རྒྱལ་སྤྱིའི་འབྲེལ་བ་གསར་བ།སྔ་མའི་པར་གཞི་དེ མིང་གསང་tNNy81462  ནས 2020-10-20 16:40ལ་འགྲུབ།

རྒྱལ་སྤྱིའི་འབྲེལ་བ་གསར་བ།

རྒྱལ་སྤྱིའི་འབྲེལ་བ་གསར་བ།
རྒྱལ་སྤྱིའི་འབྲེལ་བ་གསར་བ་ནི་ཕན་ཚུན་བརྩི་འཇོག་དང་། དྲང་གཞག་དྲང་བདེན་། མཉམ་ལས་གཉིས་ཕན་ལྟེ་བ་ཡིན་པའི་རྒྱལ་སྤྱིའི་ཕྱི་འབྲེལ་ཐད་ཀྱི་རྩ་དོན་ཞིག་ལ་བྱ།


1 ངོ་སྤྲོད། 

2015ལོའི་ཟླ9བའི་ཚེས16ཉིན།  ཕྱི་འབྲེལ་པུའུ་ནས་ལན་ཐིང་གླེང་སྟེགས་སྐབས་བཅུ་བཞི་བ་བསྡུས་ཤིང་། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཚོགས་འདུར་ཞུགས་ཤིང་ཚོགས་ཐོག་ཏུ“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་འགྱངས་པར་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་མཉམ་ལས་གཉིས་ཕན་ལྟེ་བ་ཡིན་པའི་རྒྱལ་སྤྱིའི་འབྲེལ་བ་གསར་བའི་ལྟ་བ་རྒྱས་བཤད་གནང་ནས།  མ་ལག་དང་ལྡན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་བྱེ་བྲག་ཐབས་ལམ་འདོན་རྒྱུ་ཡིན་པ་དང་རྒྱལ་སྤྱིའི་འབྲེལ་བའི་འཕེལ་རྒྱས་ཐད་དུ་ལྟ་བ་གསར་བ་འདོན་པ་དང་། རེ་སྨོན་གསར་བ་སྩོལ་རྒྱུ་ཡིན་པའི”སྐོར་གྱི་གཏམ་བཤད་གནང་།

ཚོགས་ཆེན་བཅུ་དགུ་བའི་སྙན་ཞུའི་ནང་དུ་རྒྱལ་སྤྱིའི་འབྲེལ་བ་གསར་བའི་སྐོར་ཕན་ཚུན་བརྩི་འཇོག་དང་། དྲང་གཞག་དྲང་བདེན་། མཉམ་ལས་གཉིས་ཕན་གྱི་ངོས་འཛིན་གསར་བ་གནང་འདུག

2 འབོད་སྐུལ།

ཝང་དབྱི་ཡིས་གཏམ་བཤད་ཁྲོད་ཀྲུའུ་ཞི་ཞི་ཅིན་ཕིང་སྐབས་དེའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུར་ཞུགས་པ་ནི་ཞི་བདེ་དང་འཕེལ་རྒྱས་གཙོ་སྙིང་དུ་བཟུང་བ་དང་། མཉམ་ལས་གཉིས་ཕན་གྱི་རྒྱལ་སྤྱིའི་འབྲེལ་བ་འཛུགས་པ་བརྗོད་གཞི་གཙོ་བོར་འཛིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུ་ཚོགས་རབ་དང་རིམ་པ་གར་སྟེགས་སུ་བྱས་ནས། “མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་དམངས་ཀྱི་བདེ་སྐྱིད”ཆེ་རུ་གཏོང་ཆེད་ཀྲུང་གོའི་གྲོས་འགོ་བཏོན་པ་དང་། ཀྲུང་གོར་ལེགས་སྐྱེས་ཕུལ་བ་ཡིན་པར་བསྟན།

སྤྱི་ལོ2014ལོའི་མཇུག་ཏུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་ལས་གཉིས་ཕན་གྱི་རྒྱལ་སྤྱིའི་འབྲེལ་བ་གསར་བ་འཛུགས་པའི་ལྟ་བ་བཏོན། ཝང་དབྱི་ཡིས་དགོངས་ཚུལ་དེ་ནི་ཐོག་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་རྒྱུན་འཛིན་དང་དར་སྤེལ་བཏང་བ་ཞིག་ཡིན་ལ། སྲོལ་རྒྱུན་གྱི་རྒྱལ་སྤྱིའི་འབྲེལ་བའི་ཐོལ་བརྒལ་ཞིག་དང་གསར་གཏོད་ཐེངས་ཤིག་ཡིན་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཐད་བཏོན་པའི་བློ་འབྱེད་གལ་ཆེན་ཞིག་ཡིན་པ་བསྟན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེངས་དེར་ཐོག་མར་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་མཉམ་ལས་གཉིས་ཕན་གྱི་རྒྱལ་སྤྱིའི་འབྲེལ་བ་གསར་བའི་ལྟ་བ་རྒྱས་བཤད་གནང་ནས།  མ་ལག་དང་ལྡན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་བྱེ་བྲག་ཐབས་ལམ་བཏོན་པ་མ་ཟད། རྒྱལ་སྤྱིའི་འབྲེལ་བའི་འཕེལ་རྒྱས་སྐོར་ལ་ལྟ་བ་གསར་བ་མཁོ་འདོན་དང་། རེ་སྨོན་གསར་བ་བསྩལ།


དཔྱད་གཞིའི་ཡིག་ཆ།