ཝུའུ་ཧན་བཟོ་སྐྲུན་སློབ་ཆེན།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-10-20 09:46ལ་འགྲུབ།

ཝུའུ་ཧན་བཟོ་སྐྲུན་སློབ་ཆེན།

ཝུའུ་ཧན་བཟོ་སྐྲུན་སློབ་ཆེན།
ཝུའུ་ཧན་བཟོ་སྐྲུན་སློབ་ཆེན་དུ་བཟོ་ལས་དང་རང་བྱུང་ཚན་རིག དོ་དམ། དཔལ་འབྱོར། ཁྲིམས་ལུགས། སྒྱུ་རྩལ། གསོ་རིག སློབ་གསོ་རིག་པ་སོགས་རིག་ཚན་ཆེ་ཁག་དགུ་ཡོད་པ་དང་། སྤྱི་ལོ2019ལོའི་ཟླ4པའི་བར། སློབ་གྲྭར་ཝུའུ་ཁྲང་དང་ལིའུ་ཧྥང་སློབ་ཁུལ་གཉིས་ཡོད་ཅིང་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི130.8ཡོད། སློབ་གྲྭའི་ཉལ་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི92.6ཡོད་པ་དང་གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར17.4བཏང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
武汉工程大学
འབུམ་རམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་གཞུང་བསླབ་གནས་རིག་ཚན2
དབྱིན་ཡིག་གི་མིང་།
Wuhan Institute of Technology
འབུམ་རམས་ཕྱི་ཚར།
ཞིབ་འཇུག་འཁོར་སྐྱོད་ས་ཚིགས1
བཙུགས་ལོ།
སྤྱི་ལོ1972ལོར།
སློབ་སྒྲུབ་ངོ་བོ།
གཞུང་བསྒྲུབས་སློབ་ཆེན།
གཙོ་གཉེར་སྡེ་ཁག
ཧུའུ་པེ་ཞིང་ཆེན།
སློབ་བཙུགས་ཉིན་མོ།
ཟླ6པའི་ཚེས25ཉིན།
ད་ལྟའི་འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ཁྲེང་ཡིའུ་ཅིན། སློབ་གཙོ། ཝང་ཚུན་ཝུན།
སློབ་གྲྭའི་ཚབ་ཨང་།
10490
དངོས་གཞིའི་ཆེད་ལས།
64
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་གཞུང་བསླབ་གནས་རིག་ཚན21  ཆེད་ལས་བསླབ་གནས་སྤྲོད་དབང་རིགས7
དཀར་ཆག
1   ལོ་རྒྱུས་འཕེལ་རིམ།
2   སློབ་གླིང་དང་སྡེ་ཁག་གི་ཆེད་ལས། 
2.1 རྫས་འགྱུར་དང་སྨན་བཟོའི་སློབ་གླིང་། 
2.2 ཁོར་ཡུག་སྐྱེ་ཁམས་དང་སྐྱེ་དངོས་བཟོ་སྐྲུན་སློབ་གླིང་། 
2.3 འཕྲུལ་གློག་བཟོ་སྐྲུན་སློབ་གླིང་།
2.4 གློག་ཤུགས་ཆ་འཕྲིན་སློབ་གླིང་། 
2.5 ཨར་ལས་བཟོ་སྐྲུན་དང་ཨར་ལས་སློབ་གླིང་།
2.6 གཏེར་ལས་སློབ་གླིང་།
2.7 རྒྱུ་ཆའི་ཚན་རིག་དང་བཟོ་སྐྲུན་སློབ་གླིང་། 
2.8 དོ་དམ་སློབ་གླིང་།
2.9 རྩིས་འཁོར་ཚན་རིག་དང་བཟོ་སྐྲུན་སློབ་གླིང་། 
2.10 ཁྲིམས་ལུགས་ཚོང་ལས་སློབ་གླིང་།
2.11 རྫས་འགྱུར་དང་ཁོར་ཡུག་བཟོ་སྐྲུན་སློབ་གླིང་། 
2.12 འོད་གློག་ཆ་འཕྲིན་དང་ནུས་ཁུངས་བཟོ་སྐྲུན་སློབ་གླིང་། 
2.13 ཕྱི་སྐད་སློབ་གླིང་།
2.14 སྒྱུ་རྩལ་ཇུས་འགོད་སློབ་གླིང་།
2.15 རྒྱུན་མཐུད་སློབ་གསོའི་སློབ་གླིང་། 
3   དགེ་རྒན་གྱི་དཔུང་སྡེ།
4   གཟི་བརྗིད་མཚན་སྙན།
5   རིག་གཞུང་ཞིབ་འཇུག
6   ཞིབ་འཇུག་གི་གྲུབ་འབྲས།
7   རིག་གཞུང་ཐོན་ཁུངས།
8   རིག་གཞུང་དུས་དེབ།
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ2000ལོར་ཧུའུ་པེ་ཞིང་ཆེན་རྫས་འགྱུར་བཟོ་ལས་ཞིབ་འཇུག་ཇུས་འགོད་ཁང་ཧྲིལ་བོ་སློབ་གླིང་དུ་བཅུག 

སྤྱི་ལོ2002ལོའི་ཟླ11པའི་ཚེས19ཉིན་ལིའུ་ཧྥང་སློབ་ཁུལ་གྱི་དུས་ཐེངས་དང་པོའི་ལས་གྲྭ་ལས་འགོ་ཚུགས། 

སྤྱི་ལོ2003ལོའི་ཟླ9པའི་ཚེས11ཉིན་ལིའུ་ཧྥང་སློབ་ཁུལ་དངོས་སུ་སྤྱོད་འགོ་ཚུགས།

སྤྱི་ལོ2004ལོའི་ཟླ2པར་རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོན་གནས་གཞུང་དོན་ཁང་གིས“ཤེས་ཡོན་གཅིག་མཚུངས་མི་སྣས་རབ་འབྱམས་པའི་བསླབ་གནས་སྤྲོད་རེ་ཞུ་བའི་ཚན་པར”ཆོག་མཆན་ཐོབ། 

སྤྱི་ལོ2006ལོའི་ཟླ2པར་སློབ་གསོ་པུའུ་འཐད་པ་བྱུང་བ་དང་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། སློབ་གྲྭར་ཝུའུ་ཧན་བཟོ་སྐྲུན་སློབ་ཆེན་ཞེས་མིང་བསྒྱུར་ཞིང་ལོ་དེར་སློབ་གྲྭས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་སློབ་གསོ་པུའུ་ཡིས་དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་ལས་ཀའི་ཆུ་ཚད་ལ་དཔྱད་དཔོག་བྱས། 

སྤྱི་ལོ2011ལོའི་ཟླ9པར་ཁག་གཉིས་པའི་ཕུལ་བྱུང་བཟོ་བཀོད་པའི་སློབ་གསོ་གསོ་སྐྱོང་འཆར་གཞིའི་ནང་བདམས། 

སྤྱི་ལོ2012ལོར་སློབ་གྲྭ་དབུས་ནུབ་རྒྱུད་ཀྱི་མཐོ་སློབ་རྨང་གཞིའི་ནུས་པའི་འཛུགས་སྐྲུན་ལས་གྲྭར་བདམས། 

སྤྱི་ལོ2013ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་བསླབ་གནས་ཨུ་ཡོན་ལྷན་ཁང་གིས་སློབ་གྲྭ་དེ་འབུམ་རམས་པའི་བསླབ་གནས་སྤྲོད་པའི་ཚན་པར་གཏན་འཁེལ་བྱས། 

སྤྱི་ལོ2018ལོའི་ཟླ་དང་པོར་ཧུའུ་པེ་ཞིང་ཆེན་རྒྱལ་ནང་གི་རིག་ཚན་འཛུགས་སྐྱོང་མཐོ་སློབ་རྩེ་གྲར་བདམས།

2 སློབ་གླིང་དང་སྡེ་ཁག་གི་ཆེད་ལས། 

སྤྱི་ལོ2019ལོའི་ཟླ4པའི་བར་སློབ་གྲྭར་རིམ་པ་གཉིས་པའི་སློབ་གླིང17དང་པུའུ1བཙུགས་ཤིང་། དངོས་གཞིའི་ཚན་ཁག་གི་ཆེད་ལས64བཙུགས་ཡོད། 

2_1 རྫས་འགྱུར་དང་སྨན་བཟོའི་སློབ་གླིང་། 

རྫས་འགྱུར་ལས་གྲྭ བཟོ་རྩལ་སྨན་བཟོ་ལས་གྲྭ། ནུས་ཁུངས་རྫས་འགྱུར་ལས་གྲྭ། སྨན་རྫས་སྦྱོར་སྟངས།

2_2 ཁོར་ཡུག་སྐྱེ་ཁམས་དང་སྐྱེ་དངོས་བཟོ་སྐྲུན་སློབ་གླིང་། 

ཁོར་ཡུག་ཚན་རིག་སྐྱེ་དངོས་ལས་གྲྭ། སྐྱེ་དངོས་ལག་རྩལ་ཟས་རིགས། ཚན་རིག་དང་ལས་གྲྭ། 

2_3 འཕྲུལ་གློག་བཟོ་སྐྲུན་སློབ་གླིང་།

ཇུས་འགོད་བཟོ་སྐྲུན་དང་དེའི་རང་འགུལ་ཅན། འཕྲུལ་ཆས་གློག་རྡུལ་ལས་གྲྭའི་བརྒྱུད་རིམ་སྒྲིག་ཆས། འཕྲུལ་མིའི་བཟོ་སྐྲུན། འཕྲུལ་ཆས་ལས་གྲྭ། 

2_4 གློག་ཤུགས་ཆ་འཕྲིན་སློབ་གླིང་། 

འཕྲིན་གཏོང་ལས་གྲྭ། ཚད་ལེན་ཚོད་འཛིན་ལག་རྩལ། དཔྱད་ཆས་གློག་རླངས་ལས་གྲྭ་དང་དེའི་རང་འགུལ་ཅན། གློག་རྡུལ་ཆ་འཕྲིན་ལས་གྲྭ། 

2_5 ཨར་ལས་བཟོ་སྐྲུན་དང་ཨར་ལས་སློབ་གླིང་།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད། ཨར་ལས་རིག་པ། ཨར་ལས་དོ་དམ་རིག་པ། 

2_6 གཏེར་ལས་སློབ་གླིང་།

གཏེར་འདོན་ལས་གྲྭ། གཏེར་དངོས་ལས་སྣོན་ལས་གྲྭ། བདེ་འཇགས་ལས་གྲྭ། ཐོན་ཁུངས་འཁོར་རྒྱུག་ཚན་རིག་དང་ལས་གྲྭ།

2_7 རྒྱུ་ཆའི་ཚན་རིག་དང་བཟོ་སྐྲུན་སློབ་གླིང་། 

སྐྱེ་མེད་ལྕགས་རིགས་མིན་པའི་རྒྱུ་ཆའི་བཟོ་སྐྲུན། འདུས་འདྲེས་གཟུགས་རྒྱུ་ཆ་དང་བཟོ་སྐྲུན། ནུས་ཁུངས་གསར་པའི་རྒྱུ་ཆ་དང་ལྷུ་ལག

2_8 དོ་དམ་སློབ་གླིང་།

བཟོ་ཚོང་དོ་དམ་དོ་དམ་རིག་པ། སྤྱི་བའི་ལས་དོན་དོ་དམ། དོ་དམ་རིག་པ། སྲིད་འཛིན་དོ་དམ། གློག་རྡུལ་ཚོང་དོན། ཆ་འཕྲིན་དོ་དམ་དང་ཆ་འཕྲིན་རྒྱུད་ཁོངས། རྩིས་གཉེར་རིག་པ། ནོར་དོན་དོ་དམ། ཁྲོམ་རའི་ཚོང་གཉེར།

2_9 རྩིས་འཁོར་ཚན་རིག་དང་བཟོ་སྐྲུན་སློབ་གླིང་། 

དྲ་རྒྱའི་བར་སྟོང་བདེ་འཇགས། རྩིས་འཁོར་ཚན་རིག་དང་ལག་རྩལ། མཉེན་ཆས་ལས་གྲྭ། ཟོག་འབྲེལ་དྲ་སྦྲེལ་ལས་གྲྭ། ཨང་ཀིའི་སྨྱན་གཟུགས་ལག་རྩལ། རིག་ནུས་ཚན་རིག་དང་ལག་རྩལ།

2_10 ཁྲིམས་ལུགས་ཚོང་ལས་སློབ་གླིང་།

ཁྲིམས་ལུགས་རིག་པ། རྒྱལ་སྤྱིའི་དཔལ་འབྱོར་དང་ཉོ་ཚོང་། དཔལ་འབྱོར་རིག་པ། 

2_11 རྫས་འགྱུར་དང་ཁོར་ཡུག་བཟོ་སྐྲུན་སློབ་གླིང་། 

ཉེར་སྤྱོད་རྫས་འགྱུར། ཁོར་ཡུག་ལས་གྲྭ། 

2_12 འོད་གློག་ཆ་འཕྲིན་དང་ནུས་ཁུངས་བཟོ་སྐྲུན་སློབ་གླིང་། 

ཆ་འཕྲིན་དང་རྩིས་རྒྱག་ཚན་རིག འོད་གློག་ཆ་འཕྲིན་ཚན་རིག་དང་བཟོ་སྐྲུན། ནུས་ཁུངས་དང་སྒུལ་ཤུགས་ལས་གྲྭ། གཞི་གྲངས་ཚན་རིག་དང་གཞི་གྲངས་ཆེན་མོའི་ལག་རྩལ།

2_13 ཕྱི་སྐད་སློབ་གླིང་།

དབྱིན་ཡིག རྩོམ་རིག རྒྱལ་སྤྱིའི་སློབ་གསོ། 

2_14 སྒྱུ་རྩལ་ཇུས་འགོད་སློབ་གླིང་།

བཟོ་ལས་ཇུས་འགོད། སྒྱུ་རྩལ་རིག་པ། ཐོན་རྫས་ཇུས་འགོད། ཁོར་ཡུག་ཇུས་འགོད། མཐོང་རིས་བརྒྱུད་བསྒྲགས་ཇུས་འགོད། འགུལ་རིས། བརྡ་ཁྱབ་རིག་པ།

2_15 རྒྱུན་མཐུད་སློབ་གསོའི་སློབ་གླིང་། 

རྒྱལ་སྤྱིའི་སློབ་གླིང་། མར་ཁེ་སི་རིང་ལུགས་སློབ་གླིང་། རྒྱལ་ཁབ་ཤེས་ལྡན་མི་སྣ་གསོ་སྐྱོང་སྒྱུར་བཅོས་ཚོད་ལྟ་ཁུལ། རྩིས་གཉེར་རིག་པ། ཁྲིམས་རིག ཁྲོམ་རའི་ཚོང་གཉེར། རྫས་འགྱུར་ལས་གྲྭ་དང་བཟོ་རྩལ། 

3 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2019ལོའི་ཟླ4པའི་བར་སློབ་གྲྭར་ལས་ཐོག་དགེ་རྒན་དང་ལས་བཟོ་བ2038ཡོད་པ་དང་། དེའི་ནང་སློབ་ཁྲིད་དང་ཚན་ཞིབ་ཆེད་ལས་མི་སྣ1226ཡོད་པ་དང་དགེ་རྒན་ཁྲོད་མཐོ་རིམ་རྒན་པའི་གོ་མིང་ཡོད་མཁན243ཡོད། མཐོ་རིམ་གཞོན་པའི་གོ་མིང་མི463ཡོད། མཐོ་རིམ་གོ་མིང་ཡོད་པའི་དགེ་རྒན་མི་གྲངས་ཀྱིས་དགེ་རྒན་བསྡོམས་འབོར་གྱི57.59%བཟུང་བ་དང་རབ་འབྱམས་པའི་བསླབ་གནས་དང་འབུམ་རམས་པའི་བསླབ་གནས་ཡོད་པའི་དགེ་རྒན་མི་གྲངས་ཀྱིས་དགེ་རྒན་བསྡོམས་འབོར་གྱི93.72%དང51.63%སོ་སོར་བཟུང་ཡོད། ཀྲུང་གོའི་བཟོ་སྐྲུན་ཁང་གི་“གདན་ཞུའི་ཡོན་ཧྲི”1ཡོད། རྒྱལ་ཁབ་ཀྱི་ཕུལ་བྱུང་གཞོན་ནུའི་ཚན་རིག་ཐེབས་རྩ་ཐོབ་མཁན3 རྒྱལ་ཁབ་ཀྱི“མི་ཁྲིའི་འཆར་གཞི”ཡི་ཚན་རྩལ་གསར་གཏོད་སྣེ་ཁྲིད་ཤེས་ལྡན་པ1 རྒྱལ་ཁབ་ལ་བྱས་རྗེས་གཟེངས་སུ་ཐོན་པ་བཞག་པའི་དར་གཞོན་རིགས་གཅིག་མཁས་པ1ཡོད། ཞིང་ཆེན་གྱི་མཐོ་རིམ་ཤེས་ལྡན་མི་སྣའི་སྣེ་ཁྲིད་འཆར་གཞིའི་ནང་ཞུགས་མཁན་མི1དང་སློབ་གསོ་པུའི“དུས་རབས་གསར་པའི་ཕུལ་བྱུང་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་འཆར་གཞིའི”ནང་ཞུགས་མཁན་མི12ཡོད། སློབ་གསོ་པུའུ་ཡི་ཆེད་ལས་སློབ་ཁྲིད་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཁོངས་མི3ཡོད། ཧུའུ་པེ་ཞིང་ཆེན་གྱི་དུས་རབས་གསར་པའི་མཐོ་རིམ་ཤེས་ལྡན་མི་སྣའི་ལས་གྲྭའི་འོས་མི74དང་། ཧུའུ་པེ་ཞིང་ཆེན་གྱི་སློབ་ཁྲིད་དགེ་རྒན་གྲགས་ཅན3 རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན1 རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་སྲིད་གཞུང་གི་ཕོགས་སྣོན་ལོངས་སུ་སྤྱོད་པའི་ཆེད་མཁས་པ29དང་ཞིང་ཆེན་གྱི་བྱས་རྗེས་འབུར་ཐོན་བཞག་པའི་ན་གཞོན་ཆེད་མཁས་པ18ཡོད། ཧུའུ་པེ་ཞིང་ཆེན་གྱི་དམིགས་བསལ་ལས་གནས་ཀྱི་རིགས་གཅིག་མཁས་ཅན59ཡོད། ཧུའུ་པེ་ཞིང་ཆེན་མཐོ་རིམ་སློབ་གྲྭའི་མར་ཁེ་སི་རིང་ལུགས་ཀྱི་ན་གཞོན་རིགས་པའི་གཞུང་ལུགས་མཁས་ཅན་གསོ་སྐྱོང་འཆར་གཞི་མི6དང“བཟོ་ལས་སློབ་ཆེན་གྱི་མཁས་དབང་འཆར་གཞིའི”དམིགས་བསལ་གདན་ཞུས་ལས་གནས་ཀྱི་མི་སྣ34ཡོད། 

4 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ4པའི་བར་སློབ་གྲྭར་སྔ་རྗེས་སུ་ཀྲུང་གོའི་རྡོ་སྣུམ་དང་རྫས་འགྱུར་བཟོ་ལས་རིག་གནས་འཛུགས་སྐྱོང་གི་སྔོན་ཐོན་ཚན་པ་དང་། རྒྱལ་ཡོངས་རྡོ་སྣུམ་དང་རྫས་འགྱུར་བཟོ་ལས་ཀྱི་གསར་འགྱུར་དྲིལ་བསྒྲགས་སྔོན་ཐོན་ཚན་པ། རྒྱལ་ཡོངས་ཀྱི་དཔེ་བཟང་ལས་བཟོའི་ཁྱིམ་གཞིས། རྒྱལ་ཡོངས་ཀྱི་ཆེད་ཚན་སློབ་གྲྭ་ཆེ་འབྲིང་གི་སློབ་མ་དང་བླངས་པའི་དབྱར་གསེང་དུས་སྐབས་གསུམ་གྱི་སྤྱི་ཚོགས་ལག་ལེན་བྱེད་སྒོའི་སྔོན་ཐོན་ཚན་པ། རྒྱལ་ཡོངས་སྡེ་ཚོགས་ཨུ་ལྷན། ཧུའུ་པེ་ཞིང་ཆེན་དཔལ་ཡོན་ཚན་པ། ཧུའུ་པེ་ཞིང་ཆེན་རིགས་པའི་གཞུང་ལུགས་སློབ་སྦྱོང་སྔོན་ཐོན་ཚན་པ། ཧུའུ་པེ་ཞིང་ཆེན་ཏང་འཛུགས་སྐྱོང་དང་བསམ་བློ་ཆབ་སྲིད་ལས་དོན་སྔོན་ཐོན་སློབ་གྲྭ། ཧུའུ་པེ་ཞིང་ཆེན་ཁྲིམས་ལྟར་སློབ་གྲྭ་སྐྱོང་གི་སྔོན་ཐོན་སློབ་གྲྭ། ཧུའུ་པེ་ཞིང་ཆེན་གཉིས་གཏོད་སྔོན་ཐོན་མཐོ་རིམ་སློབ་གྲྭ། ཧུའུ་པེ་ཞིང་ཆེན་སློབ་གསོ་ཁོངས་གཏོགས་ཀྱི་མི་རབས་རྗེས་མའི་ལས་དོན་གྱི་སྔོན་ཐོན་ཚན་པ། ཧུའུ་པེ་མཐོ་རིམ་སློབ་གྲྭའི་སྔོན་ཐོན་མཐོ་རིམ་སློབ་ཆེན། ཧུའུ་པེ་མཐོ་རིམ་སློབ་གྲྭའི་སྔོན་ཐོན་སློབ་ཆེན་བཅས་ཀྱི་གྲས་སུ་ཚུད།

5 རིག་གཞུང་ཞིབ་འཇུག

སྤྱི་ལོ2019ལོའི་ཟླ4པའི་བར་སློབ་གྲྭར་རྒྱལ་ཁབ་རིམ་པའི་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས1དང་། སློབ་གསོ་པུའུ་ལས་གྲྭའི་ཞིབ་འཇུག་ལྟེ་གནས1 རྒྱལ་ཁབ་ཀྱི་ལག་རྩལ་སྤོ་སྒྱུར་དཔེ་སྟོན་སྒྲིག་གཞི1 ལྗང་མདོག་རྫས་འགྱུར་བཟོ་ལས་བརྒྱུད་རིམ་སློབ་གསོ་པུའུ་གཙོ་གནད་ཚོད་ལྟ་ཁང1 པུའུ་དང་ཨུ་ལྷན་རིམ་པའི་ཁེ་ལས་ཀྱི་ལག་རྩལ་གསར་གཏོད་ཞབས་ཞུའི་ལས་སྟེགས1བཅས་ཡོད་པ་དང་ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་གཙོ་གནད་ཚོད་ལྟ་ཁང62དང་། སྤྱི་ཚོགས་ཀྱི་རིག་གནས་གཙོ་གནད་ཞིབ་འཇུག་རྟེན་གཞི། ལག་རྩལ་ལྟེ་གནས(རྟེན་གཞི)62 ཧུའུ་པེ་ཞིང་ཆེན་རྡོ་སྣུམ་ཐོན་རྫས་དང་རྫས་འགྱུར་ཚོད་རྫས་སྤུས་ཚད་ལྟ་སྐུལ་ཞིབ་དཔྱད་ས་ཚིགས། ཧུའུ་པེ་ཞིང་ཆེན་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཆ་འཕྲིན་ལྟེ་གནས་བཅས་བཙུགས་ཡོད། ཧུའུ་པེ་ཞིང་ཆེན་ཚན་རྩལ་ཐིང་རྫས་འགྱུར་བཟོ་ལས་ཀྱིས་ཞིབ་བཤེར་དང་འཚོལ་ཞིབ་བྱས་པའི་གཏན་འཁེལ་གྱི་ཚན་པར་ཞིབ་བཤེར་བྱས་པ་དང་། ཝུའུ་ཧན་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་མཉམ་དུ་ཝུའུ་ཧན་རྫས་འགྱུར་བཟོ་ལས་རྒྱུ་ཆ་གསར་པའི་བཟོ་ལས་ལག་རྩལ་ཞིབ་འཇུག་ཁང་སོགས་བཙུགས། 

6 ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2008ལོ་ནས་སྤྱི་ལོ2019ལོའི་ཟླ4པའི་བར། སློབ་གྲྭའི་རྒྱ་ཁྱོན་ལ་བསྡོམས་རིམ་པ་ཁག་དང་རིགས་ཁག་གི་ཚན་ཞིབ་རྣམ་གྲངས7338འགན་འཁུར་བའི་ནང“973འཆར་གཞི”དང“863འཆར་གཞི” རྒྱལ་ཁབ་ཀྱི་ཚན་རྩལ་འདེགས་སྐྱོར་འཆར་གཞི། རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་འཆར་གཞི། རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་ཐེབས་རྩ། རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་ཐེབས་རྩ། རྒྱལ་ཁབ་ཀྱི་མཉེན་ཆས་ཚན་རིག་ཞིབ་འཇུག་འཆར་གཞི་སོགས་རྒྱལ་ཁབ་རིམ་པའི་རྣམ་གྲངས335ཡོད། ཞིང་ཆེན་པུའུ་དང་གྲོང་ཁྱེར་རིམ་པའི་རྣམ་གྲངས1588ཡོད། རྒྱལ་ཁབ་ཀྱི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་རིམ་པ་གཉིས་པ2དང་རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་བྱ་དགའ་རིམ་པ་གཉིས་པ2ཐོབ། ཧུའུ་པེ་ཞིང་ཆེན་གྱི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་དང་པོ་སོགས་ཞིང་ཆེན་པུའུ་དང་གྲོང་ཁྱེར་རིམ་པའི་ཚན་རྩལ་བྱ་དགའ་ཁག153ཐོབ། འཕྲུལ་མིའི་རྐང་རྩེད་སྤོ་ལོའི་རུ་ཁག་ལ་འཛམ་གླིང་འཕྲུལ་མིའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ཨང་དང་པོ་བཅུ་ལྷག་ཙམ་ཐོབ། ཁེ་བེད་བདག་ཐོབ་ཀྱི་དབང་ཆ1690ལྷག་ཙམ་ཐོབ་ཅིང་དགེ་རྒན་དང་ལས་བཟོ་པས་སྤེལ་བའི་རིག་གཞུང་དཔྱད་རྩོམ་དེSCIདངཤིན་ཧྭ་ཡི་རྩོམ་ཡིག་གནད་བསྡུས། མི་དམངས་འཐུས་ཚོགས་ཀྱིས་ཚགས་པར་དང་དུས་དེབ་ཀྱི་དཔྱད་གཞི་བསྐྱར་དཔར་སོགས་འཚོལ་ཞིབ་དང་བསྡུ་ལེན་བྱས་པའི་རྩོམ་ཡིག4020ལྷག་ཙམ་ཡོད། 

7 རིག་གཞུང་ཐོན་ཁུངས།

སྤྱི་ལོ2019ལོའི་ཟླ4པའི་བར་སློབ་གྲྭའི་དཔེ་མཛོད་ཁང་གིས་ཉར་ཚགས་བྱས་པའི་དཔེ་དེབ(གློག་རྡུལ་དཔེ་དེབ་ཚུད་པ)ཁྲི300ལྷག་ཙམ་ཡོད། སྤྱི་ལོ2017ལོའི་ལོ་མཇུག་བར་སློབ་གྲྭར་དཔེ་མཛོད་ཁང2ཡོད་ཅིང་དེབ་རིགས1501459ཡོད་པ་དང་ལོ་དེར་དེབ33277གསར་དུ་འཕར། སློབ་མའི་ཆ་སྙོམས་དཔེ་དེབ63.17ཟིན་པ་དང་གློག་རྡུལ་དཔེ་དེབ1419814དང་གཞི་གྲངས་མཛོད41ཡོད། 

8 རིག་གཞུང་དུས་དེབ།

《རྫས་འགྱུར་དང་སྐྱེ་དངོས་འདུ་འགོད》ནི་ཧུའུ་པེ་ཞིང་ཆེན་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པ་ཞིག་ཡིན་ལ། ཝུའུ་ཧན་བཟོ་སྐྲུན་སློབ་ཆེན་དང་། ཧུའུ་པེ་ཞིང་ཆེན་རྫས་འགྱུར་བཟོ་ལས་སློབ་ཚོགས། ཧུའུ་པེ་ཞིང་ཆེན་རྫས་འགྱུར་ཞིབ་འཇུག་གླིང་། ཧུའུ་པེ་ཞིང་ཆེན་རྫས་འགྱུར་བཟོ་ལས་ཞིབ་འཇུག་ཇུས་འགོད་ཁང་སོགས་ལས་ཁུངས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི་ཀྲུང་གོའི་ཚན་རྩལ་ལྟེ་བའི་དུས་དེབ་དང་། རྫས་འགྱུར་བཟོ་ལས་དང་སྐྱེ་དངོས་རྫས་འགྱུར་བཟོ་ལས། སྐྱེ་དངོས་ལས་གྲྭ། སྨན་རྫས་རྫས་འགྱུར་བཟོ་ལས། སྐྱེ་ཁམས་རྫས་འགྱུར་བཟོ་ལས། རྫས་འགྱུར་བཟོ་ལས་དང་ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་ཚན་རྩལ་གྲུབ་འབྲས་དང་ལག་རྩལ་འཕེལ་རིམ་སྤེལ། ཕྱོགས་བསྡུས་ཆེད་བརྗོད་དང་། ཚན་རིག་ཞིབ་འཇུགག སར་སྤེལ་ཉེར་སྤྱོད། དབྱེ་ཞིབ་དང་ཞིབ་དཔྱད་ཚད་ལེན་སོགས་ཀྱི་ལེ་ཚན་བཀོད་ཡོད་ཅིང་རྒྱལ་ཡོངས་རྡོ་སྣུམ་དང་རྫས་འགྱུར་བཟོ་ལས་ལས་རིགས་ཀྱི་ཕུལ་བྱུང་དུས་དེབ་ལ་བདམས་ཤིང་ཨ་རིའི《རྫས་འགྱུར་རྩོམ་རིག་གནད་བསྡུས》དང་། “ཀྲུང་གོའི་རིག་གཞུང་དུས་དེབ་ཕྱོགས་བསྡུས་གདེང་འཇོག་གཞི་གྲངས་མཛོད”《ཀྲུང་གོའི་དུས་དེབ་དྲ་བ》《ཀྲུང་གོའི་རིག་གཞུང་དུས་དེབ(འོད་སྡེར་པར་གཞི)》《ཀྲུང་གོའི་རྫས་འགྱུར་བཟོ་ལས་ཀྱི་རྩོམ་ཡིག་གནད་བསྡུས》སོགས་ཀྱིས་ཕབ་འཇུག་བྱས་ཡོད།

དཔྱད་གཞིའི་ཡིག་ཆ།