ཁྲེགས་ཆོད།སྔ་མའི་པར་གཞི་དེ དཔལ་ཚེ་རྡོར ནས 2020-10-19 16:38ལ་འགྲུབ།
རྒྱ་ཡིག 佛学名词“观”的旧译。
1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།[1]སྔ་འགྱུར་བའི་ལྷག་མཐོང་གི་བརྡ་ཆད། [2]ཀ་དག་ཁྲེགས་ཆོད་ཀྱི་བདུས་ཚིག
2.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།1.སྔ་འགྱུར་རྙིང་མའི་ཐུན་མིན་ཟབ་ཆོས་རྫོགས་པ་ཆེན་པོའི་ཉམས་ལེན་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གཉིས་ཀྱི་ཡ་གྱལ། འགྱུ་དྲན་རྟོག་ཚོགས་ཐམས་ཅད་ཐད་ཀར་བཅད་དེ་རིག་པ་སོ་མའི་ངང་བསྐྱངས་པའི་ཉམས་ལེན་གྱི་དོན་ནོ། །2.སྔགས། རྫོགས་ཆེན། རྙིང་མ། རྫོགས་ཆེན་མན་ངག་སྡེའི་ཉམས་ལེན་སྐབས་སུ་ཁྲེགས་ཆོད་དང་ཐོད་རྒལ་གཉིས་ཀྱི་ཟླས་ཕྱེ་བའི་ཁྲེགས་ཆོད་ནི། ལྟ་སྒོམ་སྤྱོད་པ་འབྲས་བུའི་གནད་ཡིག་ཡང་འབྱེད་ལས། ཁྲེགས་ཆོད་ནི་ཅིག་ཅར་བའི་དོན་ཡིན་ཏེ་འབད་པ་མེད་པར་རང་གིས་རང་གྲོལ་བར་བསྟན་པ་ཡིན་ཏེ༔ འདི་ནི་སྔོན་སྦྱངས་པའི་གང་ཟག་གི་སྤྱོད་ཡུལ་ཡིན་གྱི༔ ད་ལྟ་ནི་ཉམས་སུ་ལེན་དགོས་སོ༔ ཞེས་གསུངས།