ཀྲུང་གོའི་ས་གཤིས་སློབ་ཆེན།(ཝུའུ་ཧན)སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-10-21 17:45ལ་འགྲུབ།

ཀྲུང་གོའི་ས་གཤིས་སློབ་ཆེན།(ཝུའུ་ཧན)

ཀྲུང་གོའི་ས་གཤིས་སློབ་ཆེན།(ཝུའུ་ཧན)
ཀྲུང་གོའི་ས་གཤིས་སློབ་ཆེན་ནི་ཝུའུ་ཧན་གྲོང་ཁྱེར་དུ་གནས་ཤིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ་ཡི་ཐད་གཏོགས་ཀྱི་རྒྱལ་ཡོངས་ཀྱི་གཙོ་གནད་སློབ་ཆེན་ཞིག་དང་། རྒྱལ་ཁབ་ཀྱི་“འཛམ་གླིང་གི་རིག་ཚན་རྩེ་གྲ་འཛུགས་སྐྲུན་བྱེད་པའི་མཐོ་རིམ་སློབ་གྲྭ”དང་རྒྱལ་ཁབ་ཀྱི“211ལས་གྲྭ”དང་“985ལས་གྲྭའི་གྲས་སུས་ཚུད་པའི་མཐོ་རིམ་སློབ་གྲྭ་ཞིག་ཡིན་ལ། སྤྱི་ལོ2019ལོའི་ཟླ11པར་སློབ་གྲྭར་སློབ་ཁུལ་གཉིས་ཡོད་ཅིང་ས་ཆའི་རྒྱ་ཁྱོན་ལ་བསྡོམས་འབོར་སྨི་གྲུ་བཞི་མ1435545དང་། སློབ་གྲྭའི་ཉལ་ཁང་གི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ807575ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国地质大学(武汉)
འབུམ་རམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་བསླབ་གནས་སྤྲོད་དབང་རིག་ཚན16
དབྱིན་ཡིག་གི་མིང་།
China University of Geosciences,Wuhan
འབུམ་རམས་ཕྱི་ཚར།
འབུམ་རམས་ཕྱི་ཚར་འཁོར་སྐྱོད་ས་ཚིགས15
བཙུགས་ལོ།
སྤྱི་ལོ1952ལོར།
རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན།
རིམ་པ་དང་པོའི་རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན2
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་ཚབ་ཨང་།
10491
གཙོ་གཉེར་སྡེ་ཁག
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ།
དངོས་གཞིའི་ཆེད་ལས།
66
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་བསླབ་གནས་སྤྲོད་དབང་རིག་ཚན33
དཀར་ཆག
1   ལོ་རྒྱུས་འཕེལ་རིམ།
2   ཞིབ་འཇུག་གི་གྲུབ་འབྲས།
3   ཞིབ་འཇུག་ལས་ཁུངས།
4   རིག་གཞུང་ཐོན་ཁུངས། 
5   རིག་གཞུང་དུས་དེབ།
6   སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
6.1 ཚན་རིག་སློབ་གླིང་།
6.2 ཐོན་ཁུངས་སློབ་གླིང་།
6.3 རྫས་འགྱུར་སློབ་གླིང་། 
6.4 ཁོར་ཡུག་སློབ་གླིང་།
6.5 བཟོ་སྐྲུན་སློབ་གླིང་།
6.6 རྒྱ་མཚོ་སློབ་གླིང་།
6.7 གློག་རྡུལ་ཆ་འཕྲིན་སློབ་གླིང་། 
6.8 དཔལ་འབྱོར་དོ་དམ་སློབ་གླིང་།
6.9 ཆ་འཕྲིན་བཟོ་སྐྲུན་སློབ་གླིང་།
6.10 དངོས་ལུགས་སློབ་གླིང་། 
6.11 སྤྱི་བའི་དོ་དམ་སློབ་གླིང་། 
6.12 ཆ་འཕྲིན་བཟོ་སྐྲུན་སློབ་གླིང་།
6.13 སྨྱན་སྦྱོར་སློབ་གླིང་།
7   དགེ་རྒན་གྱི་དཔུང་སྡེ།
8   རིག་ཚན་འཛུགས་སྐྲུན།
9   སློབ་ཁྲིད་འཛུགས་སྐྲུན།
10   གཟི་བརྗིད་མཚན་སྙན།
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1975ལོར་ཧུའུ་པེ་ཞིང་ཆེན་གྱི་ལྟེ་གནས་ཝུའུ་ཧན་དུ་གནས་སྤོས་ནས་ཝུའུ་ཧན་ས་གཤིས་སློབ་གླིང་ཞེས་པར་མིང་བསྒྱུར། 

སྤྱི་ལོ1978ལོར་ཝུའུ་ཧན་ས་གཤིས་སློབ་གླིང་གིས་དེ་སྔའི་པེ་ཅིང་གི་སློབ་གྲྭ་རྙིང་པའི་གནས་ཡུལ་དུ་ཝུའུ་ཧན་ས་གཤིས་སློབ་གླིང་པེ་ཅིང་ཞིབ་འཇུག་སློབ་མའི་པུའུ་བཙུགས། 

སྤྱི་ལོ1981ལོའི་ཟླ11པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། སློབ་གྲྭ་དེ་རྒྱལ་ཡོངས་ཀྱི་འབུམ་རམས་པ་དང་རབ་འབྱམས་པའི་བསླབ་གནས་སྤྲོད་པའི་ལས་ཁུངས་ཁག་དང་པོར་གྱུར། 

སྤྱི་ལོ1986ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གླིང་འཛུགས་པར་ཆོག་མཆན་བཀོད།

སྤྱི་ལོ1987ལོ་རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་གིས་ཝུའུ་ཧན་ས་གཤིས་སློབ་གླིང་ལ་ཀྲུང་གོའི་ས་གཤིས་སློབ་ཆེན་ཞེས་པར་མིང་བསྒྱུར་ཞིང་། ཝུའུ་ཧན་དང་པེ་ཅིང་གཉིས་ཀྱིས་སློབ་གྲྭ་གཉེར་ཏེ་སྤྱི་ཁྱབ་པུའུ་ཝུའུ་ཧན་དུ་བཙུགས། 

སྤྱི་ལོ1997ལོའི་ཟླ12པའི་ཚེས6ཉིན་རྒྱལ་ཁབ་འཆར་འགོད་ཨུ་ཡོན་ལྷན་ཁང་ཀྲུང་གོའི་ས་གཤིས་སློབ་ཆེན་གྱི“211ལས་གཞིའི”འཛུགས་སྐྲུན་རྣམ་གྲངས་དངོས་སུ་འཛུགས་རྒྱུར་མོས་མཐུན་བྱུང་། 

སྤྱི་ལོ2000ལོའི་ཟླ2པར་སློབ་གྲྭ་དེ་རྒྱལ་ཁོངས་ཐོན་ཁུངས་པུའུ་ནས་སློབ་གསོ་པུའུ་ཡིས་དོ་དམ་བྱ་རྒྱུ་དང་སློབ་གྲྭ་དེ་སློབ་གསོ་པུའུ་ཡི་ཐད་གཏོགས་མཐོ་རིམ་སློབ་གྲྭའི་གྲས་སུ་ཚུད། 

སྤྱི་ལོ2005ལོའི་ཟླ3པར་སློབ་ཆེན་གྱི་སྤྱི་ཁྱབ་པུའུ་མེད་པར་བཟོས་པ་དང་ཝུའུ་ཧན་དང་པེ་ཅིང་གཉིས་ཀྱིས་རང་ཚུགས་ཀྱིས་སློབ་སྒྲུབ་བྱེད་བཞིན་ཡོད། 

སྤྱི་ལོ2006ལོའི་ཟླ10པར་སློབ་གསོ་པུའུ་དང་རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ་ཡིས་ཀྲུང་གོའི་ས་གཤིས་སློབ་ཆེན་མཉམ་སྐྲུན་གྱི་གྲོས་མཐུན་ལ་མིང་རྟགས་བཀོད།

སྤྱི་ལོ2011ལོའི་ཟླ9པར་སློབ་གསོ་པུའུ་ཁག་གཉིས་པའི་ཕུལ་བྱུང་བཟོ་བཀོད་ཆེན་མོ་བ་སློབ་གསོ་གསོ་སྐྱོང་འཆར་གཞིའི་མཐོ་རིམ་སློབ་གྲྭ་རུ་བདམས།

སྤྱི་ལོ2016ལོར་ཀྲུང་གོ་ས་གཤིས་སློབ་ཆེན(ཝུའུ་ཧན)རྒྱ་མཚོའི་སློབ་གླིང་དངོས་སུ་སྒོ་བྱང་བཀལ་ནས་བཙུགས།

སྤྱི་ལོ2017ལོའི་ཟླ9པར་ཀྲུང་གོ་ས་གཤིས་སློབ་ཆེན་གྱི་རིག་ཚན་རྩེ་གྲ་འཛུགས་སྐྲུན་བྱེད་པའི་མཐོ་རིམ་སློབ་གྲྭ་ཁག་དང་པོར་བདམས།

སྤྱི་ལོ2018ལོའི་ཟླ7པའི་ཚེས11ཉིན་ཀྲུང་གོ་ས་གཤིས་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་བཙུགས།

2 ཞིབ་འཇུག་གི་གྲུབ་འབྲས།

ཀྲུང་གོའི་ས་གཤིས་སློབ་ཆེན(ཝུའུ་ཧན)གྱིས་གཙོ་སྐྱོང་བྱས་པའི“973”རྣམ་གྲངས་དང་ཆེད་དོན་དང་། “863”ཞིབ་འཇུག་བྱ་གཞི། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་དང་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་སོགས་རྒྱལ་ཁབ་རིམ་པའི་རྣམ་གྲངས་སྣ་ཚོགས600ལྷག་ཡོད། ཚན་རིག་ཞིབ་འཇུག་གི་གྲོན་དངུལ་བརྟན་པོའི་ངང་འཕར་ཡོད་ཅིང་། ཡོན་ཧྲི་དབྱིན་ཧུང་ཕུའུ་ཡིས་གཙོ་སྐྱོང་གནང་ནས་ལེགས་གྲུབ་བྱུང་བའི་གོ་ལ་ཧྲིལ་པོའི་མ་ལག་ཚན་རྩལ་ལས་གཞིའི་གྲུབ་འབྲས་ལ“སྤྱི་ལོ2001ལོར་ཀྲུང་གོའི་རྨང་གཞིའི་ཞིབ་འཇུག་གི་འཕེལ་རིམ་ཆེན་པོ་བཅུ”དང་། “སྤྱི་ལོ2001ལོ་འཁོར་གྱི་ཀྲུང་གོའི་མཐོ་རིམ་སློབ་གྲྭའི་ཚན་རྩལ་འཕེལ་རིམ་ཆེན་པོ་བཅུ”“སྤྱི་ལོ2001ལོའི་ཀྲུང་གོའི་ཚན་རྩལ་གསར་འགྱུར་ཆེན་པོ་བཅུ”བཅས་ཀྱི་གཟི་བརྗིད་མཚན་སྙན་ཐོབ

3 ཞིབ་འཇུག་ལས་ཁུངས།

སྤྱི་ལོ2018ལོའི་ཟླ10པའི་བར་སློབ་གྲྭ་ཁག་ལ་ཚན་རིག་ཞིབ་འཇུག་ལས་ཁུངས་དང་། ཚོད་ལྟ་ཁང་། ཞིབ་འཇུག་ཁང(སོའོ་དང་ལྟེ་གནས)86ཡོད་པའི་ནང་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང2ཡོད། རྒྱལ་ཁབ་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས1དང་ཚན་རྩལ་པུའུ་ལས་གྲྭའི་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་རྟེན་གཞི1དང་ཚན་རྩལ་པུའུ་ཡི་གསར་གཏོད་ཤེས་ལྡན་མི་སྣ་གསོ་སྐྱོང་དཔེ་སྟོན་རྟེན་གཞི1བཙུགས་ཡོད། ཚོད་ལྟའི་ལག་ལེན་གྱི་སློབ་ཁྲིད་མ་ལག་འཐུས་ཚང་ཞིག་ཡིན་ལ་རྒྱལ་ཁབ་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས3དང་རྒྱལ་ཁབ་རིམ་པའི་རྟོག་བཟོའི་ཚོད་ལྟའི་སློབ་ཁྲིད་ལྟེ་གནས1བཅས་ཡོད། 

4 རིག་གཞུང་ཐོན་ཁུངས། 

སྤྱི་ལོ2014ལོའི་བར་སློབ་གྲྭར་དཔེ་དེབ་དཔྱད་ཡིག་ཁྲི155ཡོད་པ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡི་གེའི་གློག་རྡུལ་དཔེ་དེབ་ཁྲི100ལྷག་ཙམ་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡི་གེའི་གཞི་གྲངས་མཛོད2067ཡོད། བརྒྱུད་ལམ་སྣེ་མང་གི་ཐོན་ཁུངས60000ཙམ་ཟིན་པ་དང་སློབ་གྲྭའི་དཔེ་མཛོད་ཁང་དུ་ཕུན་སུམ་ཚོགས་པའི་ཚད་ལྡན་ཡིག་ཆའི་ཐོན་ཁུངས་ཡོད་པས་ཚན་རྩལ་གྱི་ཚད་ལྡན་ཡིག་ཆ་གཙོ་བོར་བྱེད་པ་དང་སའི་གོ་ལའི་ཚན་རིག་རིགས་ཀྱི་ཚད་ལྡན་ཡིག་ཆ་ཁྱད་ཆོས་སུ་བྱེད་པའི་ཉར་ཚགས་བྱེད་སྟངས་ཤིག་གྲུབ་ཡོད།

5 རིག་གཞུང་དུས་དེབ།

《ཀྲུང་གོའི་ས་གཤིས་སློབ་ཆེན་གྱི་རིག་གཞུང་དུས་དེབ》 《EI》དང། 《CA》《CBST》རི་པིན་གྱི《ཚན་རིག་ལག་རྩལ་གྱི་ཚད་ལྡན་ཡིག་ཆའི་མྱུར་འཕྲིན》བཅས་ཡོད། ཨ་རི་དང་འཇར་མན་གྱི《སའི་གོ་ལའི་ཚན་རིག་འོད་སྡེར་གྱི་གཞི་གྲངས་མཛོད》དང་དེ་བཞིན་ཨ་རིའི《ས་གཤིས་ཚད་ལྡན་ཡིག་ཆའི་གྲངས་མཛོད》དུས་དེབ། 

《ཀྲུང་གོའི་ས་གཤིས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ(སྤྱི་ཚོགས་ཚན་རིག་གི་པར་གཞི)》ཞེས་པའི་ནང་རྒྱལ་ཡོངས་ཀྱི་རྒྱ་ཡིག་གི་ལྟེ་བའི་དུས་དེབ་དང་། “ཀྲུང་གོའི་ལྟེ་བའི་དུས་དེབ”“རྒྱལ་ཡོངས་ཀྱི་ཕུལ་བྱུང་ཁེ་ལས་བརྒྱའི་ཚན་རིག་ཚགས་པར”“ཧུའུ་པེ་ཞིང་ཆེན་གྱི་ཕུལ་བྱུང་དུས་དེབ”བཅས་ཡོད། 

《ས་གཤིས་ཚན་རྩལ་གསང་འཕྲིན》《CA》དང 《GeoRef》《P.》བཅས་བསྡུས་ཡོད། 《ཀྲུང་གོའི་ཚན་རྩལ་དཔྱད་རྩོམ་གྱི་བསྡོམས་རྩིས་འབྱུང་ཁུངས་དུས་དེབ(ཀྲུང་གོའི་ཚན་རྩལ་གྱི་ལྟེ་བའི་དུས་དེབ)》དང《རྒྱ་ཡིག་གི་ལྟེ་བའི་དུས་དེབ་ཀྱི་གཙོ་གནད་རེའུ་མིག(2008ལོའི་པར་གཞི)》《ཀྲུང་གོའི་ཚན་རིག་གི་གཞི་གྲངས་མཛོད》བཅས་ཡོད། 

《བཟོ་སྐྲུན་སའི་གོ་ལའི་དངོས་ལུགས་རིག་པའི་ཚགས་པར》ནི་འབྲི་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཁང་དང་། ཀྲུང་གོ་ས་གཤིས་སློབ་ཆེན(ཝུའུ་ཧན) ཁྲང་ཅང་སློབ་ཆེན་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་ཞིག་ཡིན་ལ། རྒྱལ་ཁབ་ཕྱི་ནང་དུ་ཡོངས་གྲགས་སུ་འགྲེམས་སྤེལ་བྱས་པའི་ལས་གྲྭའི་སའི་གོ་ལའི་དངོས་ལུགས་རིགས་ཀྱི་ཆེད་ལས་རིག་གཞུང་དུས་དེབ་ཡིན། 

《བདེ་འཇགས་དང་ཁོར་ཡུག་གི་ལས་གྲྭ》ཞེས་པའི་དུས་དེབ་འདི《རྒྱ་ཡིག་གི་ལྟེ་བའི་དུས་དེབ་ཀྱི་དཀར་ཆག་གནད་བསྡུས》ཞེས་པ་དང་། ཀྲུང་གོའི་རིག་གཞུང་དུས་དེབ(འོད་སྡེར་པར་གཞི)ཁྱོན་ཡོངས་ནས་དུས་དེབ་ཏུ་བཀོད་ཅིང་། ཀྲུང་གོའི་རིག་གཞུང་དུས་དེབ་ཕྱོགས་བསྡུས་གདེང་འཇོག་གཞི་གྲངས་མཛོད་ཀྱི་འབྱུང་ཁུངས་དུས་དེབ། དྲ་ཞུགས་ཀྲུང་གོའི་དུས་དེབ་དྲ་རྒྱ(CNKI)དང་《གཞི་གྲངས་ཐོན་ཁུངས་མ་ལག་གྲངས་འཛིན་ཅན་གྱི་དུས་དེབ་ཚོགས་པ》 ཨ་མེ་རི་ཁའི《རྫས་འགྱུར་གྱི་རྩོམ་ཡིག་གནད་བསྡུས》(CA)སོགས་ཀྱིས་བསྡུས་ཡོད་ལ། 《ཀྲུང་གོའི་རིག་གཞུང་དུས་དེབ་ཀྱི་ཕྱོགས་བསྡུས་གདེང་འཇོག་གཞི་གྲངས་མཛོད》དང་། 《ཀྲུང་གོའི་དུས་དེབ་ཀྱི་རྩོམ་ཡིག་ཆ་ཚང་གི་གཞི་གྲངས་མཛོད་》《ཀྲུང་གོའི་ལྟེ་བའི་དུས་དེབ(གདམ་གསལ)གཞི་གྲངས་མཛོད》སོགས་རྩོམ་སྒྲིག་བྱས་ཤིང་སྐབས་དང་པོའི《CAJ-CDཚད་གཞི》ལག་བསྟར་གྱི་ཕུལ་བྱུང་དུས་དེབ་ལ་བྱ་དགའ་ཐོབ།

6 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།

སྤྱི་ལོ2018ལོའི་ཟླ10པར་ཀྲུང་གོ་ས་གཤིས་སློབ་ཆེན་གྱི་འོག་ཏུ་སློབ་གླིང19བཙུགས་ཡོད།

6_1 ཚན་རིག་སློབ་གླིང་།

སའི་གོ་ལའི་རྫས་འགྱུར། རྡོ་སྣུམ་ལས་གྲྭ།

6_2 ཐོན་ཁུངས་སློབ་གླིང་།

ཐོན་ཁུངས་རྩད་ཞིབ་ལས་གྲྭ། རྒྱུ་ཆའི་རྫས་འགྱུར།

6_3 རྫས་འགྱུར་སློབ་གླིང་། 

ཉེར་སྤྱོད་རྫས་འགྱུར། རྒྱུ་ཆའི་ཚན་རིག་དང་ལས་གྲྭ། རླུང་ཁམས་ཆེན་མོའི་ཚན་རིག 

6_4 ཁོར་ཡུག་སློབ་གླིང་།

ཁོར་ཡུག་ཚན་རིག་དང་བཟོ་སྐྲུན། ཆུ་དཔྱད་དང་ཆུའི་ཐོན་ཁུངས་ལས་གྲྭ། ས་འོག་ཆུའི་ཚན་རིག་དང་ལས་གྲྭ། སྐྱེ་དངོས་ཚན་རིག ཨར་ལས།

6_5 བཟོ་སྐྲུན་སློབ་གླིང་།

གྲོང་ཁྱེར་གྱི་ས་འོག་བར་སྟོང་ལས་གྲྭ། ལག་རྩལ་དང་ལས་གྲྭའི་ཆེད་ལས་རྩད་ཞིབ། ལས་གྲྭའི་ཁ་ཕྱོགས། ས་གཤིས་ལས་གྲྭ། བདེ་སྲུང་ལས་གྲྭ། སའི་གོ་ལའི་དངོས་ལུགས་རིག་པ།

6_6 རྒྱ་མཚོ་སློབ་གླིང་།

རྒྱ་མཚོའི་ལས་གྲྭ་དང་ལག་རྩལ། བཟོ་ལས་ཇུས་འགོད། 

6_7 གློག་རྡུལ་ཆ་འཕྲིན་སློབ་གླིང་། 

འཕྲུལ་ཆས་ཇུས་འགོད། བཟོ་སྐྲུན་དང་དེའི་རང་འགུལ་ཅན། འཕྲིན་གཏོང་བཟོ་སྐྲུན། གློག་རྡུལ་ཆ་འཕྲིན་ལས་གྲྭ།

6_8 དཔལ་འབྱོར་དོ་དམ་སློབ་གླིང་།

རྩིས་གཉེར་རིག་པ། ཡུལ་སྐོར་དོ་དམ། བཟོ་ཚོང་དོ་དམ། ལས་གྲྭ་དོ་དམ། ཆ་འཕྲིན་དོ་དམ་དང་ཆ་འཕྲིན་རྒྱུད་ཁོངས། དཔལ་འབྱོར་རིག་པ། རྒྱལ་སྤྱིའི་དཔལ་འབྱོར་དང་ཉོ་ཚོང་། སྡོམ་རྩིས་རིག་པ།

6_9 ཆ་འཕྲིན་བཟོ་སྐྲུན་སློབ་གླིང་།

ས་ཁམས་ཆ་འཕྲིན་ཚན་རིག ས་ཁམས་བར་སྟོང་ཆ་འཕྲིན་ལས་གྲྭ། ཐིག་ལེན་རིས་འབྲིའི་ལས་གྲྭ། མཐོང་རིས་ཚན་རིག་དང་ལག་རྩལ། 

6_10 དངོས་ལུགས་སློབ་གླིང་། 

ཆ་འཕྲིན་དང་རྩིས་རྒྱག་ཚན་རིག དངོས་ལུགས་རིག་པ། ཐོན་རྫས་ཇུས་འགོད།

6_11 སྤྱི་བའི་དོ་དམ་སློབ་གླིང་། 

སྤྱི་བའི་ལས་དོན་དོ་དམ། ས་ཞིང་བཅོས་སྒྲིག་ལས་གྲྭ། ས་ཆའི་ཐོན་ཁུངས་དོ་དམ། ཁྲིམས་ལུགས་རིག་པ།

6_12 ཆ་འཕྲིན་བཟོ་སྐྲུན་སློབ་གླིང་།

གཞི་གྲངས་ཚན་རིག་དང་གཞི་གྲངས་ཆེན་མོའི་ལག་རྩལ། རྩིས་འཁོར་ཚན་རིག་དང་ལག་རྩལ། རིག་ནུས་ཚན་རིག་དང་ལག་རྩལ། བར་སྟོང་ཆ་འཕྲིན་དང་ཨང་ཀིའི་ལག་རྩལ། མཉེན་ཆས་ལས་གྲྭ།  ཆ་འཕྲིན་བདེ་འཇགས།

6_13 སྨྱན་སྦྱོར་སློབ་གླིང་།

ཁོར་ཡུག་ཇུས་འགོད། མཐོང་རིས་བརྒྱུད་བསྒྲགས་ཇུས་འགོད། ཨང་ཀིའི་སྨྱན་གཟུགས་སྒྱུ་རྩལ། རོལ་དབྱངས་རིག་པ།

7 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2019ལོའི་ཟླ11པའི་བར་སློབ་གྲྭར་དགེ་རྒན་དང་ལས་བཟོ་བ3225ཡོད་པའི་ནང་དགེ་རྒན1876ཡོད། ཀྲུང་གོའི་ཚན་རིག་ཁང་གི་ཡོན་ཧྲི11དང་འབུམ་རམས་པའི་སློབ་དཔོན310ཡོད། དགེ་རྒན་ཆེན་མོ520དང་དགེ་རྒན་ཆེན་མོ་གཞོན་པ927ཡོད། རྒྱལ་ཁབ་ཀྱི“མི་ཁྲིའི་འཆར་གཞི”ལ་ཞུགས་མཁན་མི13(སྣེ་ཁྲིད་ཤེས་ལྡན་མི་སྣ9དང་ན་གཞོན་རྩེར་སོན་ཤེས་ལྡན་མི་སྣ4)ཡོད། རྒྱལ་ཁབ་ཀྱི་ཕུལ་བྱུང་གཞོན་ནུའི་ཚན་རིག་ཐེབས་རྩ་ཐོབ་མཁན16ཡོད། རྒྱལ་ཁབ་ཀྱི་ཕུལ་བྱུང་གཞོན་ནུའི་ཚན་རིག་ཐེབས་རྩ་ཐོབ་མཁན19དང་སློབ་གསོ་པུའུ“དུས་རབས་གསར་པའི་ཕུལ་བྱུང་ཤེས་ལྡན་མི་སྣ”བདམས་མཁན29ཡོད། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ལྷན་གྱི་གསར་གཏོད་ཞིབ་འཇུག་ཚོགས་སྤྱི3  སློབ་གསོ་པུའུ་ཡི་གསར་གཏོད་ཚོགས་པ3དང་རྒྱལ་ཁབ་རིམ་པའི་སློབ་ཁྲིད་ཚོགས་པ6བཅས་ཡོད། རྒྱལ་ཁབ་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན1དང་ཧུའུ་པེ་ཞིང་ཆེན་གྱི་སློབ་ཁྲིད་དགེ་རྒན་གྲགས་ཅན9བཅས་ཡོད།

8 རིག་ཚན་འཛུགས་སྐྲུན།

སློབ་གྲྭས་སའི་གོ་ལའི་མ་ལག་ཚན་རིག་གཙོ་ཁྲིད་བྱེད་ཅིང་རིག་ཚན་མ་ལག་ཤུགས་ཆེན་པོས་བཙུགས། ཉེར་སྤྱོད་ཚན་རིག་དང་དེ་བཞིན་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་ཡོད་པའི་ཆ་འཕྲིན་དང་། རྒྱུ་ཆ། སྐྱེ་དངོས། ནུས་ཁུངས། ཁོར་ཡུག་སྲུང་སྐྱོང་སོགས་གསར་དར་སྣོལ་འདྲེས་རིག་གཞུང་ཚན་ཁག་འཕེལ་རྒྱས་ཧུར་ཐག་བཏང་། སྤྱི་ལོ2018ལོའི་ཟླ10པའི་བར། སློབ་གྲྭར་རྒྱལ་ཁབ་རིམ་པའི་གཙོ་གནད་རིག་ཚན8དང་ཞིང་ཆེན་དང་པུའུ་རིམ་པའི་གཙོ་གནད་རིག་ཚན16ཡོད་ཅིང་། འབུམ་རམས་པའི་ཚན་རིག་ཞིབ་འཇུག་སྐོར་སྐྱོད་ས་ཚིགས13 རིམ་པ་དང་པོའི་རིག་ཚན་གྱི་འབུམ་རམས་པ་གསོ་སྐྱོང་བྱེད་ཡུལ16དང་རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པའི་གསོ་སྐྱོང་བྱེད་ཡུལ33 མཐོ་རིམ་སློབ་གྲྭའི་དགེ་རྒན་གྱི་རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཡོད་ཅིང་བཟོ་སྐྲུན་རབ་འབྱམས་པ་དང་། བཟོ་ཚོང་དོ་དམ་རབ་འབྱམས་པ། སྤྱི་པའི་དོ་དམ་རབ་འབྱམས་པ། སྒྱུ་རྩལ་རབ་འབྱམས་པ། བཅའ་ཁྲིམས་རབ་འབྱམས་པ། རྒྱུ་ནོར་དཔྱད་དཔོག་རབ་འབྱམས་པ་དང་། ལོ་ཙཱ་རབ་འབྱམས་པ་དང་རྩིས་གཉེར་རབ་འབྱམས་པ་ཡུལ་སྐོར་དོ་དམ་རབ་འབྱམས་པ་དང་བཟོ་སྐྲུན་དོ་དམ་རབ་འབྱམས་པ་སོགས་ལ་ཆེད་ལས་ཡོན་གནས་སྤྲོད་དབང་ཡོད།

9 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2014ལོའི་བར་སློབ་གྲྭས་རྒྱལ་ཁབ་རིམ་པའི་སྤུས་ལེགས་ཐོན་ཁུངས་མཉམ་སྤྱོད་སློབ་ཚན15དང་ཞིང་ཆེན་རིམ་པའི་སྤུས་ལེགས་སློབ་ཚན52དང་རྒྱལ་ཁབ་རིམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་དཔེ་སྟོན་ཁུལ2བཙུགས་ཡོད། རྒྱལ་ཁབ་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས2 སྤྱི་ལོ2004ལོར་སློབ་གྲྭའི་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་སློབ་གསོ་པུའུ་དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་ལས་དོན་གྱི་ཆུ་ཚད་དཔྱད་དཔོག་དང་ཧུའུ་པེ་ཞིང་ཆེན་གྱི་ཞིབ་འཇུག་སློབ་མ་གསོ་སྐྱོང་གི་ཆ་རྐྱེན་དཔྱད་དཔོག་བྱས། སློབ་གྲྭ་དང་ཀྲུང་གོའི་ཚན་རིག་ཁང་གི་ཚན་རིག་ཞིབ་འཇུག་ཁང9དང་། ཀྲུང་གོའི་ས་གཤིས་ཚན་རིག་ཁང9བཅས་ཀྱིས“ཚན་སློབ་འཐབ་ཇུས་མནའ་འབྲེལ”བཙུགས་ཤིང་མཉམ་འབྲེལ་གཏིང་ཟབ་བྱས་ནས་དངོས་གཞི་སློབ་མ་དང་ཞིབ་འཇུག་སློབ་མ་མཉམ་འབྲེལ་གྱིས་གསོ་སྐྱོང་བྱས། 

10 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ8པའི་ཚེས5ཉིན་སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གསར་གཏོད་ལས་གཏོད་ཀྱི་དཔེ་མཚོན་ཉམས་མྱོང་ཅན་གྱི་མཐོ་རིམ་སློབ་གྲྭར་བདམས།

སྤྱི་ལོ2020ལོའི་ཟླ9པའི་ཚེས17ཉིན་སློབ་གསོ་པུའུ་ཡིས་སྤྱི་ལོ2020ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་རྟེན་གཞིར་གཏན་འཁེལ་བྱས།

དཔྱད་གཞིའི་ཡིག་ཆ།