ཧུའུ་པེ་ནོར་ཁྲལ་ལས་རིགས་སློབ་གླིང་།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2020-10-16 09:16ལ་འགྲུབ།

ཧུའུ་པེ་ནོར་ཁྲལ་ལས་རིགས་སློབ་གླིང་།

ཧུའུ་པེ་ནོར་ཁྲལ་ལས་རིགས་སློབ་གླིང་།
ཧུའུ་པེ་ནོར་ཁྲལ་ལས་རིགས་སློབ་གླིང་ནི་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་གནས་ཡོད་པ་དང་། སློབ་གསོ་པུས་ཆོག་མཆན་གནང་ནས་བཙུགས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གླིང་དཀྱུས་མ་ཞིག་ཡིན། སློབ་གླིང་གི་རྒྱ་ཁྱོན་ལ་མུའུ80ཡོད། སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི4ལྷག་ཙམ་ཟིན་ནས་ཤར་ནུབ་སློབ་ཁུལ་གཉིས་བཙུགས་ཡོད། སློབ་ཁྲིད་དང་ཚོད་ལྟའི་དངོས་སྦྱོང་ཡོ་བྱད་སྒྲིག་ཆས་ཀྱི་སྤྱིའི་རྒྱུ་ནོར་རིན་ཐང་སྒོར་ཁྲི1100ཟིན་པ་དང་ཧུའུ་པེ་ནོར་ཁྲལ་ལས་རིགས་སློབ་གླིང་གིས་ནོར་དཔལ་རིགས་ཀྱི་ཆེད་ལས་གཙོ་བོར་བཟུང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
湖北财税职业学院
ཕྱི་ཡིག་གི་མིང་།
HuBei Finace & Taxation College
བཙུགས་ལོ།
སྤྱི་ལོ2004ལོར་བཙུགས།
ངོ་བོ།
ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ཆེད་སྦྱོང་ཚན་ཁག་གི་སློབ་གླིང་དཀྱུས་མ།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
རྣམ་པ།
ནོར་སྲིད་དཔལ་འབྱོར།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
རྩིས་གཉེར་སྡེ་ཁག་དང་། ནོར་ཁྲལ་སྡེ་ཁག བཟོ་ཚོང་དོ་དམ་སྡེ་ཁག ཆ་འཕྲིན་བཟོ་སྐྲུན་སྡེ་ཁག སྤྱི་པའི་སློབ་ཚན་པུའུ། བསམ་བློ་ཆབ་སྲིད་སློབ་ཚན་པུའུ་སོགས།
གནས་ཡུལ།
ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ཝུའུ་ཁྲང་ཆུས་པའེ་ཧྲ་ཀྲོའུ་ལམ་ཆེན་གྱི་ཨང་རྟགས519པར་གནས་ཡོད།
གཙོ་གཉེར་སྡེ་ཁག
ཧུའུ་པེ་ཞིང་ཆེན་སློབ་གསོ་ཐིང་།
ལས་ཐོག་འགོ་ཁྲིད།
སློབ་གཙོ། ཀྲང་ལིང་།
སློབ་གྲྭའི་ཚབ་ཨང་།
13798
1 ​ངོ་སྤྲོད་མདོར་བསྡུས།

ཧུའུ་པེ་ནོར་ཁྲལ་ལས་རིགས་སློབ་གླིང་ནི་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་གནས་ཡོད་པ་དང་། སློབ་གསོ་པུས་ཆོག་མཆན་གནང་ནས་བཙུགས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གླིང་དཀྱུས་མ་ཞིག་ཡིན། སློབ་གླིང་གི་རྒྱ་ཁྱོན་ལ་མུའུ80ཡོད། སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི4ལྷག་ཙམ་ཟིན་ནས་ཤར་ནུབ་སློབ་ཁུལ་གཉིས་བཙུགས་ཡོད། སློབ་ཁྲིད་དང་ཚོད་ལྟའི་དངོས་སྦྱོང་ཡོ་བྱད་སྒྲིག་ཆས་ཀྱི་སྤྱིའི་རྒྱུ་ནོར་རིན་ཐང་སྒོར་ཁྲི1100ཟིན་པ་དང་ཧུའུ་པེ་ནོར་ཁྲལ་ལས་རིགས་སློབ་གླིང་གིས་ནོར་དཔལ་རིགས་ཀྱི་ཆེད་ལས་གཙོ་བོར་བཟུང་ཡོད་པ་དང་ཆེད་ལས་གཞན་དག་མཐུན་སྦྱོར་ངང་འཕེལ་རྒྱས་བྱུང་ནས་མ་ལག་འོག་སྡེ་ཁག་བཞི་དང་ཚན་ཁག་གཉིས་བཙུགས་ཡོད། ཆེད་ལས16བཙུགས་ཡོད་པ་དང་ད་ལྟ་སློབ་གྲྭར་ཡོད་པའི་སློབ་མ5000ལྷག་ཙམ་ཡོད།

2 ལོ་རྒྱུས་འཕེལ་རིམ།

ཧུའུ་པེ་ནོར་ཁྲལ་ལས་རིགས་སློབ་གླིང་སྤྱི་ལོ1987ལོར་བཙུགས་པ་དང་། དེ་སྔོན་ཧུའུ་པེ་ཞིང་ཆེན་ཁྲལ་དོན་སློབ་གྲྭ་ཡིན་པ་དང་། སྤྱི་ལོ2004ལོའི་ཟླ5པར་སློབ་གསོ་པུའུ་དང་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ལྟར་རྒྱལ་ཡོངས་ཁྲལ་དོན་ཁོངས་ཀྱི་རྒྱལ་ཡོངས་ལ་ཁ་ཕྱོགས་ནས་སློབ་མ་བསྡུ་བཞིན་པའི་གཞུང་བཙུགས་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་དཀྱུས་མའི་ལས་རིགས་སློབ་གླིང་དུ་རིམ་སྤོར་བྱས། སློབ་གླིང་གི་སྲིད་འཛིན་ཧུའུ་པེ་ཞིང་ཆེན་ས་གནས་ཁྲལ་དོན་ཅུའུ་ཡི་ཁོངས་སུ་གཏོགས་པ་དང་སློབ་གསོ་སློབ་ཁྲིད་ཀྱི་ལས་སྒོ་ཧུའུ་པེ་ཞིང་ཆེན་སློབ་གསོ་ཐིང་གི་མཛུབ་ཁྲིད་དང་ལེན་བྱས།

3 སློབ་སྒྲུབ་ཆ་རྐྱེན།
3_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སློབ་གླིང་དུ་རྩིས་གཉེར་སྡེ་ཁག་དང་། ནོར་ཁྲལ་སྡེ་ཁག བཟོ་ཚོང་དོ་དམ་སྡེ་ཁག ཆ་འཕྲིན་བཟོ་སྐྲུན་སྡེ་ཁག་སོགས་བཙུགས་ཡོད།

3_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2015ལོའི་ཟླ4པའི་བར། ཧུའུ་པེ་ནོར་ཁྲལ་ལས་རིགས་སློབ་གླིང་དུ་ད་ལྟ་ཆེད་བསྐོས་དགེ་རྒན200ལྷག་ཙམ་ཡོད་པའི་ནང་དགེ་རྒན60ལྷག་ལ་དགེ་རྒན་ཆེན་མོ་གཞོན་པ་ཡན་གྱི་གོ་མིང་ཡོད་པ་དང་། རབ་འབྱམས་པ་དང་འབུམ་རམས་པ90ལྷག་ཙམ་ཡོད། ཆེད་བསྐོས་དགེ་རྒན་ཁྲོད“ཉིས་འཇོན་རྣམ་པའི་དགེ་རྒན”གྱི་བསྡུར་ཚད་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད། སློབ་གླིང་གིས་ལས་རིགས་ཀྱི་ཐོན་ཁུངས་བེད་སྤྱོད་བྱས་ནས་ནོར་ཁྲལ་ཁོངས་གཏོགས་ཁྲལ་དོན་པའི་ལས་དོན་ཁང་། རྒྱུ་ནོར་དཔྱད་དཔོག་པའི་ལས་དོན་ཁང་། རྩིས་པའི་ལས་དོན་ཁང་སོགས་གྲགས་ཅན་རིགས་གཅིག་མཁས་ཅན་དང་ཁྲལ་བསྡུའི་འཐབ་ཕྱོགས་དང་པོའི་ལས་སྒོ་འཇོན་ཐང་ཅན་མང་པོ་ཞིག་སློབ་གླིང་གི་དགེ་རྒན་ཆེན་མོར་གདན་ཞུ་བྱས། སློབ་གླིང་གིས་ཞིང་ཆེན་ལས་རིགས་སློབ་གླིང་གི་ཁྲུའུ་ཐེན་རྩལ་ནུས་དགེ་རྒན་གྲགས་ཅན་རེ་ཞུ་བྱས་པར་དགེ་རྒན8ལ་ཆོག་མཆན་ཐོབ་ཡོད།

4 སློབ་ཁྲིད་སྒྲིག་བཀོད། 

ཧུའུ་པེ་ནོར་ཁྲལ་ལས་རིགས་སློབ་གླིང་གི་སློབ་ཁང་ཚང་མར་སྨྱན་སྦྱོར་གྱི་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད། སློབ་མ་བརྒྱ་རེར་རྩིས་འཁོར24ཡོད་པ་མ་ཟད། ད་དུང་དངོས་སྦྱོང་གི་ལད་ཟློས་མཉེན་ཆས་གསར་ཤོས་ཀྱང་བཀོད་སྒྲིག་བྱས་ཡོད། སྤྱི་ལོ2013ལོར་གཞི་གྲངས་ཅན་གྱི་སློབ་གྲྭ་འཛུགས་སྐྲུན་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་ནསwifiསློབ་ར་ཁྱོན་ཡོངས་ལ་ཁྱབ་ཡོད། སློབ་གླིང་དུ་རྩིས་གཉེར་སྡེ་ཁག་དང་ནོར་ཁྲལ་སྡེ་ཁག་གི་ལད་ཟློས་དངོས་སྦྱོང་ཁང་གསར་སྐྲུན་བྱས་ཡོད། བཟོ་ཚོང་དོ་དམ་སྡེ་ཁག་དང་ཆ་འཕྲིན་བཟོ་སྐྲུན་སྡེ་ཁག་གི་སློབ་གྲྭའི་དངོས་སྦྱོང་ཁང་བསྒྱུར་བཀོད་བྱས་ནས་ཁེ་ལས་ཆེ་གྲས་མང་པོ་དང་མཉམ་འབྲེལ་བྱས་ནས། སློབ་གྲྭའི་ཕྱི་རོལ་དུ་དངོས་སྦྱོང་རྟེན་གཞི་འབོར་ཆེན་ཞིག་གསར་སྐྲུན་བྱས་ཡོད། སློབ་གླིང་གིས་དངོས་སྦྱོང་ལྟེ་གནས་འཛུགས་སྐྲུན་ཐད་ལ་སྐུལ་འདེད་གཏོང་བཞིན་ཡོད། ལྟེ་གནས་དེའི་འཆར་འགོད་ནང་རྩིས་གཉེར་དང་། ཁྲལ་བསྡུ། དངུལ་རྩ། ཁང་ཁོངས། VBSEཕྱོགས་བསྡུས་སོགས་དངོས་སྦྱོང་ལས་སྟེགས་བཙུགས་ཡོད་པ་དང་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1863ཡོད། མཐོ་རིམ་ལས་རིགས་སློབ་གསོ་དང་ལས་བྱེད་པ་གསོ་སྦྱོང་གི་དངོས་སྦྱོང་སློབ་ཁྲིད་གཞི་གཅིག་ཏུ་འདྲེས་ནས། ལག་ལེན་གྱི་སློབ་ཁྲིད་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་ཆེད་ལས་ལས་སྒོའི་དངོས་ཡོད་བཀོལ་སྤྱོད་ནུས་པ་ཆེ་རུ་བཏང་བས་ལྟེ་གནས་སྔོན་དཔག་བྱས་ན་སྤྱི་ལོ2015ལོའི་ལོ་སྨད་དུ་དངོས་སུ་སྤྱོད་འགོ་ཚུགས་ཡོད།

5 གཟི་བརྗིད་མཚན་སྙན།

“ཞིང་ཆེན་རིམ་པའི་དུས་བདེའི་སློབ་གྲྭ”ཞེས་པའི་མཚན་སྙན་དང་། ཧུའུ་པེ་ཞིང་ཆེན་སློབ་ཆེན་སློབ་མའི་བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་གྱི་སྔོན་ཐོན་གཞི་རིམ་ལས་ཁུངས། བསམ་བློ་ཆབ་སྲིད་སློབ་གསོའི་སྔོན་ཐོན་ལས་ཁུངས། ཧུའུ་པེ་ཞིང་ཆེན་ས་གནས་དཔྱ་ཁྲལ་ཁོངས་གཏོགས་ཀྱི་སྔོན་ཐོན་ཚན་པ། དཔལ་ཡོན་སྡེ་ཚན། རྒྱལ་ཡོངས་ཀྱི་ལས་བཟོའི་སློབ་གསོ་གསོ་སྦྱོང་གི་ཕུལ་བྱུང་དཔེ་སྟོན་ས་ཚིགས། རྒྱལ་ཡོངས་ཁྲལ་དོན་ཁོངས་གཏོགས་ཀྱི་སྲིད་གཙང་སློབ་གསོའི་རྟེན་གཞི། ཧུའུ་པེ་ཞིང་ཆེན་ཁྲལ་དོན་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལྟེ་གནས། རྒྱལ་ཁབ་ལས་རིགས་ནུས་རྩལ་གསལ་འབྱེད་ཁང་སོགས་ཀྱི་མཚན་སྙན་ཐོབ་ཡོད།

6 རིག་གཞུང་ཞིབ་འཇུག

སྤྱི་ལོ2016ལོའི་ཟླ6པའི་ཚེས4ཉིན། རྒྱལ་ཡོངས་ལས་རིགས་སློབ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེན་མོའི་མཐོ་རིམ་ལས་རིགས་ཚོགས་ཆུང་གི་རྩིས་གཉེར་རྩལ་ནུས་འགྲན་བསྡུར་རྣམ་གྲངས་ཐོག་ཏུའུ་མིན་དང་། ཁྲུའུ་ཆིན། ཝང་ཞུན། ཧུའུ་ཧུང་མེ་བཅས་དགེ་རྒན་བཞི་དང་། ཧུའུ་མིང་ཧྥེ། ཞུས་མིང་ལིང་། ཐན་ཧྲི་ཧྲི། ཡའོ་ཏུང་བཅས་འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་བཞི་ལས་གྲུབ་པའི་འཐུས་མི་རུ་ཁག་གིས་ཧུའུ་པེ་ཞིང་ཆེན་གྱི་ཚབ་བྱས་ནས་རྒྱལ་ཡོངས་ཀྱི་འགྲན་ཞུགས་རུ་ཁག60དང་མཉམ་དུ་རྩལ་འགྲན་བྱས་པར་འགྲན་བསྡུར་ཆེན་པོའི་བྱ་དགའ་རིམ་པ་གཉིས་པའི་ཕུལ་བྱུང་གྲུབ་འབྲས་ཐོབ་ཡོད།


དཔྱད་གཞིའི་ཡིག་ཆ།