རྒྱལ་སྤྱིའི་དཔལ་འབྱོར་དང་ཉོ་ཚོང་།

2_2 ཕྱི་སྐད་སློབ་གླིང་།

དབྱིན་ཡིག རྩོམ་རིག ཚོང་དོན་དབྱིན་ཡིག རྩོམ་རིག

2_3 གཏོང་སྦྱོར་སློབ་གླིང་། 

རྒྱང་སྒྲོག་བརྙན་འཕྲིན་རིག་པ། རྩོམ་རིག བརྡ་ཁྱབ་རིག་པ། དྲ་རྒྱ་དང་སྨྱན་སྦྱོར་གསར་པ། འགུལ་རིས། སྒྱུ་རྩལ་རིག་པ། པར་ལེན། སྒྱུ་རྩལ་རིག་པ། ཨང་ཀིའི་སྨྱན་གཟུགས་སྒྱུ་རྩལ།

2_4 གྲངས་རིག་དང་རྩིས་འཁོར་སློབ་གླིང་།

གྲངས་རིག་དང་ཉེར་སྤྱོད་གྲངས་རིག ཆ་འཕྲིན་དང་རྩིས་རྒྱག་ཚན་རིག རྩིས་འཁོར་ཚན་རིག་དང་ལག་རྩལ། མཉེན་ཆས་ལས་གྲྭ། 

2_5 རྫས་འགྱུར་བཟོ་ལས་སློབ་གླིང་། 

ཉེར་སྤྱོད་རྫས་འགྱུར། རྫས་འགྱུར་ལས་གྲྭ་དང་བཟོ་རྩལ། ཡང་བཟོ་ལས་གྲྭ། ཐོན་ཁུངས་འཁོར་སྐྱོད་ཚན་རིག་དང་ལས་གྲྭ།

2_6 རྒྱུ་ཆའི་ཚན་རིག་དང་བཟོ་སྐྲུན་སློབ་གླིང་། 

རྒྱུ་ཆའི་ཚན་རིག་དང་ལས་གྲྭ། རྒྱུ་ཆའི་རྫས་འགྱུར། ཆ་རྡུལ་རྒྱུ་ཆ་དང་བཟོ་སྐྲུན། འདྲེས་སྦྱོར་རྒྱུ་ཆ་དང་ལས་གྲྭ། 

2_7 གློག་ཤུགས་བཟོ་སྐྲུན་སློབ་གླིང་། 

གློག་ཤུགས་བཟོ་སྐྲུན་དང་རིག་ནུས་ཚོད་འཛིན། གློག་རྡུལ་ཆ་འཕྲིན་ལས་གྲྭ། འཕྲིན་གཏོང་བཟོ་སྐྲུན། འོད་གློག་ཆ་འཕྲིན་ཚན་རིག་དང་བཟོ་སྐྲུན། གློག་རྡུལ་ཆ་འཕྲིན་ཚན་རིག་དང་ལག་རྩལ། 

2_8 ཁོར་ཡུག་བཟོ་སྐྲུན་སློབ་གླིང་།

འཛུགས་སྐྲུན་ཁོར་ཡུག་དང་ནུས་ཁུངས་བེད་སྤྱོད་ལས་གྲྭ། ཆུ་འདྲེན་ཚན་རིག་དང་ལས་གྲྭ། ཁོར་ཡུག་ལས་གྲྭ། ཁོར་ཡུག་ཚན་རིག སྐྱེ་དངོས་ལས་གྲྭ།

2_9 འཁེལ་འཐག་ཚན་རིག་དང་བཟོ་སྐྲུན་སློབ་གླིང་།

འཁེལ་འཐག་ལས་གྲྭ།

2_10 གྱོན་ཆས་སློབ་གླིང་།

གྱོན་ཆས་ཇུས་འགོད་དང་བཟོ་སྐྲུན། སྒྱུ་རྩལ་རིག་པ།

2_11 དོ་དམ་སློབ་གླིང་།

ཆ་འཕྲིན་དོ་དམ་དང་ཆ་འཕྲིན་རྒྱུད་ཁོངས། དོ་དམ་རིག་པ། བཟོ་ཚོང་དོ་དམ། ཁྲོམ་རའི་ཚོང་གཉེར། གློག་རྡུལ་ཚོང་དོན། དོ་དམ་རིག་པ། མི་ཤུགས་ཐོན་ཁུངས་དོ་དམ། དོ་དམ་རིག་པ། དངོས་ཟོག་སྐྱེལ་འདྲེན་དོ་དམ།

2_12 རྩིས་གཉེར་སློབ་གླིང་། 

དོ་དམ་རིག་པ། རྩིས་གཉེར་རིག་པ། དོ་དམ་རིག་པ། ནོར་དོན་དོ་དམ།

2_13 སྒྱུ་རྩལ་དང་ཇུས་འགོད་སློབ་གླིང་།

སྒྱུ་རྩལ་ཇུས་འགོད་རིག་པ། སྒྱུ་རྩལ་རིག་པ། མཐོང་རིས་བརྒྱུད་བསྒྲགས་ཇུས་འགོད། ཁོར་ཡུག་ཇུས་འགོད། སྒྱུ་རྩལ་རིག་པ། ཐོན་རྫས་ཇུས་འགོད། སྒྱུ་རྩལ་རིག་པ།

3 རིག་ཚན་འཛུགས་སྐྲུན།

སྤྱི་ལོ2018ལོའི་ཟླ3པར་ཝུའུ་ཧན་འཁེལ་འཐག་སློབ་ཆེན་ལ་ཧུའུ་པེ་ཞིང་ཆེན་གྱི“རྒྱལ་ནང་གི་འཛུགས་སྐྲུན་རིག་ཚན་རྩེ་གྲ”1དང་། ཧུའུ་པེ་ཞིང་ཆེན་གྱི་རིམ་པ་དང་པོའི་གཙོ་གནད་རིག་ཚན8 ཧུའུ་པེ་ཞིང་ཆེན་གྱི་ལེགས་ཆ་དང་ཁྱད་ཆོས་ལྡན་པའི་རིག་ཚན5 ཧུའུ་པེ་ཞིང་ཆེན་གྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”ཞིང་ཆེན་ཁོངས་གཏོགས་ཀྱི་ལེགས་ཆའི་ཁྱད་ལྡན་རིག་ཚན་ཚོགས་པ2བཅས་ཡོད། རབ་འབྱམས་པས་རིམ་པ་དང་པོའི་རིག་ཚན13དང་རབ་འབྱམས་པའི་ཆེད་ལས་བསླབ་གནས་ཐོབ་ཐང་སྤྲོད་གནས6བཅས་ཡོད།

4 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2020ལོའི་ཟླ8པའི་བར་ཝུའུ་ཧན་འཁེལ་འཐག་སློབ་ཆེན་དུ་ད་ལྟ་དགེ་རྒན་དང་ལས་བཟོ་བ2000ལྷག་ཡོད་པ་དང་ཆེད་འགན་བཞེས་པའི་དགེ་རྒན1100ལྷག་ཡོད། དེའི་ནང་མཐོ་རིམ་གོ་མིང་ཡོད་པའི་དགེ་རྒན700ལྷག་ཙམ་དང་འབུམ་རམས་པ600ལྷག་ཙམ་ཡོད། ཡུན་རིང་སློབ་གྲྭར་ལས་ཀ་བྱེད་བཞིན་པའི་ཡོན་ཧྲི་དང་རྒྱལ་ཁོངས་ཕྱི་རྒྱལ་ནས་ཡིན་པའི་ཡོན་ཧྲི7ཡོད་པའི་ནང་ཨུ་རུ་སུའི་རང་བྱུང་ཚན་རིག་ཁང་གི་ཡོན་ཧྲི1 ཤེས་ལྡན་པ10ཡོད་པ་དང་ཞིང་ཆེན་རིམ་པའི་རིགས་ཁག་གི་ཤེས་ལྡན་པ200ཙམ་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལེན་མཁན37ཡོད་པ་དང་ཧུའུ་པེ་ཞིང་ཆེན་སྲིད་གཞུང་གི་ཆེད་དོན་ཕོགས་སྣོན་ལེན་མཁན12ཡོད།

5 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2018ལོའི་ཟླ3པའི་བར་ཝུའུ་ཧན་འཁེལ་འཐག་སློབ་ཆེན་ལ་རྒྱལ་ཁབ་ཀྱི་ཁྱད་ཆོས་ལྡན་པའི་ཆེད་ལས4ཡོད་པ་དང་། སློབ་གསོ་པུའུ“ཕུལ་བྱུང་བཟོ་བཀོད་ཆེན་མོ་བ་སློབ་གསོ་གསོ་སྐྱོང་འཆར་གཞིའི”ཆེད་ལས8དང་ཧུའུ་པེ་ཞིང་ཆེན་གྱི་སྤུས་རྟགས་ཆེད་ལས7ཡོད་པ་དང་། རྒྱལ་ཁབ་ཀྱི་སྤུས་རྟགས་སྒོ་དབྱེའི་སློབ་ཚན6ཡོད། 

6 སློབ་ཁྲིད་གྲུབ་འབྲས།

སྤྱི་ལོ2018ལོའི་ཟླ3པར་ཝུའུ་ཧན་འཁེལ་འཐག་སློབ་ཆེན་ལ་རྒྱལ་ཁབ་མཐོ་རིམ་སློབ་གྲྭའི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་རིམ་པ་གཉིས་པ2ཐོབ་པ་དང་ཞིང་ཆེན་དང་པུའུ་རིམ་པའི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་རིམ་པ་དང་པོ11ཐོབ། 

7 ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2018ལོའི་ཟླ3པར་ཝུའུ་ཧན་འཁེལ་འཐག་སློབ་ཆེན་གྱིས་རྒྱལ་ཁབ་ཀྱི་ཐེབས་རྩའི་རྣམ་གྲངས་དང་། “973”“863”རྣམ་གྲངས། གཙོ་གནད་འདེགས་སྐྱོར་འཆར་གཞི་སོགས་རྒྱལ་ཁབ་དང་ཞིང་ཆེན་དང་པུའུ་རིམ་པའི་ཚན་ཞིབ་ཞིབ་འཇུག་བྱ་གཞི་གལ་ཆེན100ལྷག་ཙམ་གྱི་འགན་འཁུར་བ་དང་། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་གྱི་བྱ་དགའ་རིམ་པ་དང་པོ1དང་བྱ་དགའ་གཉིས་པ2ཐོབ། རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་ཀྱི་བྱ་དགའ་རིམ་པ་གཉིས་བཅས་ཐོབ།

8 ཞིབ་འཇུག་ལས་ཁུངས།

སྤྱི་ལོ2018ལོའི་ཟླ3པར་ཝུའུ་ཧན་འཁེལ་འཐག་སློབ་ཆེན་ལ་རྒྱལ་ཁབ་དང་ས་གནས་མཉམ་འབྲེལ་ལས་གྲྭའི་ཚོད་ལྟ་ཁང1དང་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་སྐྱེད་སྲིང་རྟེན་གཞི1ཡོད། སློབ་གསོ་པུའུ་ཡི་གཙོ་གནད་ཚོད་ལྟ་ཁང་དང་སློབ་གསོ་པུའུ་ཡི་ལས་གྲྭ་ཞིབ་འཇུག་ལྟེ་གནས1བཅས་ཡོད།

9 རིག་གཞུང་ཐོན་ཁུངས།

སྤྱིལོ2018ལོའི་ཟླ12པའི་བར་སློབ་གྲྭའི་དཔེ་མཛོད་ཁང་ལ་དཔེ་དེབ་ཁྲི178ཡོད་པ་དང་གཞི་གྲངས་ཅན་དང་གློག་རྡུལ་དཔེ་དེབ་ཀྱི་གྲངས་འབོར3002GBཡོད། གློག་རྡུལ་དཔེ་དེབ་ཁྲི149.69ལྷག་ཙམ་དང་གློག་རྡུལ་དུས་དེབ་ཁྲི6.39ཡོད། སྤྱི་ལོ2016ལོའི་ལོ་མཇུག་བར་སློབ་གྲྭའི་དཔེ་མཛོད་ཁང་ལ་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡིག་རིགས་སྣ་ཚོགས་ཀྱི་གཞི་གྲངས་མཛོད222ཡོད་པ་དང་འཁེལ་འཐག་གྱོན་ཆས་ཀྱི་ཆེད་དོན་དཔེ་དེབ་ཀྱི་གཞི་གྲངས་མཛོད་དང་། འཁེལ་འཐག་གི་ཕྱི་ཡིག་དུས་དེབ་ཀྱི་རྩོམ་ཡིག་གི་གཞི་གྲངས་མཛོད་སོགས་ཁྱད་ལྡན་གཞི་གྲངས་མཛོད7བཅས་བཙུགས་ཡོད།

10 རིག་གཞུང་དུས་དེབ།

《ཝུའུ་ཧན་འཁེལ་འཐག་སློབ་ཆེན་གྱི་རིག་གཞུང་ཚགས་པར》ནི་སྤྱི་ལོ1988ལོར་གསར་འདོན་བྱས་ཤིང་། སྔོན་ཆད་མིང་ལ《ཝུའུ་ཧན་འཁེལ་འཐག་བཟོ་ལས་སློབ་གླིང་གི་རིག་གཞུང་ཚགས་པར》དང《ཝུའུ་ཧན་ཚན་རྩལ་སློབ་གླིང་གི་རིག་གཞུང་ཚགས་པར》ཞེས་བཀོད་མྱོང་ཞིང་། རང་བྱུང་ཚན་རིག་རིགས་ཀྱི་རྩོམ་ཡིག་ནང་དུ་འཁེལ་འཐག་གཞུང་ལུགས་དང་ཉེར་སྤྱོད་ཞིབ་འཇུག གྱོན་ཆས་བཟོ་སྐྲུན་ཞིབ་འཇུག འཁེལ་འཐག་འཕྲུལ་ཆས་ཞིབ་འཇུག འཁེལ་འཐག་དཔལ་འབྱོར་ཞིབ་འཇུག གྲངས་རིག་ཞིབ་འཇུག རྫས་འགྱུར་བཟོ་ལས་ཞིབ་འཇུག སྐྱེ་དངོས་རིག་པའི་ཞིབ་འཇུག་བཅས་ཡོད། ཁོར་ཡུག་ཚན་རིག་ཞིབ་འཇུག་སོགས་ཀྱི་ལེ་ཚན། སྤྱི་ཚོགས་ཚན་རིག་རིགས་ཀྱི་རྩོམ་ཡིག་ནང་གྱོན་ཆས་དང་སྒྱུ་རྩལ་ཞིབ་འཇུག མཚམས་སྦྱོར་བརྡ་ཁྱབ་དང་སྨྱན་སྦྱོར་ཞིབ་འཇུག མཚན་ཉིད་རིག་པ་དང་མཛེས་རིག་ཞིབ་འཇུག་སོགས་འདུས།

དཔྱད་གཞིའི་ཡིག་ཆ།