བདེ་ཐང་གཉིས།སྔ་མའི་པར་གཞི་དེ མིང་གསང་tNNy81462  ནས 2020-10-19 17:17ལ་འགྲུབ།

བདེ་ཐང་གཉིས།

བདེ་ཐང་གཉིས།
བདེ་ཐང་གཉིས་ནི་སྤྱི་དབང་མིན་པའི་དཔལ་འབྱོར་ལམ་ལུགས་ཀྱི་བདེ་ཐང་དང་སྤྱི་དབང་མིན་པའི་དཔལ་འབྱོར་གཉེར་མཁན་གྱི་བདེ་ཐང་ཡིན་ཞིང་། སྤྱི་དབང་མིན་པའི་དཔལ་འབྱོར་ལམ་ལུགས་ཁྱབ་ཁོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་མཛུབ་སྟོན་བསམ་བློ་གལ་ཆེ་བ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
“两个健康”
མདོར་བསྟན།
མཛུབ་སྟོན་བསམ་བློ།
1 འབྱུང་རྐྱེན།

བཅོས་བསྒྱུར་སྒོ་འབྱེད་ཚུན་ནས་བཟུང་སྤྱི་དབང་མིན་པའི་དཔལ་འབྱོར་ལམ་ལུགས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན། སྤྱི་དབང་མིན་པའི་དཔལ་འབྱོར་ཁྱབ་ཁོངས་རིམ་བཞིན་འཐབ་ཕྱོགས་གཅིག་གྱུར་ཕྱོགས་ཀྱི་བྱ་བ་གལ་ཆེན་ཞིག་ཏུ་གྱུར་བས། དེ་དང་འབྲེལ་བའི་མཛུབ་སྟོན་བསམ་བློ་ཡང་ངེས་པར་མཁོ་བ་ཞིག་ཏུ་གྱུར།  འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཆོས་ཉིད་དང་ཁྱད་ཆོས་ལ་ངོས་འཛིན་གཏིང་ཟབ་ཏུ་བྱས་པ་དང་བསྟུན་ཏེ། སྤྱི་དབང་མིན་པའི་དཔལ་འབྱོར་ཁྱབ་ཁོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་མཛུབ་སྟོན་བསམ་བློ་དེ་བདེ་ཐང་གཅིག་ནས་བདེ་ཐང་གཉིས་ཀྱི་གོ་རིམ་དུ་འཕེལ།

སྤྱི་ལོ1981ལོར།  ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སྒོ་མོ་ཆེ་རུ་འབྱེད་པ་དང་། དཔལ་འབྱོར་དོན་ཐོག་ཏུ་གཉེར་བ། གྲོང་རྡལ་དང་གྲོང་ཁྱེར་གྱི་ལས་ཞུགས་གནད་དོན་ཐག་གཅོད་སྐོར་གྱི་ཐག་གཅོད་འགའ》མར་བཀྲམས་རྗེས་ཀྲུང་གོའི་དམངས་གཙོ་རྒྱལ་འཛུགས་ཚོགས་པ་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ཚོགས་པས《ཐག་གཅོད》ལག་བསྟར་སྐོར་གྱི་བསམ་འཆར་འགའ་ཞུས།  

སྤྱི་ལོ1982ལོའི་ཟླ2པར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིས《བསམ་འཆར》ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་བསྐུར་བ་དང་། དེའི་ནང་དུ་སྔར་ལས་ལྷག་པའི་སྒོ་ནས་སྲིད་ཇུས་སྙོམས་སྒྲིག་དང་། ལམ་ལུགས་བཅོས་བསྒྱུར་བཏང་སྟེ་ཐུན་མོང་དཔལ་འབྱོར་དང་མི་སྒེར་དཔལ་འབྱོར་བདེ་ཐང་གིས་འཕེལ་རྒྱས་སུ་འགྲོ་དགོས་པ་བསྟན་ཡོད་ཅིང་། དེ་ནི་ཀྲུང་དབྱང་གི་ཡིག་ཆའི་ཁྲོད་སྤྱི་དབང་མིན་པའི་དཔལ་འབྱོར་བདེ་ཐང་སྐོར་གྱི་ལྟ་བ་བཏོན་པ་ཆེས་སྔ་བ་དེ་ཡིན།

སྤྱི་ལོ1989ལོའི་ཟླ3པར།  ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས《སྒེར་གཉེར་ཁེ་ལས་ཀྱིས་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བ་སྤེལ་བའི་སྐོར་གྱི་བསམ་འཆར་འགའ》ཞེས་པ་དཔར་འགྲེམས་བྱས་ཤིང་།  སྒེར་གཉེར་ཁེ་ལས་ཀྱིས་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བ་སྤེལ་བའི་བསམ་བློའི་མཛུབ་སྟོན་ནི་སྐུལ་ལྕག་དང་སྣེ་ཁྲིད་ཀྱིས་སྒེར་གཉེར་ཁེ་ལས་བདེ་ཐང་གིས་འཕེལ་རྒྱས་སུ་གཏོང་བ་དང་། སྒེར་གཉེར་ཁེ་ལས་གཉེར་མཁན་བར་མཐུན་སྒྲིལ་དགོས་པ་དང་། སློབ་གསོ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་ཟོག་དཔལ་འབྱོར་ལ་ཞབས་ཞུ་སྒྲུབ་རྒྱུ་དེ་ཡིན་པ་གསལ་བོར་བསྟན་འདུག

སྤྱི་ལོ1996ལོའི་ཟླ1པོར། བློ་མཐུན་ཝང་ཀྲའོ་ཀུའོ་ཡིས་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་གྲོས་ཚོགས་སྟེང་སྤྱི་དབང་མིན་པའི་དཔལ་འབྱོར་ལམ་ལུགས་ཀྱི་འཐུས་ཚབ་མི་སྣའི་བསམ་བློ་ཆབ་སྲིད་ཀྱི་བྱ་བ་ལེགས་པོར་སྒྲུབ་པ་དེ་ཐད་ཀར་ཏང་གི་དཔལ་འབྱོར་ལམ་ལུགས་བཅོས་སྒྱུར་གྱི་རླབས་ཆེན་འཐབ་ཇུས་ལག་བསྟར་བྱེད་པ་དང་འབྲེལ་བ་དང་། སྤྱི་དབང་མིན་པའི་དཔལ་འབྱོར་ལམ་ལུགས་བདེ་ཐང་གིས་འཕེལ་རྒྱས་སུ་འགྲོ་བ་དང་འབྲེལ་ཡོད་པ་བསྟན། དུས་དེ་ནས་བཟུང་། འཐབ་ཕྱོགས་གཅིག་གྱུར་གྱིས་སྤྱི་དབང་མིན་པའི་དཔལ་འབྱོར་ལམ་ལུགས་བདེ་ཐང་གིས་འཕེལ་རྒྱས་སུ་གཏོང་བའི་ལྟ་བ་དངོས་སུ་བཏོན། ཐེངས་དེའི་གསུངས་བཤད་དུ་སྤྱི་དབང་མིན་པའི་དཔལ་དབྱོར་གཉེར་མཁན་གྱི་བསམ་བློ་ཆབ་སྲིད་ཀྱི་བྱ་བ་དང་སྤྱི་དབང་མིན་པའི་དཔལ་འབྱོར་ལམ་ལུགས་བདེ་ཐང་གིས་འཕེལ་རྒྱས་གཏོང་བའི་བར་འབྲེལ་བ་དམ་ཟབ་ཡོད་པ་གསལ་སྟོན་བྱས་ཤིང་།  རྗེས་ཀྱི་བདེ་ཐང་གཉིས་ཀྱི་བསམ་བློ་བྱུང་བར་གཞུང་ལུགས་ཀྱི་རྨང་གཞི་བཏང་།

སྤྱི་ལོ2000ལོའི་ཟླ12པར། བློ་མཐུན་ཅང་ཙེ་མིན་ལགས་ཀྱིས་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་ཐེངས19བའི་སྐབས་གསུང་བཤད་གནང་ཞིང་། “ སྤྱི་དབང་མིན་པའི་དཔལ་འབྱོར་ལམ་ལུགས་ཀྱི་བདེ་ཐང་དང་སྤྱི་དབང་མིན་པའི་དཔལ་འབྱོར་གཉེར་མཁན་གྱི་བདེ་ཐང་དམིགས་སུ་བཟུང་ནས། ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་ལ་འཇུག་པའི་དད་སེམས་འཛུགས་པར་རམ་འདེགས་བྱས་ཏེ། རྒྱལ་གཅེས་དང་ལས་ཞེན། ཁྲིམས་སྲུང་བཅས་སྒྲུབ་ཐུབ་པར་བྱེད་པ་དང་། རང་ཕྱོགས་ཀྱི་ཁེ་ལས་འཕེལ་རྒྱས་སུ་གཏོང་བའི་དུས་མཚུངས་སུ“ཕྱུག་པོར་གྱུར་ཚེ་འབྱུང་རྩ་ཡིད་དུ་འཛིན་པ། ཕྱུག་པོར་གྱུར་རྗེས་ཡར་རྒྱས་བརྩོན་ལེན་བྱེད་པ” ཡི་བྱ་འགུལ་སྤེལ་ཏེ། མི་སྔར་ལས་མང་བ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་རོགས་བྱེད་དགོས་པའི་ལྟ་བ་བཏོན་པ་མ་ཟད། བློ་མཐུན་ཝང་ཀྲའོ་ཀུའོ་ཡིས་སྤྱི་དབང་མིན་པའི་དཔལ་འབྱོར་གཉེར་མཁན་གྱི་བདེ་ཐང་ལ་ཁྲིད་སྟོན་བྱས་ཏེ་སྤྱི་དབང་མིན་པའི་དཔལ་འབྱོར་འཕེལ་བར་སྐུལ་འདེད་གཏོང་བ་དེ་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གནད་གལ་ཆེན་ཞིག་ཡིན་པའི་བྱ་བའི་སྙན་ཞུ་ཕུལ།

རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཚོགས་འདུ་ཐེངས19བའི་སྟེང“སྤྱི་དབང་མིན་པའི་དཔལ་འབྱོར་གཉེར་མཁན་གྱི་བདེ་ཐང”ཞེས་པའི་ལྟ་བ་ཐོག་མར་བཏོན་ཞིང“སྤྱི་དབང་མིན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་བདེ་ཐང”དང་ལྷན་དུ་བཞག་ཅིང་སྤྱི་དབང་མིན་པའི་དཔལ་འབྱོར་གཉེར་མཁན་གྱི་བདེ་ཐང་ལ་སྣེ་ཁྲིད་དེ་སྤྱི་དབང་མིན་པའི་དཔལ་འབྱོར་བདེ་ཐང་གིས་འཕེལ་རྒྱས་བྱུང་བར་སྐུལ་འདེད་གཏོང་ཐུབ་པའི་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་གསལ་སྟོན་བྱས།

2  དོན་སྙིང་། 

“བདེ་ཐང་གཉིས”ཀྱི་བསམ་བློ་བཏོན་པས་སྤྱི་དབང་མིན་པའི་དཔལ་འབྱོར་ལང་ལུགས་ཁྱབ་ཁོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་མཛུབ་སྟོན་བསམ་བློ་ཁ་ཚང་དང་འཐུས་ཚང་དུ་སོང་ཞིང་། སྤྱི་དབང་མིན་པའི་དཔལ་འབྱོར་ཁྱབ་ཁོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་བྱ་བ་བསྒྲུབ་པ་དང་། གྲལ་རིམ་རྨང་གཞི་དང་སྲིད་སྐྱོང་རྨང་གཞི་ཇེ་བརྟན། ཏང་གི་མང་ཚོགས་རྨང་གཞི་རྒྱ་སྐྱེད་བཅས་ཀྱི་ཕྱོགས་ལ་དོན་སྙིང་ཟབ་མོ་ལྡན། 


དཔྱད་གཞིའི་ཡིག་ཆ།