ཧུའུ་པེ་སྐྱེ་ཁམས་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2020-10-16 08:34ལ་འགྲུབ།

ཧུའུ་པེ་སྐྱེ་ཁམས་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་།

ཧུའུ་པེ་སྐྱེ་ཁམས་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་།
ཧུའུ་པེ་སྐྱེ་ཁམས་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་ནི་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ཅང་ཞ་ཆུས་ཀྱི་ཀྲི་ཧྥང་སྲང་ལམ་གྱི་ཨང་རྟགས110པར་གནས་ཡོད། སློབ་གླིང་དེར་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་དང་སློབ་གསོ་པུའུ་ཡིས་ཐོ་འགོད་བྱས་ནས་བཙུགས་པའི་གཞུང་བཙུགས་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གླིང་དཀྱུས་མ་ཞིག་ཡིན། སྤྱི་ལོ2016ལོའི་ཟླ7པར་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭ་དེའི་རྒྱ་ཁྱོན་ལ་མུའུ729ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
湖北生态工程职业技术学院
ཕྱི་ཡིག་གི་མིང་།
Hubei Ecology Vocational College
བསྡུས་མིང་།
ཧུའུ་པེ་སྐྱེ་ཁམས་སློབ་གླིང་།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧུའུ་པེ་ཝུའུ་ཧན།
བཙུགས་ལོ།
སྤྱི་ལོ1952ལོར་བཙུགས།
ངོ་བོ།
ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ཆེད་སྦྱོང་ཚན་ཁག་གི་སློབ་གླིང་དཀྱུས་མ།
རིགས་དབྱེ།
གཞུང་སྒྲུབ་སློབ་ཆེན།
ལས་ཐོག་སློབ་གཙོ།
སུང་ཚུང་ཝུན།
སློབ་གྲྭའི་རྣམ་པ།
ཕྱོགས་བསྡུས།
གཙོ་གཉེར་སྡེ་ཁག
ཧུའུ་པེ་ཞིང་ཆེན།
གཟི་བརྗིད་མཚན་སྙན།
རྒྱལ་ཡོངས་སྐྱེ་ཁམས་དཔལ་ཡོན་སློབ་གསོའི་དཔེ་སྟོན་སློབ་གྲྭ། ཧུའུ་པེ་ཞིང་ཆེན་གྱི་ལས་རིགས་སློབ་གསོའི་སྤུས་རྟགས་ཆེན་པོ་བཅུ། ཧུའུ་པེ་ཞིང་ཆེན་སློབ་ཆེན་སློབ་མའི་ལས་ཞུགས་ལས་ཀའི་སྔོན་ཐོན་ལས་ཁུངས།
སློབ་གླིང་དང་སྡེ་ཁག་གཙོ་བོ།
ནགས་ལས་སྐྱེ་ཁམས་སློབ་གླིང་། སྐྱེད་ཚལ་དང་འཛུགས་སྐྲུན་བཟོ་ལས་སློབ་གླིང་། སྒྱུ་རྩལ་ཇུས་འགོད་སློབ་གླིང་། ཆ་འཕྲིན་དང་འཕྲུལ་གློག་སློབ་གླིང་། ཡུལ་སྐོར་དང་དོ་དམ་སློབ་གླིང་སོགས།
སློབ་གྲྭའི་གནས་ཡུལ།
ཝུའུ་ཧན་གྲོང་ཁྱེར་ཅང་ཞ་ཆུས་ཀྲི་ཧྥང་སྲང་ལམ་གྱི་ཨང་རྟགས110པར་གནས་ཡོད།
སློབ་གྲྭའི་ཚབ་ཨང་།
13801
སྦྲག་སྲིད་ཨང་རྟགས།
430200
1 ངོ་སྤྲོད་མདོར་བསྡུས།

ཧུའུ་པེ་སྐྱེ་ཁམས་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་ནི་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ཅང་ཞ་ཆུས་ཀྱི་ཀྲི་ཧྥང་སྲང་ལམ་གྱི་ཨང་རྟགས110པར་གནས་ཡོད། སློབ་གླིང་དེར་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་དང་སློབ་གསོ་པུའུ་ཡིས་ཐོ་འགོད་བྱས་ནས་བཙུགས་པའི་གཞུང་བཙུགས་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གླིང་དཀྱུས་མ་ཞིག་ཡིན། སྤྱི་ལོ2016ལོའི་ཟླ7པར་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭ་དེའི་རྒྱ་ཁྱོན་ལ་མུའུ729ཡོད་པ་དང་། སློབ་གྲྭའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི27ཡོད། གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར4ཙམ་ཟིན་པ་དང་། སློབ་ཁྲིད་ཡོ་ཆས་སྒྲིག་ཆས་ཀྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི8000ཟིན་ཡོད། དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི65ཉར་ཚགས་བྱས་ཡོད། སློབ་གླིང7དང་པུའུ2ཡོད་པ་དང་ཆེད་སྦྱོང་ཚན་ཁག་གི་ཆེད་ལས30ལྷག་ཙམ་བཀོད་སྒྲིག་བྱས་ཡོད། དགེ་རྒན་དང་ལས་བཟོ་བ560ཡོད་པའི་ནང་ཆེད་བསྐོས་དགེ་རྒན418ཡོད། འབུམ་རམས་པའི་སློབ་དཔོན་དང་། དགེ་རྒན་ཆེན་མོ། དགེ་རྒན་ཆེན་མོ་གཞོན་པ། མཐོ་རིམ་བཟོ་བཀོད་པ་སོགས་མཐོ་རིམ་གོ་མིང་དགེ་རྒན126དང་། “ཉིས་འཇོན་རྣམ་པའི”བྱང་ཚད་དགེ་རྒན258ཡོད། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ12000ཡོད།

2 ལོ་རྒྱུས་འཕེལ་རིམ།

སློབ་གྲྭ་དེ་སྔོན་སྤྱི་ལོ1952ལོར་བཙུགས་པའི་ཧོང་ཀང་ཀྲོན་ཆུས་ཞིང་ལས་སློབ་གྲྭ་ཡིན་པ་དང་། སྤྱི་ལོ1958ལོར་ཧུའུ་པེ་ནགས་ལས་ཆེད་སྦྱོང་སློབ་གྲྭར་རིམ་སྤོར་བྱས། སྤྱི་ལོ2002ལོར་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་བརྒྱུད། ཧུའུ་པེ་ཞིང་ཆེན་ནགས་ལས་སློབ་གྲྭ་ཧོ་པེའི་སྐྱེ་དངོས་སྣོད་བཅུད་ལས་རིགས་ལག་རྩལ་སློབ་གླིང་དུ་རིམ་སྤོར་བྱས་པ་དང་། སྤྱི་ལོ2004ལོའི་ཟླ5པར། ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མོས་མཐུན་བྱས་པ་བརྒྱུད། ཧུའུ་པེའི་སྐྱེ་དངོས་སྣོད་བཅུད་ལས་རིགས་ལག་རྩལ་སློབ་གླིང་དེ(དེ་སྔའི་ཧུའུ་པེ་ཞིང་ཆེན་ནགས་ལས་སློབ་གྲྭ)ཧུའུ་པེའི་སྣོད་བཅུད་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་དུ་བསྒྱུར། 

3 སློབ་སྒྲུབ་ཆ་རྐྱེན།
3_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2016ལོའི་ཟླ7པར་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭ་དེར་ནགས་ལས་སྣོད་བཅུད་སློབ་གླིང་དང་། སྐྱེད་ཚལ་དང་འཛུགས་སྐྲུན་བཟོ་ལས་སློབ་གླིང་། སྒྱུ་རྩལ་ཇུས་འགོད་སློབ་གླིང་སོགས་སློབ་གླིང7དང་པུའུ2བཙུགས་ཡོད་པ་དང་ནགས་ལས་ལག་རྩལ་དང་། སྐྱེད་ཚལ་ལག་རྩལ། ཁང་ནང་ཇུས་འགོད་ལག་རྩལ་སོགས་ཆེད་སྦྱོང་ཚན་ཁག་གི་ཆེད་ལས30ལྷག་ཙམ་བཙུགས་ཡོད། སྤྱི་ལོ2019ལོའི་ཟླ10ཚེས11ཉིན་སློབ་གྲྭ་དེའི་སྐྱེད་ཚལ་ལག་རྩལ་ཆེད་ལས་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུཡིས་རྒྱལ་ཡོངས་ལས་རིགས་སློབ་གླིང་གི་ནགས་རྩྭའི་རིགས་ཀྱི་གཙོ་གནད་ཆེད་ལས་ལ་གཏན་འཁེལ་བྱས།

3_2 ​དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2015ལོར། ཧུའུ་པེ་སྐྱེ་ཁམས་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་དུ་དགེ་རྒན་དང་ལས་བཟོ་བ560ཡོད་པའི་ནང་ཆེད་བསྐོས་དགེ་རྒན418ཡོད། སློབ་གྲྭའི་ནང་དུ་སློབ་ཁྲིད་འགན་གཅིག་ལྕོགས་གནང་མཁན་དགེ་རྒན108ཡོད། སློབ་གྲྭའི་ཕྱི་རུ་དགེ་རྒན་གྱི་འགན་གཅིག་ལྕོགས་གནང་མཁན119ཡོད་པ་དང་། སློབ་གྲྭའི་ཕྱི་རུ་སློབ་ཁྲིད་ཀྱི་འགན་གཅིག་ལྕོགས་གནང་མཁན་དགེ་རྒན84ཡོད། དགེ་སློབ་ཀྱི་བསྡུར་ཚད་ནི16:28ཡིན། འབུམ་རམས་པའི་སློབ་དཔོན་དང་། དགེ་རྒན་ཆེན་མོ། དགེ་རྒན་ཆེན་མོ་གཞོན་པ། མཐོ་རིམ་བཟོ་བཀོད་པ་སོགས་མཐོ་རིམ་གོ་མིང་ཡོད་མཁན126ཡོད། ཕྱི་རྒྱལ་ནས་ཡིན་པའི་དགེ་རྒན3དང་། ཁྲུའུ་ཐེན་རྩལ་ནུས་གྲགས་ཅན་དགེ་རྒན6 “ཉིས་འཇོན་དགེ་རྒན”གྱི་བྱང་ཚད་དགེ་རྒན258བཅས་ཡོད། དགེ་རྒན་ཁྲོད་འབུམ་རམས་པ་དང་རབ་འབྱམས་པའི་སློབ་གནས་ཐོབ་མཁན་མི220ལྷག་ཡོད། དགེ་རྒན6ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། དགེ་རྒན3ལ་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆེད་དོན་ཕོགས་སྣོན་ལོངས་སུ་སྤྱོད་རྒྱུ་ཡོད། དགེ་རྒན3ཧུའུ་པེ་ཞིང་ཆེན་གྱི་བྱས་རྗེས་མངོན་གསལ་ཡོད་པའི་ན་གཞོན་ཆེད་མཁས་སུ་བདམས་ཡོད། གཞན་རྒྱལ་ཁབ་རིམ་པའི་སློབ་ཁྲིད་ཚོགས་པ1དང་ཞིང་ཆེན་རིམ་པའི་ཕུལ་བྱུང་སློབ་ཁྲིད་ཚོགས་པ1བཅས་བཙུགས་ཡོད།

4 རིག་གཞུང་ཞིབ་འཇུག
4_1 ཚན་ཞིབ་ལས་སྟེགས།

སྤྱི་ལོ2016ལོའི་ཟླ7པར་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གླིང་དུ་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་སྣོད་བཅུད་བཟོ་སྐྲུན་ཇུས་འགོད་ཞིབ་འཇུག་ཁང1ཡོད་པ་དང་སློབ་གྲྭ་རིམ་པའི་ཚན་ཞིབ་ཞབས་ཞུའི་ཚོགས་པ10ཡོད།

4_2 ཚན་ཞིབ་གྲུབ་འབྲས།

སྤྱི་ལོ2016ལོའི་ཟླ5པའི་བར། སློབ་གླིང་གི་དགེ་རྒན་གྱིས་ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་སློབ་ཁྲིད་ཚན་ཞིབ་རྣམ་གྲངས200ལྷག་ཙམ་གཙོ་སྐྱོང་བྱས་པའམ་ཡང་ན་དེའི་ནང་ཞུགས་ནས་རིགས་ཁག་གི་ཚན་རྩལ་བྱ་དགའ80ལྷག་ཙམ་ཐོབ་ཡོད། དེའི་ནང་རྒྱལ་ཁབ་ཀྱི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་དང་པོ1དང་ཨང་གཉིས་པ2ཡོད། ཞིང་ཆེན་གྱི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་རིམ་པ་དང་པོ3དང་། བྱ་དགའ་རིམ་པ་གཉིས་པ4བྱ་དགའ་རིམ་པ་གསུམ་པ10བཅས་ཐོབ་པ་དང་། རིག་གཞུང་གི་ཆེད་རྩོམ་དང་རྒྱལ་ཁབ་ཀྱི་འཆར་འགོད་སློབ་དེབ400ལྷག་ཙམ་དཔེ་སྐྲུན་བྱས་ཡོད། རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་དཔྱད་རྩོམ1500ལྷག་ཙམ་སྤེལ་ཡོད།


དཔྱད་གཞིའི་ཡིག་ཆ།