མི་བྱེད་པ་བཞི་དང་ཐད་ཀར་གཉིས།སྔ་མའི་པར་གཞི་དེ མིང་གསང་tNNy81462  ནས 2020-10-21 09:55ལ་འགྲུབ།

མི་བྱེད་པ་བཞི་དང་ཐད་ཀར་གཉིས།

མི་བྱེད་པ་བཞི་དང་ཐད་ཀར་གཉིས།
མི་བྱེད་པ་བཞི་དང་ཐད་ཀར་གཉིས་ནི་རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ནས་བཙུགས་པའི་བདེ་འཇགས་ཐོན་སྐྱེད་སྐོར་ལ་ལྐོག་ནས་རྩད་གཅོད་དང་ཞིབ་བཤེར་བྱེད་པའི་ལམ་ལུགས་ཤིག་སྟེ། བརྡ་སྦྱོར་མི་གཏོང་བ། སྔོན་བརྡ་མི་གཏོང་བ། སྙན་ཞུར་མི་ཉན་པ། ཕེབས་རོགས་སྣེ་ལེན་མེད་པར། ཐད་ཀར་གཞི་རིམ་དང་ཡུལ་དངོས་ལ་བསྐྱོད་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
四不两直
ངོ་བོ།
ལྐོག་ནས་རྩད་གཅོད་ཞིབ་བཤེར་བྱེད་པ།
བཙུགས་པའི་དུས་ཚོད།
སྤྱི་ལོ2014ལོའི་ཟླ9བ།
1 ལམ་ལུགས་ཀྱི་བླང་བྱ། 

རྒྱལ་ཁབ་བདེ་འཇགས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་གཞུང་སྒྲུབ་ཐིང་གིས་བདེ་འཇགས་ཐོན་སྐྱེད་ཐད་ཀྱི“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་ལྐོག་ནས་རྩད་གཅོད་དང་ཞིབ་བཞེར་བྱེད་པའི་བྱ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བརྡ་སྦྱོར།

བདེ་འཇགས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ། 〔2014〕ཨང་རྟགས96པ།

ཞིང་ཆེན་སོ་སོ་དང་། རང་སྐྱོང་ཁུལ། ཐད་གཏོགས་གྲོང་ཁྱེར་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ཅུའུ་དང་། རྡོ་སོལ་གཏེར་ཁའི་ལྟ་སྐུལ་སྡེ་ཁག ཞིང་ཆེན་སོ་སོའི་རྡོ་སོལ་གཏེར་ཁ་བདེ་འཇགས་ལྟ་སྐུལ་ཅུའུ་ལ།

རྒྱལ་ཁབ་བདེ་འཇགས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ནས《བྱེད་ཕྱོགས་བསྒྱུར་ཏེ་བདེ་འཇགས་ཐོན་སྐྱེད་བྱ་བར་ལྐོག་ནས་རྩད་གཅོད་དང་ཞིབ་བཤེར་བྱེད་པའི་ལམ་ལུགས》(བདེ་འཇགས་ལྟ་སྐུལ་སྤྱིའི་གཞུང་སྒྲུབ་ཁང〔2013〕ཨང་རྟགས111པ)དཔར་འགྲེམས་བྱས་པ་ནས་བཟུང་། རིམ་པ་སོ་སོའི་བདེ་འཇགས་དོ་དམ་དང་ལྟ་ཞིབ་ལས་ཁུངས་ཀྱིས་བརྡ་སྦྱོར་མི་གཏོང་བ་དང་། སྔོན་བརྡ་མི་རྒྱག་པ། སྙན་ཞུར་མི་ཉན་པ། ཕེབས་རོགས་སྣེ་ལེན་མེད་པ། ཐད་ཀར་གཞི་རིམ་དུ་འགྲོ་བ། ཐད་ཀར་ཡུལ་དངོས་སུ་འགྲོ་བ་བཅས་ཀྱི་མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་བྱ་འགུལ་རྒྱ་ཆེར་སྤེལ་ཞིང་། རྒྱུ་མ་ཕུ་འདེད་ཀྱིས་བྱ་བའི་གྲུབ་འབྲས་མངོན་གསལ་བླངས། མུ་མཐུད་དུ“སྤྱོད་ཚུལ་བཞི”ལ་རྒོལ་བ་དང་། བྱེད་ཕྱོགས་བསྒྱུར་བ། བྱེད་ཐབས་གསར་གཏོད་ཅན་དུ་གཏོང་བའི་ཕྱོགས་ལ་ཤུགས་སྣོན་པ་དང་། སྔོན་འགོག་ནན་མོར་འཛིན་པ། རྩ་བ་བཅོས་བསྒྱུར་གནད་དུ་འཛིན་པ། དོན་འཁྱོལ་འཛིན་པ། འབྲས་བུ་མངོན་གསལ་དུ་ལེན་པའི་ཕྱོགས་ལ་ཤུགས་སྣོན་པའི་ཆེད་ལྐོག་ནས་རྩད་གཅོད་དང་ཞིབ་བཤེར་བྱེད་པའི་བྱ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བའི་ནང་དོན་གཤམ་ལྟར། 

1_1 གཅིག  ལམ་ལུགས་སྤེལ་ཡུལ།

ལྐོག་ནས་རྩད་གཅོད་ཞིབ་བཤེར་བྱེད་ཡུལ་ནི་ས་གནས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གཞན་དག་དང་། ས་གནས་དེའི་བདེ་འཇགས་དོ་དམ་ལྟ་སྐུལ་ལས་རིགས་ཁྱབ་ཁོངས་ཀྱི་ཐོན་སྐྱེད་ལས་ཁུངས་སོ་སོ(མི་ཚོགས་འདུས་སའི་ཡུལ་གནས་ཀྱང་གཏོགས)

1_2 གཉིས། ལམ་ལུགས་སྤེལ་ཐབས།

གཙོ་བོ་གློ་བུར་དུ་ཞིབ་བཤེར་བྱེད་པ་དང་། སྐབས་བསྟུན་གྱིས་ཟུར་བཤེར་བྱེད་པ། བསྐྱར་ཞིབ་སོགས་ཀྱི་ཐབས་ལམ་སྤྱོད་ཀྱིན་ཡོད། གནས་ཚུལ་དམིགས་བསལ་བའི་སྐབས་སྔོན་བརྡ་མེད་པའི་གནས་ཚུལ་འོག་འབྲེལ་ཡོད་སྡེ་ཁག་གི་ཕེབས་རོགས་དགོས་པའི་བརྡ་བཏང་ཆོག

1_3   གསུམ། ནང་དོན་གཙོ་བོ།

(1)ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ཐག་གཅོད་དང་བཀོད་འདོམས་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ།

(2)ཐོན་སྐྱེད་ལས་གཉེར་ལས་ཁུངས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ། སྒྲིག་སྲོལ། ལམ་ལུགས། ཚད་གཞི་བཅས་བརྩི་སྲུང་དང་ལག་བསྟར་བྱས་པ་དང་། ཁྲིམས་ལྟར་ཐོན་སྐྱེད་ལས་གཉེར་འཛུགས་སྐྲུན་བྱ་ལས་གཉེར་བའི་གནས་ཚུལ།

(3)ས་གནས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་བདེ་འཇགས་ཐོན་སྐྱེད་དོ་དམ་ཐད་ཐོན་པའི་དོ་དམ་ནུས་པ་དང་། སྡེ་ཁག་གིས་ལྟ་ཞིབ་འགན་ལེན་དང་།  སྲིད་འཛིན་ཁྲིམས་འཛིན་དང་།  ཁྲིམས་ལྟར་བཅོས་སྐྱོང་བྱེད་པ་བཅས་ལག་བསྟར་བྱས་པའི་གནས་ཚུལ།

(4)ཐོན་སྐྱེད་ཡུལ་དངོས་ནས་ལས་མི་རྩ་འཛུགས་དང་། བདེ་འཇགས་དོ་དམ།  བདེ་འཇགས་ཐབས་ལམ་བཅས་དོན་འཁྱོལ་བྱས་པའི་གནས་ཚུལ།

(5)ཉེན་ཁ་ཚབས་ཆེན་དང་གནད་དོན་མངོན་གསལ་ཡོད་པའི་སྐོར།

(6)སྲིད་འཛིན་ཁྲིམས་འཛིན་གྱི་བཀའ་བཀོད་དང་མངོན་མེད་རྐྱེན་ངན་དག་ཐེར་དང་ལེགས་བཅོས་བྱས་པའི་གནས་ཚུལ།

(7)དོན་རྐྱེན་རྩད་ཞིབ་དང་ཐག་གཅོད་བྱས་ཏེ། ཉམས་མྱོང་བླངས་ནས་དག་ཐེར་དང་ལེགས་བཅོས་བྱས་པའི་གནས་ཚུལ།

ལས་ཁུངས་སོ་སོ་ནས་བྱ་བའི་གནས་ཚུལ་ལ་གཞིགས་ཏེ་ལམ་ལུགས་འདིའི་ནང་དོན་ཇེ་གསལ་དུ་བཏང་ཆོག


1_4 བཞི། བྱ་བའི་གོ་རིམ།

(1)ཇུས་གཞི་བཟོ་བ། གནད་དོན་གྱིས་ཁྲིད་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ནས་ལྐོག་ནས་རྩད་གཅོད་དང་ཞིབ་བཤེར་བྱེད་པའི་བྱ་བའི་ཇུས་གཞི་ཚགས་དམ་པོར་བཟོ་བ་སྟེ། དམིགས་འབེན་ངེས་གཏན་ཡོད་པ། གནད་འགག་ལ་ཞིབ་བཤེར་བྱེད་པ། ལས་འགན་གསལ་བོར་བགོ་བ་བཅས་བྱས་ནས་ལྐོག་ནས་རྩད་གཅོད་ཞིབ་བཤེར་བྱེད་པའི་བྱ་བའི་གཟབ་ནན་རང་བཞིན་དང་། ཕན་འབྲས་རང་བཞིན་མངོན་པར་ཁག་ཐེག་བྱེད་དགོས་པ། མ་ཟད་ཇུས་གཞི་ལག་བསྟར་མ་བྱས་གོང་ངེས་པར་གསང་རྒྱ་སྡོམ་དགོས།

(2)ཡུལ་དངོས་ཞིབ་བཤེར། འབྲེལ་ཡོད་ལས་ཁུངས་ལ་གློ་བུར་ཞིབ་བཤེར་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་བ་སྟེ། འབྲེལ་ཡོད་བྱ་བའི་བྱེད་ཐབས་ལག་བསྟར་དང་ཡུལ་དངོས་བདེ་འཇགས་ཐོན་སྐྱེད་ཀྱི་གནས་ཚུལ་དང་། ཁྲིམས་འགལ་ལུགས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་དག་ལ་སྒྲ་ལེན་པ་དང་། བརྙན་ལེན་པ། ཟིན་བྲིས་འབྲི་བ་སོགས་ཀྱི་ཐབས་སྤྱད་ནས་ནན་གྱིས་ཟིན་ཐོར་འགོད་དགོས། མངོན་མེད་རྐྱེན་ངན་དང་གནད་དོན་ཡོད་ན་ཡུལ་དངོས་ནས་ཐག་གཅོད་བྱེད་པ། དགོས་མཁོ་བྱུང་ན་དེར་མཐུན་གྱི་ཁྲིམས་བསྟར་ཡི་གེ་མར་བཀྲམས་ཏེ་ཁྲིམས་ལྟར་སྲིད་འཛིན་ཉེས་ཆད་འཁུར་དུ་འཇུག་པ།

(3)བརྡ་ཁྱབ་ཕྱིར་ལན། ལྐོག་ནས་རྩད་གཅོད་ཞིབ་བཤེར་བྱེད་པ་མཇུག་རྫོགས་རྗེས་དུས་ཐོག་ཏུ་ཞིབ་བཤེར་བྱས་པའི་འབྲེལ་ཡོད་ལས་ཁུངས་དང་སྡེ་ཁག་ལ་ཞིབ་བཤེར་གནས་ཚུལ་ཤེས་སུ་བཅུག་སྟེ། ས་གནས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་ཁྲོད་གནད་དོན་མངོན་གསལ་ཡོད་པ་དག་རིམ་པ་གོང་མའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་ལ་བརྡ་ཁྱབ་གཏོང་དགོས། ལས་གཉེར་ལས་ཁུངས་ཁྲོད་མངོན་མེད་དོན་རྐྱེན་དང་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ཡོད་པ་དག་ས་གནས་དེའི་རྫོང་རིམ་པ་ཡན་ཆད་ཀྱི་ས་གནས་སྲིད་གཞུང་དང་དེའི་བདེ་འཇགས་ལྟ་སྐུལ་དོ་དམ་སྡེ་ཁག་དང་། ལས་རིགས་དོ་དམ་སྡེ་ཁག་ལ་བརྡ་ཁྱབ་གཏོང་དགོས།

(4)ལྟ་སྐུལ་དག་ཐེར་ལེགས་བཅོས། ལྐོག་ནས་རྩད་གཅོད་ཞིབ་བཤེར་བྱེད་པའི་བྱ་བ་འཐུས་ཚང་དུ་གཏོང་བར་རྗེས་འདེད་ལྟ་སྐུལ་ཕྱོགས་ལ་ཤུགས་བསྣན་ཏེ། མངོན་མེད་རྐྱེན་ངན་དང་གནད་དོན་དུས་ཐོག་ཏུ་ལེགས་བཅོས་བྱེད་པ། བདེ་འཇགས་ཐོན་སྐྱེད་བྱ་བའི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་ཡོང་བར་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་གཞི་རྩའི་ཆ་རྐྱེན་དང་མི་འཚམ་པའི་ཐོན་སྐྱེད་ལས་ཁུངས་ཡོད་ཚེ། ས་གནས་སྲིད་གཞུང་ལ་ལས་ཁུངས་དེ་ཁྲིམས་ལྟར་གཏན་འགོག་བྱེད་པའི་རེ་བ་ཞུ་དགོས། གཞན་ཡོངས་ཁྱབ་རང་བཞིན་གྱི་གནད་དོན་དང་ཁྲིམས་འགལ་ལུགས་འགལ་གྱི་སྤྱོད་ངན་ཚབས་ཆེན་ཡོད་ན། དུས་ཐོག་ཏུ་ཐོན་སྐྱེད་ལས་ཁུངས་ཀྱི་འགན་ཁུར་མི་སྣ་གཙོ་བོ་དང་ཁེ་ལས་ཡོད་སའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་འགན་ལེན་མི་སྣར་ངོ་ཐུག་གིས་ཁ་བརྡ་བྱེད་དགོས་པ་མ་ཟད། གཅིག་ཤེས་ཀུན་གྲོལ་གྱིས་དག་ཐེར་ལེགས་བཅོས་ཀྱི་བྱེད་ཕྱོགས་བསྟན་ཏེ་དོན་འཁྱོལ་བྱེད་པར་སྐུལ་དགོས།

1_5 ལྔ། བླང་བྱའི་སྐོར།

(1)རིམ་པ་སོ་སོའི་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་དང་། རྡོ་སོལ་གཏེར་ཁའི་བདེ་འཇགས་ལྟ་སྐུལ་དོ་དམ་སྡེ་ཁག རྡོ་སོལ་གཏེར་ཁའི་བདེ་འཇགས་ལྟ་ཞིབ་ལས་ཁུངས་ཀྱིས་ལྐོག་ནས་རྩད་གཅོད་ཞིབ་བཤེར་བྱེད་པའི་བྱ་བར་གཙིགས་ཆེན་བྱས་ཏེ་ལོ་འཁོར་གྱི་བདེ་འཇགས་ལྟ་སྐུལ་ཁྲིམས་འཛིན་འཆར་གཞི་རུ་འགོད་དགོས་པ་དང་། ལྐོག་ནས་རྩད་གཅོད་ཞིབ་བཤེར་བྱ་བའི་འགན་སྲུང་ལམ་སྲོལ་འཛུགས་པ། བྱ་བའི་གྲོན་དངུལ་དོན་ཐོག་ཏུ་འབེབ་པ། དགོས་ངེས་ཀྱི་བརྡ་འཕྲིན་དང་སྒྲ་ལེན། བརྙན་ཕབ་སྒྲིག་ཆས། གཞན་མི་སྒེར་འགོག་སྲུང་ཆས་སོགས་གྲ་སྒྲིག་བྱས་ཏེ། ལྐོག་ནས་རྩད་གཅོད་ཞིབ་བཤེར་གྱི་བྱ་བ་བདེ་བླག་ངང་སྤེལ་བར་མཐུན་རྐྱེན་བསྐྲུན་དགོས། དོན་དངོས་གནས་ཚུལ་དང་འབྲེལ་ཏེ་གནད་འགག་གི་དུས་དང་བྱ་འགུལ། བྱ་བ། ས་ཁུལ ལས་ཁུངས་བཅས་འབུར་དུ་ཐོན་པར་བྱས་ཏེ་ཞིབ་བཤེར་གྱི་བྱ་བ་སྤེལ་དགོས།

(2)“གུ་ཡངས་གཏན་ནས་མེད་པ་དང་། ཁྲིམས་ལུགས་ལག་བསྟར་ནན་མོ”དང “ཁྲིམས་འགལ་རྡུང་རྡེག་དང་སྒྲིག་འགལ་གཙང་བཅོས”ཀྱི་ཆེད་སྤྱོད་བྱ་འགུལ་དམ་པོར་སྦྲེལ་ཏེ། ཁྲིམས་དང་མི་མཐུན་པ། ཁྲིམས་དང་འགལ་བ། སྒྲིག་སྲོལ་དང་འགལ་བའི་བྱ་སྤྱོད་རིགས་ལ་ཁྲིམས་ལྟར་ཉེས་ཆད་ནན་མོ་གཅོད་དགོས། མངོན་མེད་རྐྱེན་ངན་དང་གནད་དོན། དཔེར་མཚོན་གྱི་ཁྲིམས་འགལ་བྱ་སྤྱོད་ཀུན་ལ་ཤེས་སུ་བཅུག་སྟེ།   བསླབ་བྱ་དང་དོགས་ཟོན་གྱི་ནུས་པ་ཐོན་པར་བྱེད་དགོས།

(3)བདེ་འཇགས་ཐོན་སྐྱེད་ཆེད་མཁས་པའི་ནུས་པ་གང་ལེགས་སྒོས་ཐོན་པར་བྱེད་པ་དང་། ཡུལ་དངོས་ཀྱི་བདེ་འཇགས་གནད་དོན་གཙང་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་མ་ཟད། དེང་རབས་ཅན་གྱི་བརྙན་རིས་སྒྲིག་ཆས་སྤྱད་དེ་ཡུལ་དངོས་ཀྱི་གནད་དོན་པར་དང་བརྙན་དུ་གཏོང་བའི་ཕྱོགས་ལ་འབད་དེ། གནད་དོན་དང་མངོན་མེད་རྐྱེན་ངན་དངོས་མ་དེ་འཚོལ་ཅི་ཐུབ་བྱེད་དགོས།

(4)ལྐོག་ནས་རྩད་གཅོད་ཞིབ་བཤེར་མཁན་གྱི་སྨྲ་བརྗོད་དང་སྤྱོད་པ་ལུགས་མཐུན་ཡིན་དགོས་ལ། རང་གི་ཕྱོགས་གང་ཐད་ལ་དོ་སྣང་ཡོད་པ་བྱེད་དགོས། ཉེན་ཁ་ཆེ་བའི་བྱ་བའི་ཡུལ་དངོས་སུ་ཐོན་དུས་བདེ་འཇགས་ཐོན་སྐྱེད་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་། ལམ་ལུགས། སྒྲིག་སྲོལ་བཅས་ལ་མཉམ་འཇོག་པ་དང་བརྩི་སྲུང་བྱེད་དགོས་པ་མ་ཟད། གསང་བ་དམ་སྲུང་གི་སྒྲིག་ལམ་བརྩིས་ཏེ་ཞིབ་བཤེར་བྱ་ཡུལ་གྱི་རྒྱུན་ལྡན་ཐོན་སྐྱེད་ལས་གཉེར་བྱ་བར་འགན་སྲུང་བྱེད་དགོས།

ཞིང་ཆེན་རིམ་པ་སོ་སོའི་བདེ་འཇགས་ལྟ་སྐུལ་ཅུའུ་དང་། རྡོ་སོལ་གཏེར་ཁའི་བདེ་འཇགས་ལྟ་སྐུལ་དོ་དམ་སྡེ་ཁག རྡོ་སོལ་གཏེར་ཁའི་བདེ་འཇགས་ལྟ་ཞིབ་ལས་ཁུངས་བཅས་ཀྱིས་ཆ་འཕྲིན་གསོག་ཉར་དང་སྡོམ་རྩིས་བྱ་བར་ཤུགས་བསྣན་ཏེ། ཟུར་བཀོད་རེའུ་མིག་གི་བླང་བྱ་ལྟར་ཟླ་རེའི་ཞིབ་བཤེར་བྱ་བའི་གནས་ཚུལ་བྲིས་ཏེ། ཟླ་རེའི་ཚེས་པ5ཡི་སྔོན་ལ་རྒྱལ་ཁབ་བདེ་འཇགས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་གཞུང་སྒྲུབ་ཐིང་དུ་སྤྲོད་དགོས།

འབྲེལ་གཏུགས་ཁ་པར།   (010-64463673   64463623〈བརྙན་སྐྱེལ〉)

རྒྱལ་ཁབ་བདེ་འཇགས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡིས་དུས་ཚོད་གཏན་འཁེལ་ལྟར་སྡོམ་རྩིས་བྱས་ཏེ་ཞིབ་བཤེར་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱ་ངེས། རྒྱལ་ཁབ་བདེ་འཇགས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་གཞུང་སྒྲུབ་ཐིང་།

སྤྱི་ལོ2014ལོའི་ཟླ9བའི་ཚེས24ཉིན།


དཔྱད་གཞིའི་ཡིག་ཆ།