མཉམ་སྤྱོད་དཔྱ་ཁྲལ།སྔ་མའི་པར་གཞི་དེ མིང་གསང་tNNy81462  ནས 2020-10-19 17:17ལ་འགྲུབ།

མཉམ་སྤྱོད་དཔྱ་ཁྲལ།

མཉམ་སྤྱོད་དཔྱ་ཁྲལ།
མཉམ་སྤྱོད་དཔྱ་ཁྲལ་ནི་ཀྲུང་དབྱང་ས་གནས་ཀྱི་མཉམ་སྤྱོད་དཔྱ་ཁྲལ་གྱི་བསྡུས་མིང་ཡིན་ལ། ཀྲུང་དབྱང་དང་ས་གནས་ཀྱིས་ནོར་སྲིད་བསྡུར་ཚད་ངེས་ཅན་ལྟར་ཡོང་འབབ་མཉམ་སྤྱོད་བྱེད་པའི་ཁྲལ་རིག་སྣ་ཚོགས་ལ་བྱ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
共享税
རིགས།
ཁྲལ་རིགས།
ཁ་གྲངས།
དྲུག
བསྡུ་མཁན།
རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ།
1      ངོ་སྤྲོད།

མཉམ་སྤྱོད་དཔྱ་ཁྲལ་ནི་ཀྲུང་དབྱང་ས་གནས་མཉམ་སྤྱོད་དཔྱ་ཁྲལ་གྱི་བསྡུས་མིང་ཡིན། ཀྲུང་དབྱང་དང་ས་གནས་ཀྱིས་ནོར་སྲིད་བསྡུར་ཚད་ངེས་ཅན་ལྟར་ཡོང་འབབ་མཉམ་སྤྱོད་བྱེད་པའི་ཁྲལ་རིག་སྣ་ཚོགས་ལ་བྱ་ཞིང་། རང་རྒྱལ་གྱིས1985ལོའི་རྗེས་ནས་མཉམ་སྤྱོད་དཔྱ་ཁྲལ་གྱི་རིགས་བཀར་བའི་དབྱེ་བ་ལ།  (1) ཐོན་རྫས་དཔྱ་ཁྲལ་དང་། ལས་གཉེར་དཔྱ་ཁྲལ། རིན་འཕར་དཔྱ་ཁྲལ། (དེ་དག་གི་ཁྲོད་དུ་རྡོ་སྣུམ་པུའུ་དང་། གློག་ཤུགས་པུའུ། རྡོ་སྣུམ་རྫས་འགྱུར་སྤྱི་ཁྱབ་ཀུང་ཟི། མདོག་ལྡན་ལྕགས་རིགས་སྤྱི་ཁྱབ་ཀུང་ཟིའི་སྡེ་ཁག་ལ་གཏོགས་པའི་ཁེ་ལས་དང་ལྕགས་ལམ་སྡེ་ཁག དེ་མིན་དངུལ་ཁང་དང་ཉེན་སྲུང་སྤྱི་ཁྱབ་ཀུང་ཟི་ནས་སྤྲད་པའི་རིགས་མི་འདུས)(2)ཐོན་ཁུངས་དཔྱ་ཁྲལ། (3) བཟོ་བསྐྲུན་དཔྱ་ཁྲལ། (4) ཚྭའི་དཔྱ་ཁྲལ། (5) མི་སྒེར་གྱི་ཐོབ་ཁྲལ། (6) རྒྱལ་གཉེར་ཁེ་ལས་ཀྱི་བྱ་དགའི་དཔྱ་ཁྲལ། (7) མ་རྩ་ཕྱི་ཡོང་ཅན་དང་མ་རྩ་མཉམ་བཞག་ཅན་གྱི་ཁེ་ལས་ཀྱི་གཅིག་གྱུར་བཟོ་ཚོང་ཁྲལ་དང་ཐོབ་ཁྲལ། (དེ་རུ་རྒྱ་མཚོའི་རྡོ་སྣུམ་ཕྱོགས་ཀྱིས་སྤྲད་པའི་ཁྲལ་རིགས་མི་འདུས)

2 མཉམ་སྤྱོད་བསྡུར་ཚད་དང་ནང་དོན།

(1)རིན་འཕར་དཔྱ་ཁྲལ།(དེར་ནང་འདྲེན་སྒོ་ཁྲལ་ལས་འགག་སྒོས་ཚབ་བསྡུ་བྱེད་པའི་ཁག་མི་འདུས) ཀྲུང་དབྱང་གིས50%དང་། ས་གནས་ཀྱིས50%མཉམ་སྤྱོད་བྱེད་པ་ཡིན།

(2)ཐོན་ཁུངས་དཔྱ་ཁྲལ། རྒྱ་མཚོའི་རྡོ་སྣུམ་ཁེ་ལས་ཀྱིས་སྤྲད་པའི་རིམ་པ་ཀྲུང་དབྱང་ལ་དབང་ཞིང་། ལྷག་མ་ས་གནས་ལ་དབང་།

(3)ཁེ་ལས་ཐོབ་ཁྲལ།  ཀྲུང་གོའི་ལྕགས་ལམ་སྤྱི་ཁྱབ་ཀུང་ཟི་དང་དངུལ་ཁང་སོ་སོའི་སྤྱི་ཁྱབ་དངུལ་ཁང་། དེ་མིན་རྒྱ་མཚོའི་རྡོ་སྣུམ་ཁེ་ལས་ཀྱིས་སྤྲད་པ་ཀྲུང་དབྱང་ལ་དབང་ཞིང་། ལྷག་མ་དག60%དང40%ཡི་བསྡུར་ཚད་ལྟར་རིམ་བཞིན་ཀྲུང་དབྱང་དང་ས་གནས་ལ་དབང་།

(4)མི་སྒེར་གྱི་ཐོབ་ཁྲལ།  དེ་ལས་གསོག་ཉར་མ་དངུལ་གྱི་སྐྱེད་ཀ་ལས་ཐོབ་པའི་དཔྱ་ཁྲལ་ཕུད་འཕྲོ་མ་དག་གི་མཉམ་སྤྱོད་བསྡུར་ཚད་ཁེ་ལས་ཐོབ་ཁྲལ་དང་མཚུངས།

(5)བཟོ་བསྐྲུན་དཔྱ་ཁྲལ། ལྕགས་ལམ་སྡེ་ཁག དེ་མིན་དངུལ་ཁང་དང་ཉེན་སྲུང་སྤྱི་ཁྱབ་ཀུང་ཟི་ནས་སྤྲད་པ་དག་ཀྲུང་དབྱང་ལ་དབང་ཞིང་། ལྷག་མ་ས་གནས་སྲིད་གཞུང་ལ་དབང་བ་ཡིན།

(6) ལས་གཉེར་དཔྱ་ཁྲལ་བསྡུ་བ་དེ་རིན་འཕར་དཔྱ་ཁྲལ་དུ་བསྒྱུར་བར་ཚོད་ལྟ་བྱེད་པའི་དུས་རིམ་ཁྲོད་ད་ཡོད་ཀྱི་ནོར་སྲིད་སྒྲིག་གཞི་གཞི་རྩའི་སྟེང་བརྟན་འཇགས་ཡིན་ཞིང་། སྔོན་གྱི་ཁོངས་གཏོགས་ཚོད་ལྟའི་ཁུལ་གྱི་ལས་གཉེར་དཔྱ་ཁྲལ་བསྡུ་བ་དེ་རིན་འཕར་དཔྱ་ཁྲལ་དུ་བསྒྱུར་ན་ཡང་ཡོང་འབབ་སྔར་བཞིན་ཚོད་ལྟའི་ཁུལ་དུ་གཏོགས།  གྲོན་དངུལ་རེ་རེ་བཞིན་ནོར་མཛོད་དུ་ཉར་བ་དང་།  ཚོད་ལྟའི་ཁུལ་དུ་ནོར་སྲིད་ཡོང་འབབ་མར་ཆགས་པ་བྱུང་བ་དེ་ད་ཡོད་ཀྱི་ནོར་སྲིད་སྒྲིག་གཞི་ལྟར་ཀྲུང་དབྱང་དང་ས་གནས་ནས་འཁུར་བ།

《དངུལ་འཛིན་ཉོ་ཚོང་གི་སྦྱར་ཁྲལ་ཀྲུང་དབྱང་དང་ས་གནས་ཀྱི་མཉམ་སྤྱོད་བསྡུར་ཚད་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྡ་ཐོ》ལྟར2016ལོའི་ཟླ1པོའི་ཚེས1ནས་བཟུང་། དངུལ་འཛིན་ཉོ་ཚོང་གི་སྦྱར་ཁྲལ་དེ་ཀྲུང་དབྱང་གིས97%དང་ས་གནས་ཀྱིས3%ལྟར་མཉམ་སྤྱོད་བྱེད་པ་ནས་ཚང་མ་ཀྲུང་དབྱང་ལ་དབང་བར་བྱས།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

དཔལ་འབྱོར། དཔྱ་ཁྲལ།