ཁྲུས་བྱེད་པའི་ལྟུང་བྱེད།སྔ་མའི་པར་གཞི་དེ དཔལ་ཚེ་རྡོར  ནས 2020-10-21 10:54ལ་འགྲུབ།

ཁྲུས་བྱེད་པའི་ལྟུང་བྱེད།

ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས། ཚ་བའི་དུས་ཟླ་བ་གསུམ་དང༌། ནད་ལ་ཕན་པ་སོགས་གནང་བའི་དུས་མ་ཡིན་པར་སྔར་ཁྲུས་བྱས་ནས་ཟླ་བ་ཕྱེད་མ་འདས་པའི་སྔ་རོལ་དུ་རང་དགར་ཁྲུས་བྱེད་པའོ།།
1 ལོ་ཙཱ།

རྒྱ་ཡིག 洗浴堕。

2 རྒྱས་འགྲེལ།

1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས། ཚ་བའི་དུས་ཟླ་བ་གསུམ་དང༌། ནད་ལ་ཕན་པ་སོགས་གནང་བའི་དུས་མ་ཡིན་པར་སྔར་ཁྲུས་བྱས་ནས་ཟླ་བ་ཕྱེད་མ་འདས་པའི་སྔ་རོལ་དུ་རང་དགར་ཁྲུས་བྱེད་པའོ།།九十单堕之一。比丘洗浴,除于暑季已满三月及为疗病得升许者外,凡木逾半月,擅自洗浴,即犯此罪。

2.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།1.འདུལ་བ་རྣམ་པར་འབྱེད་པའི་སྡེ་ཚན། འདུལ་བ་ཇ་པར་བཞུགས།2.མདོ། འདུལ་བ། ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་སྔར་ཁྲུས་བྱས་ནས་ཟླ་བ་ཕྱེད་མ་འདས་པར་འཇིག་རྟེན་ལ་གྲགས་པའི་ཆུས་ཁྲུས་བྱས་ཏེ་ལུས་ཕྱེད་ཁྱབ་པར་གྱུར་པའི་ལྟུང་བ་དངོས་གཞིའོ། ། ཞེས་དང་། དེ་ཡང་རྟེན་ཁྲུས་ཀྱིས་ཕན་པའི་ནད་པ་དང་། དཀོན་མཆོག་གི་ཕྱིར་དུ་ཕྱག་རེ་ལྡེ་ཙམ་མམ་དཀྱིལ་འཁོར་བ་མལ་ཙམ་གྱི་ལས་བྱས་པ་དང་ལམ་དཔག་ཚད་ཕྱེད་དུ་ཕྱིན་པ་མ་ཡིན་པའི་དགེ་སློང་གིས་དུས་ཟླ་བ་ལྔ་བའི་ཚེས་གཅིག་ནས་བདུན་པའི་བཅོ་ལྔའི་བར་མ་གཏོགས་པ་རྐྱེན་དང་མི་ལྡན་པས་འདུ་ཤེས་མ་འཁྲུལ་ཞིང་། ཀུན་སློང་ཁྲུས་བྱེད་འདོད་ཀྱི་བསམ་པས་སྦྱོར་བ་ཟླ་ཕྱེད་ཕྱེད་ཀྱི་ནང་དུ་ཁྲུས་བྱེད་པར་བསམས་ཏེ། མཐར་ཐུག་དུས་མ་ཡིན་པར་ལུས་རིལ་པོ་ཁྲུས་བྱེད་ན་ལྟུང་བའོ། ། ཞེས་སོ། །
3.འདུལ་བ། འོག་ནས་གཞན་གྱི་དུས་སུ་ཁྲུས་བྱེད་ནའོ་ཞེས་བཤད་ན། གང་ལས་གཞན་ཡིན་ཞེ་ན། དབྱར་ཟླ་ར་བ་དང་འབྲིང་པོ་ནི་སོས་ཀ་རྣམས་ཀྱི་དུས་ཡིན་ལ། དེའི་ཟླ་བ་ཕྱེད་དབྱར་ཟླ་ར་བ་མར་གྱི་ངོ་འདས་པའི་ལྷག་མ་ཟླ་བ་ཕྱེད་དང་གཉིས་དང་། དབྱར་རྣམས་ཀྱི་དང་པོ་དབྱར་ཟླ་ཐ་ཆུང་ནི་ཁྲུས་ཀྱི་དུས་ཡིན་ལ། དེ་ལས་གཞན་པའི་དུས་སུ་དུས་མིན་པར་ཁྲུས་བྱེད་ན་ལྟུང་བར་འགྱུར་རོ། ། ཞེས་འདུལ་ཊཱིཀ་རིན་ཆེན་ཕྲེང་བ་ལས་གསུངས།4.མདོ། འདུལ་བ། གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་དྲུག་སྡེས་མཐོ་འཚམས་པའི་སེམས་ཀྱིས་ཁྲུས་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་མ་དད་པ་བསྐྱེད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་སྔར་ཁྲུས་བྱས་ནས་ཟླ་བ་ཕྱེད་མ་འདས་པར་འཇིག་རྟེན་ལ་གྲགས་པའི་ཆུས་ཁྲུས་བྱས་ཏེ་ལུས་ཕྱེད་ཁྱབ་པར་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །འདུལ་བའི་སྤྱི་དོན་ཐུབ་བསྟན་རྒྱས་པའི་ཉིན་བྱེད་ལས། ངོ་བོ་ནི། ཚ་བའི་དུས་ཀྱི་ཟླ་བ་ཕྱེད་དང་གསུམ་ལས་ཟླ་བ་གཞན་གྱི་དུས་སུ་དགེ་སློང་གིས་ཞག་བཅོ་ལྔ་བཅོ་ལྔ་ནས་ཁྲུས་བྱེད་པ་གནང་བ་ལས་དེའི་སྔ་རོལ་དུ་ཁྲུས་བྱེད་པའི་བཅས་པའི་ཁ་ན་མ་ཐོ་བའོ། །ཚིག་ལེར། གཞན་ཡང་ཚ་བའི་དུས་ཞེས་པ། །ཟླ་བ་ཕྱེད་དང་གསུམ་དུའོ། །ཞེས་གསུངས་པའི་དུས་ནི། སྣོན་ཟླ་བའི་ཡར་ཚེས་གཅིག་ནས་མགོ་བཟུང་བའི་ཟླ་ཕྱེད་དང་། ཆུ་སྟོད་ཀྱི་ཟླ་བ་སྟེ་སོས་ཀའི་ཟླ་བ་ཕྱེད་དང་གཉིས། དེའི་སྟེང་དུ་དབྱར་ཟླ་གྲོ་བཞིན་གྱི་ཟླ་བ་བསྣན་པས་ཟླ་བ་ཕྱེད་དང་གསུམ་ཡིན་ཏེ། མདོ་རྩར། སོས་ཀ་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་དང་། དབྱར་རྣམས་ཀྱི་དང་པོ་ལས་སོ། །ཞེས་གསུངས་པ་དང་དགོངས་པ་གཅིག་གོ །འདིར་ཁ་ཅིག་གིས་ཚ་བའི་དུས་ཀྱི་ཟླ་བ་གསུམ་གསུངས་པ་ནི་མ་བརྟགས་པར་ཟད་དོ། །ཞེས་པཎ་ཆེན་ངག་དབང་ཆོས་གྲགས་ཀྱིས་གསུངས་སོ། །5.འདུལ་བ། རྗེ་བཙུན་འདུལ་བ་མཁས་པའི་མགུལ་རྒྱན་ལས། བཅས་ལྡན་དགེ་སློང་ཚ་བའི་དུས་མ་ཡིན་པར་འཇིག་རྟེན་ན་གྲགས་པའི་ཆུ་ལ་ཁྲུས་བྱས་ཏེ་ལུས་ཁྱབ་པ་ན་དེར་འགྱུར་རོ། ། ཞེས་གསུངས།6.འདུལ་བ། འབའ་ཞིག་པ་དགུ་བཅུའི་དྲུག་བཅུ་པ། དོན་ནི། དགེ་སློང་གིས་ཆུར་ཞུགས་ནས་ཁྲུས་བྱས་ན་ཁྲུས་བྱེད་པའི་ལྟུང་བྱེད་སྐྱེད་དེ། བམ་ལྔ་ལས། ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ཟླ་བ་ཕྱེད་ལས་འདུམས་པ་ཉིད་དང་། དུས་མ་གཏོགས་པ་ཉིད་དང་། ཆུ་ཉིད་དང་། ཁྲུས་ཉིད་དང་། མགོ་རྐང་ངམ་གཡས་གཡོན་གང་ནས་ཀྱང་རུང་སྟེ་ལྟེ་བར་སོན་པའོ། ། ཞེས་གསུངས། དབྱར་ཟླ་ར་བའི་ཚེས་གཅིག་ནས་ཐ་ཆུང་གི་བཅོ་ལྔའི་བར་དང་། ཟླ་བ་བཅུ་གཉིས་པོའི་ཟླ་བ་ཕྱེད་ཕྱེད་དང་། སྐྲ་ཁྲུས་དུས་གནང་ལ། བམ་ལྔ་ལས། ལྷག་མ་ནི་ན་བའི་དུས་སོ། ། ལས་དུས་སོ། ། རླུང་དུས་སོ། ། ཆར་དུས་སོ། ། ཞེས་གསུངས། གླེང་གཞི་ནི། རྒྱལ་པོའི་ཁབ་ཏུ། དྲུག་སྡེས་ཉོན་མོངས་མཐོ་འཚམས་པས། ཉེས་པ་རྒྱལ་པོའི་རྫིང་བུར་ཆུས་ཁྲུས་བྱས་པས་དེ་སྤོང་བར་འདི་བཅས་སོ། ། སླར་ཡང་ཚ་ཁྲུས་གནང་ངོ་། ། རྩ་བར། དབང་བསྐུར་བས་སམ་འཇུག་པས་སོ། ལྟེ་བར་སོན་ནའོ། ། ཞེས་གསུངས།7.འདུལ་བ། འོག་ནས་གཞན་གྱི་དུས་སུ་ཁྲུས་བྱེད་ནའོ་ཞེས་བཤད་ན། གང་ལས་གཞན་ཡིན་ཞེ་ན། དབྱར་ཟླ་ར་བ་དང་འབྲིང་པོ་ནི་སོས་ཀ་རྣམས་ཀྱི་དུས་ཡིན་ལ། དེའི་ཟླ་བ་ཕྱེད་དབྱར་ཟླ་ར་བ་མར་གྱི་ངོ་འདས་པའི་ལྷག་མ་ཟླ་བ་ཕྱེད་དང་གཉིས་དང་། དབྱར་རྣམས་ཀྱི་དང་པོ་དབྱར་ཟླ་ཐ་ཆུང་ནི་ཁྲུས་ཀྱི་དུས་ཡིན་ལ། དེ་ལས་གཞན་པའི་དུས་སུ་དུས་མིན་པར་ཁྲུས་བྱེད་ན་ལྟུང་བར་འགྱུར་རོ། །