ཕུའུ་དབྱང་རྡོ་སྣུམ་རྫས་འགྱུར་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-10-20 09:38ལ་འགྲུབ།

ཕུའུ་དབྱང་རྡོ་སྣུམ་རྫས་འགྱུར་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་།

ཕུའུ་དབྱང་རྡོ་སྣུམ་རྫས་འགྱུར་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་།
ཕུའུ་དབྱང་རྡོ་སྣུམ་རྫས་འགྱུར་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་ནི་ཧོ་ནན་ཞིང་ཆེན་ཕུའུ་དབྱང་གྲོང་ཁྱེར་དུ་གནས་ཤིང་། ཧོ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་ནས་བཙུགས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ཆེད་སྦྱོང་སློབ་གྲྭ་ཞིག་ཡིན་ལ། དེ་སྔའི་སློབ་གྲྭ་ནི་སྤྱི་ལོ1984ལོར་བཙུགས་པའི་ཀྲུང་ཡོན་རྡོ་སྣུམ་སློབ་གྲྭ་ཡིན་པ་དང་སྤྱི་ལོ2020ལོར་ཧོ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་ཕུའུ་དབྱང་རྡོ་སྣུམ་རྫས་འགྱུར་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་ཞེས་པར་བསྒྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
濮阳石油化工职业技术学院
གཙོ་གཉེར་སྡེ་ཁག
ཧོ་ནན་ཞིང་ཆེན།
བཙུགས་ལོ།
སྤྱི་ལོ2020ལོའི་ཟླ6པའི་ཚེས29ཉིན།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
རྡོ་སྣུམ་བཟོ་སྐྲུན་སྡེ་ཁག རྫས་འགྱུར་བཟོ་སྐྲུན་སྡེ་ཁག འཕྲུལ་གློག་བཟོ་སྐྲུན་སྡེ་ཁག འཕྲལ་བསྟུན་རོགས་སྐྱོབ་སྡེ་ཁག
རྣམ་པ།
གཞུང་བཙུགས་སློབ་ཆེན།
རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སྐོར།
ངོ་བོ།
ཉིན་ཧྲིལ་བོའི་ལམ་ལུགས་ཅན་གྱི་ཆེད་སྦྱོང་སློབ་གླིང་།
རྒྱ་ཁྱོན།
མུའུ360
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1984ལོར་ཀྲུང་ཡོན་རྡོ་སྣུམ་སློབ་གྲྭ་བཙུགས། 

སྤྱི་ལོ1985ལོར་ཀྲུང་ཡོན་རྡོ་སྣུམ་སློབ་གྲྭ་དངོས་སུ་བཙུགས། 

སྤྱི་ལོ1987ལོར་ཀྲུང་ཡོན་རྡོ་སྣུམ་ལག་རྩལ་བཟོ་པའི་སློབ་གྲྭ་དེ་ཀྲུང་ཡོན་རྡོ་སྣུམ་སློབ་གྲྭའི་ཁོངས་སུ་བཅུག

སྤྱི་ལོ1978ལོར་ཧྲེང་ལི་སྣུམ་ཞིང་ལག་རྩལ་བཟོ་པའི་སློབ་གྲྭ(ལིན་ཕན་ཡན་ལག་སློབ་གྲྭ)བཙུགས།

སྤྱི་ལོ1979ལོར་ཧྲེང་ལི་སྣུམ་ཞིང་ལག་རྩལ་བཟོ་པའི་སློབ་གྲྭ་རུ་མིང་བསྒྱུར།

སྤྱི་ལོ1984ལོར་ཧྲེང་ལི་སྣུམ་ཞིང་ལག་རྩལ་བཟོ་པའི་སློབ་གྲྭ་ཧྲན་ཏུང་ཏུང་ཡིང་ནས་ཧོ་ནན་ཕུའུ་དབྱང་དུ་གནས་སྤར། 

སྤྱི་ལོ2005ལོར་ཀྲུང་ཡོན་རྡོ་སྣུམ་སློབ་གྲྭར་ཕུའུ་དབྱང་སྣུམ་ཞིང་ལས་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭ་ཞེས་པར་མིང་བསྒྱུར། 

སྤྱི་ལོ2019ལོར་ཕུའུ་དབྱང་གྲོང་ཁྱེར་སྣུམ་ཞིང་ལས་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭ་ཕུའུ་དབྱང་རྡོ་སྣུམ་རྫས་འགྱུར་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་དུ་གནས་སྤོར་བྱས། 

སྤྱི་ལོ2020ལོར་ཕུའུ་དབྱང་རྡོ་སྣུམ་རྫས་འགྱུར་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་གིས་སློབ་གསོ་པུའུ་ལ་ཐོ་འགོད་སྙན་སེང་ཞུས། 

2 སློབ་སྒྲུབ་ཆ་རྐྱེན།
2_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས། 

ཕུའུ་དབྱང་རྡོ་སྣུམ་རྫས་འགྱུར་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་གིས་གཙོ་བོ་ལས་རིགས་དང་ས་གནས་ལ་ཁ་ཕྱོགས་ནས་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་ལག་རྩལ་རྩལ་ནུས་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཀྱིན་ཡོད། སློབ་གྲྭ་དེའི་ཆེད་སྦྱོང་ཚན་ཁག་རིམ་པའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་སྤྱིར་བཏང་སློབ་གྲྭར་མི5000གཏན་འཁེལ་བྱས་ཤིང་། སྣུམ་རླངས་སྔོག་འདོན་ལག་རྩལ་དང་། རྡོ་སྣུམ་ལས་གྲྭའི་ལག་རྩལ། རྡོ་སྣུམ་རྫས་འགྱུར་བཟོ་ལས་ལག་རྩལ། གྲངས་འཛིན་ལག་རྩལ་བཅས་ཆེད་ལས4ཁག་དང་པོ་བཙུགས། ཆེད་ལས་བཀོད་སྒྲིག་ནི་རྒྱལ་ཁབ་དང་ཧོ་ནན་ཞིང་ཆེན་གྱི་འབྲེལ་ཡོད་གཏན་འབེབས་ལྟར་སྒྲུབ་བཞིན་ཡོད། 

2_2 སློབ་གྲྭའི་ཁོར་ཡུག

ཕུའུ་དབྱང་རྡོ་སྣུམ་རྫས་འགྱུར་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་ནི་དེ་སྔའི་ཕུའུ་དབྱང་གྲོང་ཁྱེར་སྣུམ་ཞིང་ལས་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭ་ཡིན་ལ། ཕུའུ་དབྱང་གྲོང་ཁྱེར་ཀྲུང་ཡོན་ལམ་གྱི་ཨང567རུ་གནས། ཁོངས་གཏོགས་ཀྱི་སྣུམ་ཞིང་དང་རྒྱལ་ཁབ་རིམ་པའི་གཙོ་གནད་འབྲིང་རིམ་ཆེད་ལས་སློབ་གྲྭ་བཅས་ལ། སྤྱི་ལོ2005ལོར་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་དང་སློབ་གསོ་དེ་ས་གནས་སྲིད་གཞུང་ལ་དོ་དམ་བྱ་རྒྱུར་རྩིས་སྤྲད་པ་དང་སློབ་གྲྭ་དེ་ཕུའུ་དབྱང་གྲོང་ཁྱེར་སྣུམ་ཞིང་ལས་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭར་མིང་བསྒྱུར། སློབ་གྲྭའི་རྒྱ་ཁྱོན་མུའུ360ཟིན་པ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི6.6792ཡོད། སློབ་ཁྲིད་ཐོག་ཁང2ཡོད་པས་སློབ་ཁྲིད་འཛིན་གྲྭ150ཤོང་ཐུབ་པ་དང་སློབ་ཁྲིད་འཛིན་གྲྭ་ཁག་ཚང་མར་སྨྱན་སྦྱོར་སྣ་མང་བཀོད་སྒྲིག་བྱས་ཤིང་། ཉལ་ཁང་སྟར་པ4དང་ཟ་ཁང1གིས་སློབ་མ4000ལྷག་ཙམ་ལ་ཟ་སྡོད་མཁོ་འདོན་བྱེད་ཀྱིན་ཡོད་ཅིང་། གཞན་ཡང་ད་དུང་ཚོད་ལྟའི་ཐོག་ཁང1ཡོད་པ་དེས་ཚད་ལྡན་ཚོད་ལྟ་ཁང60བསྐྲུན་ཆོག དངོས་སྦྱོང་ཐོག་ཁང1དང་གསོ་སྦྱོང་ཐོག་ཁང1 སློབ་གྲྭའི་དཔེ་དེབ་ཁྲི15ཉར་ཚགས་བྱས་པ་དང་མི400ལྷག་ཙམ་དུས་གཅིག་ཏུ་ལྟ་ཀློག་བྱེད་ཆོག་པ་དང་། སྨི་གྲུ་བཞི་མ4700ཡོད་པའི་ཁང་པའི་ནང་གི་ལག་རྩལ་སྤོ་ལོ་ཁང་དང་མཆོང་རྒྱུག་འཕེན་གསུམ་གྱི་སྦྱོང་བརྡར་ཁང་། སྨི་གྲུ་བཞི་མ28780ཡོད་པའི་ཁང་པའི་ཕྱི་རོལ་གྱི་བྱེད་སྒོ་སྤེལ་ཡུལ་དུ་ཁྱོན་ཁང་པའི་ཕྱི་རོལ་དུ་ལག་རྩལ་སྤོ་ལོ་ཐང8དང་བྱ་སྒྲོའི་སྤོ་ལོ་ཐང4ཡོད།

དཔྱད་གཞིའི་ཡིག་ཆ།