ཁྲེད་ཁྲེད།སྔ་མའི་པར་གཞི་དེ དཔལ་ཚེ་རྡོར  ནས 2020-10-19 16:38ལ་འགྲུབ།

ཁྲེད་ཁྲེད།

དྭངས་གསལ་མེད་པའི་མདོག་གམ་མི་མཛེས་ཤིང་མདོག་གཅིག་ཁོ་ན་མངོན་པ།
1 ལོ་ཙཱ།

རྒྱ་ཡིག 暗淡之色

2 རྒྱས་འགྲེལ།

1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།དྭངས་གསལ་མེད་པའི་མདོག色泽浑浊不明貌:དམར་ཁྲེད་ཁྲེད། 暗红色。ནག་ཁྲེད་ཁྲེད། 黑乎乎的。སྔོ་ཁྲེད་ཁྲེད། 青黝黝的。

2.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།1.དྭངས་གསལ་མེད་པའི་མདོག་གམ་མི་མཛེས་ཤིང་མདོག་གཅིག་ཁོ་ན་མངོན་པ་སྟེ།དཔེར་ན། རྐུན་མས་རྒྱུ་བདག་གི་སྔོན་ནས་སྐད་ཆ་བཤད་མ་ཐུབ་པར་ངོ་གདོང་དམར་ཁྲེད་ཁྲེད་བསྡད་ལྟ་བུ།2.སྒྲ་མི་སྙན་པ་གྲག་སྟངས་ཤིག་སྟེ་ཁེ་རེད་ཁེ་རེད་ཅེས་པའི་སྒྲ་ལྟ་བུ།དཔེར་ན། རྒྱུད་མངས་རྡུང་མ་ཤེས་ན་སྒྲ་ཁྲེད་ཁྲེད་ལས་མི་འོང་ལྟ་བུ།