ཡོམ་ལྟེ།སྔ་མའི་པར་གཞི་དེ མིང་གསང་tNNy81462  ནས 2020-10-19 17:17ལ་འགྲུབ།

ཡོམ་ལྟེ།

ཡོམ་ལྟེ།
ཡོམ་ཁུངས་ནི་ས་ངོས་ཀྱི་གྲིབ་གཟུགས་ཕོག་སར་ཡོད་ཅིང་། ཡོམ་ལྟེ་ནི་ས་ཁོངས་ངེས་ཅན་ཞིག་ལས་ཚེག་ཅིག་ལ་གོ་དགོས་པ་མིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
震中
ཕྱི་ཡིག་གི་མིང་།
epicenter intensity
དཔེར་མཚོན།
5.12ཝུན་ཁྲོན་ས་ཡོམ།
1   གཏོར་བརླག་གནས་ཚུལ།

བཟོ་སྐྲུན་ལ་གཏོར་བརླག་ཐེབས་ཚུལ་ནི།Ⅰརིགས་ཀྱི་ཁང་བ་མང་ཆེ་ཤོས་ཞིག་རལ་དུ་གྱུར་ཡོད་ཅིང་།  འགའ་ཤས་ཡོ་འགྱེལ་བྱུང་བ།Ⅱརིགས་ཀྱི་ཁང་བ་མང་ཆེ་ཤོས་ཞིག་རལ་དུ་གྱུར་བ་དང་། འགའ་ཤས་ལ་གཏོར་བརླག་ཐེབས་པ། Ⅲརིགས་ཀྱི་ཁང་བ་ལས་མང་ཆེ་ཤོས་ལ་ཆག་གྲུམ་ཆེན་པོ་མ་ཐེབས་པ་དང་། མང་བོ་ཞིག་ཆག་གྲུམ་དུ་ཤོར་བ། དེ་མིན་བརྟན་འཇགས་མིན་པའི་གྱང་དང་ར་སྐོར་ཉུང་ངུ་ལ་གཏོར་བརླག་ཐེབས་ཤིང་།  འགའ་ཤས་ཞིག་ལོག་ཏུ་སོང་བའང་ཡོད་ངེས། མ་ཟད་རྟ་བབས་དང་རྡོ་བརྩིགས་མཆོད་བརྟེན། བཟོ་གྲྭའི་དུ་ཁུང་བཅས་ལ་ཆག་གྲུམ་ཐེབས་ངེས།  6.0-6.4ཡི་རིམ་པའི་ས་ཡོམ་ལ་མཚོན་ན། ཡོམ་ལྟེའི་ཚབས་ཚད་གཙོ་ཆེར་ཏུའུ་བརྒྱད་ཡིན་ཞིང་། དེས་བཟོ་སྐྲུན་ལ་གཏོག་བརླག་ཐེབས་ཚུལ་གཤམ་ལྟར། Ⅰརིགས་ཀྱི་ཁང་བ་ཕལ་ཆེ་བར་གཏོར་བརླག་ཐེབས་ཤིང་། མང་བོ་ཞིག་ཡོ་འགྱེལ་བྱུང་བ། Ⅱརིགས་ཀྱི་ཁང་བ་མང་པོ་གཏོར་བརླག་ཐེབས་ཤིང་། ཉུང་ཤས་ཡོ་འགྱེལ་བྱུང་བ།  Ⅲརིགས་ཀྱི་ཁང་བ་ཕལ་མོ་ཆེ་ཆག་གྲུམ་ཤོར་བ་དང་། ཉུང་ངུར་གཏོར་བརླག་ཐེབས་པ། (ཡོ་འགྱེལ་བྱུང་བ་ཡང་ཡོད་ངེས)དེ་མིན་ར་སྐོར་ལ་གཏོར་བརླག་ཐེབས་ཏེ་རྡིབ་པའི་ཚུལ་ཡང་ཡོད། རྡོ་རིང་ལོག་པ་དང་གནས་གཞི་འགྱུར་བ། ས་འོག་སྦུབས་ལམ་གྱི་མཐུད་མཚམས་རེ་གཉིས་ལ་གཏོར་བརླག་ཐེབས་ངེས།

ཨར་འདམ་ལྕགས་རྩིབས་མའི་ཁང་བར་མཚོན་ན། རྩིག་རྨང་གི་ཁྱད་པར་དང་ཁང་བའི་ཡོམ་འགོག་ཇུས་འགོད། བཟོ་སྐྲུན་རྒྱུ་སྤུས་སོགས་ཀྱི་དབང་གིས་གཏོར་བརླག་ཐེབས་ཚུལ་སོ་སོར་མངོན། སྤྱི་ལོ1975ལོའི་ལིའོ་ཉིང་ས་ཆའི་མཚོ་ཁོངས་སུ་རིམ་པ7.3ཅན་གྱི་ས་ཡོམ་བྱུང་ཞིང་། ས་ཡོམ་གྱི་ཚབས་ཚད་ཏུའུ་བརྒྱད་ཅན་གྱིས་དབྱིན་ཁོའུ་གྲོང་ཁྱེར་ལ་གཏོར་བརླག་ཐེབས་ཚུལ་ནི། གཞི་རྩའི་སྟེང་སྐྱོན་མེད་འཐུས་ཚང་ཡིན་པའི་ཆ་ཡིས་སྤྱིའི་ས་ཁོངས་ལས50%ཟིན་པ་དང་།  ཆག་གྲུམ་ཅུང་ཟད་ཤོར་བས17%ཟིན།  གཏོར་བརླག་འབྲིང་གྲས་ཀྱིས33%ཟིན་པ་རྟོག་དཔྱོད་ལས་བསྟན་འདུག

6.5-6.9རིམ་པའི་ས་ཡོམ་གྱི་ཡོམ་ལྟེའི་ཚབས་ཚད་ཏུའུ་བརྒྱད་དང་དགུ་ཡིན། གལ་ཏེ་ཏུའུ་དགུ་ཡི་དབང་དུ་བྱས་ན། བཟོ་སྐྲུན་ལ་གཏོར་བརླག་ཐེབས་ཚུལ་འདི་ལྟར་ཏེ། Ⅰརིགས་ཀྱི་ཁང་བ་ཕལ་ཆེ་བ་ཡོ་འགྱེལ་བྱུང་བ།  Ⅱརིགས་ཀྱི་ཁང་བ་མང་པོ་ཡང་ཡོ་འགྱེལ་བྱུང་བ། Ⅲརིགས་ཀྱི་ཁང་བ་མང་པོར་གཏོར་བརླག་ཐེབས་ཤིང་། ཉུང་ཤས་ཡོ་འགྱེལ་བྱུང་བ།  ར་སྐོར་མང་ཆེ་བ་ཡོ་འགྱེལ་བྱུང་ཞིང་། ཅུང་བརྟན་པོ་ཡིན་པའི་རིགས་ལས་ཀྱང་འགའ་ཤས་ཞིག་ལོག་བྱུང་བ། རྟ་བབས་དང་མཆོད་བརྟེན། དུ་ཁུང་བཅས་ལ་གཏོར་བརླག་ཐེབས་པ་མ་ཟད། ལོག་པའི་སྣང་ཚུལ་ཡང་ཡོད་ངེས། ས་འོག་སྦུབས་ལམ་ལ་ཆག་གྲུམ་ཐེབས་ངེས།

7.0-7.4རིམ་པའི་ཡོམ་ལྟེའི་ཚབས་ཚད་སྤྱིར་བཏང་ཏུའུ་དགུ་ཡིན་ཞིང་གཏོར་བརླག་ཐེབས་ཚུལ་གོང་གསལ་ལྟར་ཡིན།  ཏུའུ་བཅུ་ཅན་ཡིན་ན་གཏོར་བརླག་ཐེབས་ཚུལ་དེ་བས་ཀྱང་ཚབས་ཆེན་ཡིན་ཏེ།  Ⅲརིགས་ཀྱི་ཁང་བ་ཕལ་ཆེ་བ་ཡོ་འགྱེལ་བྱུང་བ་མ་ཟད། ས་འོག་སྦུབས་ལམ་ལ་ཡང་ཆག་གྲུམ་ཤོར་ངེས།

ཡོམ་རིམ་ནི་ས་ཡོམ་གྱིས་བསྐྱེད་པའི་ནུས་ཚད་དང་འབྲེལ་ཞིང་། དེས་ས་ཡོམ་གྱི་ཆེ་ཆུང་མཚོན་པས་ན། ས་ཡོམ་ཐེངས་གཅིག་ལ་ཡོམ་རིམ་གཅིག་མ་གཏོགས་མེད། ཚབས་ཚད་ཀྱིས་ས་ངོས་ལ་ཐེབས་པའི་ཤུགས་རྐྱེན་དང་གཏོར་བརླག་གི་ཚད་མཚོན་པས། ས་ཁོངས་མི་གཅིག་པའི་ཚབས་ཚད་ཀྱང་ཁ་ཁ་ཡིན། འོན་ཀྱང་ཡོམ་ལྟེའི་ཚབས་ཚད་གཅིག་ལས་མེད། ཁུངས་སྲབ་ས་ཡོམ་གྱི་ཡོམ་ལྟེའི་ཚབས་ཚད་དང་ཡོམ་རིམ་འབྲེལ་བ་མཚོན་པ་གཤམ་གསལ་རི་མོ་ལྟར།  

ཡོམ་རིམ། 234567≥8

ཡོམ་ལྟེའི་ཚབས་ཚད། 1~2 3~4~5 6~7 7~8 9~10 11~12

.png

2 དབྱེ་འབྱེད་ཚད་གཞི།

ས་ཡོམ་ལ་དྲག་ཞན་གཉིས་ཀྱི་ཆ་དང་ལྡན་ཞིང་། དེར་ཚད་འཇལ་སྤྱད་རིགས་གཉིས་ཡོད་དེ། ཡོམ་རིམ་དང་ཚབས་ཚད་ཡིན། དཔེར་བཞག་ན། ས་ཡོམ་གྱི་ཡོམ་རིམ་ནི་ཝ་གྲངས་མི་གཅིག་པའི་ཉི་འོད་གློག་སྒྲོན་དང་འདྲ་བར་ཝ་གྲངས་ཇི་ལྟར་མཐོ་ན་ནུས་ཚད་དེ་ལྟར་མཐོ་ལ། ཡོམ་རིམ་ཡང་དེ་བཞིན་ཡིན། ཚབས་ཚད་ནི་ཁང་བའི་ནང་དུ་གློག་འོད་འཕྲོ་བའི་ཚད་དང་མཚུངས། གློག་སྒྲོན་གཅིག་ལ་མཚོན་ནས་བཤད་ན་བར་ཐག་ཉེ་རིང་མི་འདྲ་བའི་དབང་གིས་ཉི་འོད་ཁྱབ་ཚད་མི་འདྲ་བ་ལྟར་ཡིན།

ས་ཡོམ་གྱི་རིམ་པ་ནི་ས་ཡོམ་གྱི་ཆེ་ཆུང་ལ་བརྟག་པའི་འཇལ་ཚད་ཅིག་ཡིན།  དེ་ནི་ས་ཡོམ་གྱི་ནུས་ཚད་ཕྱིར་གཏོང་ཚད་ལ་གཞིགས་ནས་རིམ་པ་དབྱེ་བ་ཞིག་དང་། ས་ཡོམ་འཇལ་ཆས་སྤྱད་ནས་བརྩི་ཐུབ། རང་རྒྱལ་དུ་རྒྱལ་སྤྱིའི་སྤྱི་སྤྱོད་ཡོམ་རིམ་དབྱེ་འབྱེད་ཚད་གཞི་སྟེ་ལི་ཧྲི་ཡོམ་རིམ་སྤྱོད་བཞིན་ཡོད།

རྒྱལ་ཁབ་དང་ས་ཆ་སོ་སོའི་དབྱེ་འབྱེད་ཚད་གཞི་གཅིག་མཚུངས་མིན་མོད།

སྤྱིར་བཏང་རིམ་པ1ལས་ཆུང་བ་ལ་ཡོམ་ཕྲ་ཟེར་ཞིང་།  1དང་མཚུངས་པ། 1ལས་ཆེ་བ། 3ལས་ཆུང་བའི་རིགས་ལ་ཡོམ་ཕྲན་དུ་འབོད།  རིམ་པ3དང་མཚུངས་པ། དེ་ལས་ཆེ་བ། 4.5ལས་ཆུང་བ་ལ་ཚོར་ཟིན་ས་ཡོམ་ཟེར།  6ལས་དམའ་བའི་རིམ་པར་ཡོམ་འབྲིང་དང་། 6ལས་ཆེ་བ་དང་མཚུངས་པ། 7ལས་ཆུང་བའི་རིམ་པར་ཡོམ་དྲག་ཞེས་འབོད། 7དང་མཚུངས་པ་དང་དེ་ལས་ཆེ་བའི་རིམ་པར་ཡོམ་ཆེན་དང་། 8དང8ལས་བརྒལ་བའི་རིམ་པ་ས་ཡོམ་ཚབས་ཆེན་དུ་གཏོགས།

ད་ལྟའི་བར་དུ་འཛམ་གླིང་སྟེང་བྱུང་བའི་ས་ཡོམ་ཆེ་ཤོས་ནི་སྤྱི་ལོ1960ལོར་མེ་གླིང་ལྷོ་མའི་ཀྲི་ལི་ས་ཁུལ་གྱི་རིམ་པ8.9ཅན་གྱི་ས་ཡོམ་དེ་ཡིན་ཞིང་། ཡོམ་རིམ་ཆེས་མཐོ་བ་ནི་སྤྱི་ལོ2011ལོའི་ཟླ3པའི་ཚེས11ཉིན་གྱི་འཇར་པན་ཤར་ཁུལ་གྱི་ཡོམ་ཆེན་ཡིན་ཞིང་། དེའི་ཡོམ་རིམ9.0ཡིན། (ཁ་ཅིག་གིས་སྤྱི་ལོ1960ལོར་ཀྲི་ལི་ས་ཆའི་ཉེ་འཁོར་ནས་བྱུང་བའི་ས་ཡོམ་དེ་ཡིན་པར་འདོད་ཅིང་། ཨ་རིའི་ས་གཤིས་ཅུའུ་ནས་ཡོམ་རིམ་ལི་ཧྲི9.5རུ་བྱས་ཡོད།)

3 ས་ཡོམ་གྱི་ཚབས་ཚད།

ས་ཡོམ་གྱི་ཚབས་ཚད་ཅེས་པ་ནི་ས་ངོས་དང་ཁང་བ་སོགས་བཟོ་བསྐྲུན་རིགས་ལ་ཐེབས་པའི་གཏོར་བརླག་ཚད་ལ་གོ། ས་ཡོམ་གཅིག་གི་ངོས་ཐད་ནས་བཤད་ན། ས་ཁུལ་སོ་སོའི་ཚབས་ཚད་གཅིག་ཏུ་མི་འགྲོ་སྟེ། ཡོམ་ཁུངས་དང་ཉེ་ན། གཏོར་བརླག་ཐེབས་ཚད་ཆེ་ཞིང་། ཚབས་ཚད་དེ་ལྟར་མཐོ། ཡོམ་ཁུངས་དང་བར་ཐག་རིང་ན་དེ་ལས་ལྡོག

ཡོམ་རླབས་མཆེད་སའི་ཁུངས་ལ་ཡོམ་ཁུངས་ཟེར་ཞིང་།  ཡོམ་ཁུངས་དྲང་འཕྱང་གིས་ས་ངོས་སུ་ཕོག་ཡོད་ས་དེ་ཡོམ་ལྟེ་ཡིིན།  ཡོམ་ལྟེ་ནས་ཡོམ་ཁུངས་ཀྱི་ཟབ་ཚད་ལ་ཡོམ་ཁུངས་ཟབ་ཚད་ཟེར་ཞིང་། སྤྱིར་བཏང་ཡོམ་ཁུངས་ཟབ་ཚད་སྤྱི་ལེ70ལས་ཆུང་བར་ཁུངས་སྲབ་ས་ཡོམ་དང་། ཟབ་ཚད་སྤྱི་ལེ་70-300བར་ལ་ཁུངས་འབྲིང་ས་ཡོམ་ཟེར། སྤྱི་ལེ300ལས་ཟབ་པ་ཁུངས་ཟབ་ས་ཡོམ་དུ་གཏོགས། གཏོར་བརླག་རང་བཞིན་གྱི་ས་འགུལ་ནི་ཁུངས་སྲབ་ས་ཡོམ་དུ་གཏོགས་ཤིང་། དཔེར་ན་སྤྱི་ལོ1976ལོའི་ཐང་ཧྲན་ས་ཡོམ་གྱི་ཡོམ་ཁུངས་ཟབ་ཚད་སྤྱི་ལེ12ཡིན།

ས་རིམ་བར་མའི་ཚ་བ་རྒྱུག་རེས་བྱེད་པ་དེ་ནི་སའི་གོ་ལའི་ནང་གནས་ཀྱི་འགྱེད་འཕྲོ་རང་བཞིན་གྱི་གཞི་རྒྱུ་ཟད་འགྱུར་བྱུང་ལ་བརྟེན་ནས་འགྱུར་བཞིན་ཡོད་ཅིང་། སའི་གོ་ལའི་ནུས་ཚད་ཕྱིར་གཏོང་བྱེད་ཚུལ་ཞིག་ཡིན་ཞིང་། ནུས་ཚད་ཕྱིར་གཏོང་གི་རྣམ་པ་འགའ་ཡོད་དེ། ས་ཡོམ།  མེ་རི། དུམ་ལེབ་འགུལ་བསྐྱོད། ས་གཤིས་ཆགས་ཚུལ་བཅས་ཡིན།

〔1〕        སའི་གོ་ལར་ནང་གནས་ཀྱི་ཡོམ་ཁུངས་ཡོད་ཅིང་། ཡོམ་ཁུངས་ནས་ཕྱིར་ཡོམ་རླབས་མཆེད་དེ་ས་ཁུངས་ངེས་ཅན་དུ་འདར་འགུལ་བྱུང་།

〔2〕        ས་གཤིས་དང་རང་བྱུང་གི་གནོད་འཚེ་གཞན་དག་གིས་ཀྱང་བརྒྱུད་པའི་སྒོ་ནས་ས་ཡོམ་བྱུང་དུ་འཇུག་ཐུབ།

4 ཡོམ་ལྟེའི་བར་ཐག

ཡོམ་ལྟེའི་བར་ཐག་ནི་ས་ངོས་ཀྱི་ཚེག་གང་རུང་ཞིག་ནས་ཡོམ་ལྟེའི་དྲང་ཐིག་བར་ཐག་ལ་གོ

ཆེ་ཆུང་གཅིག་པའི་ས་ཡོམ་ཞིག་ལ་མཚོན་ན་ཡོམ་ལྟེའི་བར་ཐག་ཇི་ལྟར་ཆུང་ན་གནོས་འཚེ་དེ་ལྟར་ཆེ། བར་ཐག་མི་འདྲ་བར་གཞིགས་ནས་ས་ཡོམ་རིགས་གསུམ་དུ་ཕྱེས་ཆོག་སྟེ།

1.ས་གནས་ས་ཡོམ།

ཡོམ་ལྟེའི་བར་ཐག་སྟོང་སྨི100ལས་ཆུང་བའི་རིགས།

2.ཉེ་ཡོམ།

ཡོམ་ལྟེའི་བར་ཐག་སྟོང་སྨི100~1000བར་གྱི་ས་ཡོམ་རིགས།

3.རྒྱང་ཡོམ།

ཡོམ་ལྟེའི་བར་ཐག་སྟོང་སྨི1000ལས་ཆེ་བའི་རིགས།

སྤྱི་ལོ1975ལོའི་ཟླ2པའི་ཚེས4ཉིན་ལིའོ་ཉིང་མཚོ་ཁོངས་དང་དབྱིན་ཁོའུ་ས་ཆར་ཚད་རིམ7.3ཅན་གྱི་ས་ཡོམ་བྱུང་ཞིང་། ལིའོ་ནན་ཅིན་རྫོང་གི་ས་ཡོམ་ལྟ་འཇལ་ས་ཚིགས་སུ་བལྟས་ན་ས་གནས་ས་ཡོམ་ལ་གཏོགས་ཤིང་། པེ་ཅིང་གི་ས་ཡོམ་ལྟ་འཇལ་ས་ཚིགས་ནས་བལྟས་ན་ཉེ་ཡོམ་དང་། ཞིན་ཅང་ས་ཡོམ་ལྟ་འཇལ་ས་ཚིགས་ནས་བལྟས་ན་རྒྱང་ཡོམ་དུ་གཏོགས་ཤིང་། དེ་ནི་ལྟ་འཇལ་ས་ཚིགས་མ་གཅིག་པས་ཡིན་ལ། ས་ཁུལ་མི་གཅིག་པའི་ས་ཡོམ་ལ་བལྟས་ན་ཡང་དེ་ལྟར་ཡིན།


དཔྱད་གཞིའི་ཡིག་ཆ།