ཧུའུ་པེ་གཞོན་ནུའི་ལས་རིགས་སློབ་གླིང་།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2020-10-16 08:33ལ་འགྲུབ།

ཧུའུ་པེ་གཞོན་ནུའི་ལས་རིགས་སློབ་གླིང་།

ཧུའུ་པེ་གཞོན་ནུའི་ལས་རིགས་སློབ་གླིང་།
ཧུའུ་པེ་གཞོན་ནུའི་ལས་རིགས་སློབ་གླིང་ནི་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་གནས་ཤིང་། ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་དང་སློབ་གསོ་པུས་ཐོ་འགོད་ཞུས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་གཞུང་བཙུགས་མཐོ་རིམ་དཀྱུས་མའི་ལས་རིགས་སློབ་གླིང་ཞིག་ཡིན། སྤྱི་ལོ2018ལོའི་ཟླ9པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་དུ་གཏན་འཇགས་རྒྱུ་ནོར་སྒོར་ཁྲི35730ཡོད་པ་དང་། སློབ་ཁྲིད་སློབ་གླིང་དང་སྡེ་ཁག6དང་ཆེད་ལས16བཙུགས་ཡོད། ཆེད་བསྐོས་དགེ་རྒན189ཡོད། སྤྱི་ལོ2011ལོའི་བར་སློབ་གྲྭར་སློབ་མ2000ཙམ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
湖北青年职业学院
ཕྱི་ཡིག་གི་མིང་།
Hubei Youth Vocational College
བསྡུས་མིང་།
ཧུའུ་པེ་ན་གཞོན་སློབ་གླིང་།
རྣམ་པ།
ཕྱོགས་བསྡུས།
བཙུགས་ལོ།
སྤྱི་ལོ1951ལོར་བཙུགས།
ངོ་བོ།
ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ཆེད་སྦྱོང་ཚན་ཁག་གི་སློབ་གླིང་།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
གཙོ་གཉེར་སྡེ་ཁག
གུང་གཞོན་ཚོགས་པ་དང་ཧུའུ་པེ་ཞིང་ཨུ།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
འཕྲུལ་གློག་དང་འཛུགས་སྐྲུན་ལས་གྲྭའི་སློབ་གླིང་། ཆ་འཕྲིན་ལས་གྲྭའི་སྡེ་ཁག ཡུལ་སྐོར་དང་འཁོར་དོན་དོ་དམ་སློབ་གླིང་། ཚོང་དོན་སྡེ་ཁག སྒྱུ་རྩལ་ཇུས་འགོད་སྡེ་ཁག སྤྱི་ཚོགས་ལས་དོན་སྡེ་ཁག་སོགས།
ལས་ཐོག་འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ཀྲང་ཧུང་། སློབ་གཙོ། ཝེ་དབྱི།
མཐོ་རིམ་ལས་རིགས་ཆེད་ལས།
16ཡོད།
གནས་ཡུལ།
ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ཧུང་ཧྲན་ཆུས་ཞུང་ཁྲུའུ་སྲང་ལམ་ཆེན་མོའི་ཨང་རྟགས415པར་གནས་ཡོད།
སློབ་གྲྭའི་ཚབ་ཨང་།
14120
གཞུང་ཕྱོགས་དྲ་གནས།
http://www.hbqnxy.com
མི་སྣ་གྲགས་ཅན།
ཝན་ཧྲའོ་ཧྥུན་དང་ཁྲེན་ཝན་པོ།
1 ​ངོ་སྤྲོད་མདོར་བསྡུས།

ཧུའུ་པེ་གཞོན་ནུའི་ལས་རིགས་སློབ་གླིང་ནི་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་གནས་ཤིང་། ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་དང་སློབ་གསོ་པུས་ཐོ་འགོད་ཞུས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་གཞུང་བཙུགས་མཐོ་རིམ་དཀྱུས་མའི་ལས་རིགས་སློབ་གླིང་ཞིག་ཡིན། སློབ་གླིང་ནི་སྤྱི་ལོ1951ལོའི་ཀྲུང་ནན་སྡེ་ཚོགས་སློབ་གྲྭ་ནས་རིམ་འཕར་བྱུང་བ་ཡིན། སྤྱི་ལོ1978ལོར་ཀྲུང་གུང་ཧུའུ་པེ་ཞིང་ཆེན་ཏང་ཨུ་དང་ཧུའུ་པེ་ཞིང་ཆེན་གྱི་གུང་གཞོན་ཚོགས་པའི་སློབ་གྲྭ་བསྐྱར་འཛུགས་བྱེད་རྒྱུའི་ཐག་བཅད། སྤྱི་ལོ1990ལོར་ཧུའུ་པེ་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་གནང་ནས་ཧུའུ་པེ་ཞིང་ཆེན་ན་གཞོན་ཆབ་སྲིད་སློབ་གྲྭ་བཙུགས། སྤྱི་ལོ2003ལོར་ཝུའུ་ཧན་ལས་རིགས་ལག་རྩལ་སློབ་གླིང་ནན་ཧུའུ་སློབ་ཁུལ་གྱི་རྣམ་པའི་ཐོག་ནས་སྒེར་ཚུགས་ཀྱིས་མཐོ་རིམ་ལས་རིགས་སློབ་གསོ་སྤེལ། སྤྱི་ལོ2006ལོར་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་བརྒྱུད་ཧུའུ་པེ་ཞིང་ཆེན་སྡེ་ཚོགས་སློབ་གྲྭའི་རྨང་གཞིའི་ཐོག་ཧུའུ་པེ་གཞོན་ནུའི་ལས་རིགས་སློབ་གླིང་བཙུགས། སྤྱི་ལོ2018ལོའི་ཟླ9པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་དུ་གཏན་འཇགས་རྒྱུ་ནོར་སྒོར་ཁྲི35730ཡོད་པ་དང་། སློབ་ཁྲིད་སློབ་གླིང་དང་སྡེ་ཁག6དང་ཆེད་ལས16བཙུགས་ཡོད། ཆེད་བསྐོས་དགེ་རྒན189ཡོད། སྤྱི་ལོ2011ལོའི་བར་སློབ་གྲྭར་སློབ་མ2000ཙམ་ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1951ལོར་ཀྲུང་ནན་སྡེ་ཚོགས་སློབ་གྲྭ་བཙུགས། སྤྱི་ལོ1957ལོར་ཧུའུ་པེ་ཞིང་ཆེན་གྱི་བུད་མེད་ལས་བྱེད་པའི་སློབ་གྲྭ་སློབ་གྲྭའི་ཁོངས་སུ་ཟླ་སྒྲིལ་བཏང་། སྤྱི་ལོ1978ལོར། ཀྲུང་གུང་ཧུའུ་པེ་ཞིང་ཆེན་ཏང་ཨུ་ཧུའུ་པེ་ཞིང་ཆེན་གྱི་གུང་གཞོན་ཚོགས་པའི་སློབ་གྲྭ་བསྐྱར་འཛུགས་བྱེད་རྒྱུའི་ཐག་བཅད། སྤྱི་ལོ1990ལོར་ཧུའུ་པེ་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་བརྒྱུད་ཧུའུ་པེ་ཞིང་ཆེན་གུང་གཞོན་ཚོགས་པའི་སློབ་གྲྭའི་རྨང་གཞིའི་ཐོག་ཧུའུ་པེ་ཞིང་ཆེན་གཞོན་ནུའི་ཆབ་སྲིད་སློབ་གྲྭ་བཙུགས། སྤྱི་ལོ2003ལོར་ཧུའུ་པེ་གཞོན་ནུ་ཆབ་སྲིད་སློབ་གྲྭས་ཝུའུ་ཧན་ལས་རིགས་ལག་རྩལ་སློབ་གླིང་ནན་ཧུའུ་སློབ་ཁུལ་གྱི་རྣམ་པའི་ཐོག་ནས་སྒེར་ཚུགས་ངང་མཐོ་རིམ་ལས་རིགས་སློབ་གསོ་གཉེར། སྤྱི་ལོ2006ལོའི་ཟླ9ཚེས20ཉིན་ཧུའུ་པེ་ཞིང་ཆེན་སྲིད་གཞུང་གིས་ཧུའུ་པེའི་གཞོན་ནུའི་ལས་རིགས་སློབ་གླིང་འཛུགས་རྒྱུའི་རེ་ཞུར་དངོས་སུ་མཆན་བཀོད་བཀའ་ལན་གནང་། སྤྱི་ལོ2007ལོའི་ཟླ4པར་སློབ་གསོ་པུའུ་བརྒྱུད་ནས་ཐོ་འགོད་སྙན་སེང་ཞུས་པ་དང་། ཟླ6ཚེས9ཉིན་ཧུའུ་པེ་གཞོན་ནུའི་ལས་རིགས་སློབ་གླིང་འཛུགས་པའི་ཚོགས་ཆེན་འཚོགས།

3 སློབ་སྒྲུབ་ཆ་རྐྱེན།
3_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2018ལོའི་ཟླ9པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་དུ་སློབ་ཁྲིད་སློབ་གླིང་དང་སྡེ་ཁག6དང་ཆེད་སྦྱོང་ཚན་ཁག་གི་ཆེད་ལས16བཙུགས་ཡོད།

3_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2018ལོའི་ཟླ9པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་དུ་ཆེད་ལས་དང་ལས་འགན་གཅིག་ལྕོགས་ཀྱི་དགེ་རྒན189ཡོད། གཞན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕོགས་སྣོན་ལོངས་སྤྱོད་ཆེད་མཁས2དང་། སློབ་གསོ་པུའི་ཆེད་མཁས1དགེ་རྒན་ཆེན་མོ་བ2“ཧོང་ཧུ་མཛངས་མིའི”ཆེད་མཁས1གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་གཟེངས་བསྟོད་བྱས་པའི་ཕུལ་བྱུང་དགེ་རྒན3“ཁྲུའུ་ཐེན་རྩལ་ནུས་དགེ་རྒན་གྲགས་ཅན”8 “ཉིས་འཇོན་དགེ་རྒན་གྱི་བྱང་ཚད”དགེ་རྒན31བཅས་གདན་ཞུ་བྱས་ཡོད།

4 རིག་གཞུང་གྲུབ་འབྲས།

སྤྱི་ལོ2018ལོའི་ཟླ9པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་གིས་སྤྱི་ལོ1998ལོར་སི་ཁྲོན་ཚིག་མཛོད་དཔེ་སྐྲུན་ཁང་དུ་《ཀྲུང་གོའི་སྤྱོད་གཙང་དར་སྤེལ་དང་ལྐོག་ཟ་ལ་ངོ་རྒོལ་བྱེད་པའི་ལོ་རྒྱུས་མེ་ལོང》དཔེ་སྐྲུན་བྱས་པ་དང་། སྤྱི་ལོ2006ལོར་ཧྲན་ཞིའི་མི་དམངས་དཔེ་སྐྲུན་ཁང་དུ《ཅིན་ཁྲུའུ་རིག་གནས》དཔེ་སྐྲུན་བྱས། 《ཝུའུ་ཧན་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་སློབ་ཕྱིའི་སློབ་གསོ་ཞིབ་འཇུག》ཅེས་པའི་ཞིབ་འཇུག་སྙན་ཞུ་ལེགས་གྲུབ་བྱུང་། སྤྱི་ལོ2011ལོར《ཞང་གྲོང་དང་སྲང་ལམ་གྱི་གཞི་རིམ་ཚོགས་པའི་རྩ་འཛུགས་ཀྱི་གནས་སྟངས་གསར་གཏོད་ཞིབ་འཇུག》དང《རྩ་འཛུགས་གསར་པ་གཉིས་ཀྱི་སྡེ་ཚོགས་འཛུགས་སྐྱོང་ཞིབ་འཇུག》ཞིབ་འཇུག་སྙན་ཞུ་ལེགས་གྲུབ་བྱུང་། སྤྱི་ལོ2012ལོར《གཞོན་ནུ་སྤྱི་ཚོགས་ཅན་དུ་འགྱུར་བའི་སྐུལ་སློང་མ་དཔེ་ཞིབ་འཇུག》ཅེས་པའི་ཞིབ་འཇུག་སྙན་ཞུ་ལེགས་གྲུབ་བྱུང་། ཧུའུ་པེ་ཚན་རིག་ལག་རྩལ་དཔེ་སྐྲུན་ཁང་དུ《གུང་གཞོན་ཚོགས་པའི་རིགས་པའི་གཞུང་ལུགས་དང་ལས་དོན་དངོས》དང་། ཝུའུ་ཧན་དཔེ་སྐྲུན་ཁང་དུ《ཅིན་ཁྲུའུ་ཡི་སྒྲིག་ཚུད་གསར་བརྗེ》ཞེས་པ་བཅས་དཔེ་སྐྲུན་བྱས་པ་དང་། སྤྱི་ལོ2014ལོར《སློབ་ཆེན་སློབ་མའི་སྡོད་ཁང་རིག་གནས་ཞིབ་འཇུག》ཅེས་པའི་ཞིབ་འཇུག་སྙན་ཞུ་ལེགས་གྲུབ་བྱུང་ཡོད།

5 གཟི་བརྗིད་མཚན་སྙན།  

སྤྱི་ལོ2015ལོའི་ལོ་འཁོར་གྱི་ཧུའུ་པེ་ཞིང་ཆེན་འཕྲོད་བསྟེན་སྔོན་ཐོན་ལས་ཁུངས། ཧུའུ་པེ་ཞིང་ཆེན་སློབ་ཁུངས་ས་གནས་ཡིད་རྟོན་སློབ་རོགས་དངུལ་བུན་ལས་ཀའི་སྔོན་ཐོན་ལས་ཁུངས། ཏང་འཛུགས་སྐྱོང་ལས་དོན་གྱི་སྔོན་ཐོན་ཚན་པ། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་སྔོན་ཐོན་ཚན་པ། སློབ་ཆེན་པའི་དབྱར་ཁའི་གུང་གསེང་སྐབས་ཀྱི་སྤྱི་ཚོགས་ལག་ལེན་གྱི་ཕུལ་བྱུང་ལས་ཁུངས་བཅས་སུ་བདམས།

དཔྱད་གཞིའི་ཡིག་ཆ།