ཨུ་ཏུང་ལས་རིགས་ལག་རྩལ་སློབ་གླིང་།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2020-10-16 09:16ལ་འགྲུབ།

ཨུ་ཏུང་ལས་རིགས་ལག་རྩལ་སློབ་གླིང་།

ཨུ་ཏུང་ལས་རིགས་ལག་རྩལ་སློབ་གླིང་།
ཨུ་ཏུང་ལས་རིགས་ལག་རྩལ་སློབ་གླིང་ནི་ཧུའུ་པེ་ཞིང་ཆེན་ཧོང་ཀང་གྲོང་ཁྱེར་དུ་གནས་ཡོད་པ་དང་། སློབ་གསོ་པུའུ་དང་ནོར་སྲིད་པུས་སྤྲད་པའི་ཁག་དང་པོའི“རྒྱལ་ཁབ་ཀྱི་གཙོ་གནད་འཛུགས་སྐྲུན་དཔེ་སྟོན་སློབ་གྲྭ”ཡིན། སློབ་གསོ་པུའུ་སོགས་པུའུ་ཨུ་ལྔས“རྒྱལ་ཡོངས་ཀྱི་ལས་རིགས་ལག་རྩལ་སློབ་གསོའི་སྔོན་ཐོན་ཚན་པར”མཚན་སྙན་སྤྲད། སློབ་གསོ་པུའུ་དང་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྤྱི་ལོ2004ལོའི་ཟླ4པར་ཧུའུ་པེ་སྲིད་འཕྲིན〔2004〕ཨང70པའི་ཡིག་ཆའི་ཆོག་མཆན་ཐོབ་ནས་བཙུགས་པའི་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་དཀྱུས་མ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
鄂东职业技术学院
ཕྱི་ཡིག་གི་མིང་།
E Dong Institute Of Vocation And Technology
བསྡུས་མིང་།
ཨུ་ལས་རིགས་སློབ་གླིང་།
གཙོ་གཉེར་སྡེ་ཁག
ཧུའུ་པེ་ཞིང་ཆེན་སློབ་གསོ་ཐིང་།
བཙུགས་ལོ།
སྤྱི་ལོ2004ལོར་བཙུགས།
གནས་ཡུལ།
ཧུའུ་པེ་ཞིང་ཆེན་ཧོང་ཀང་གྲོང་ཁྱེར་ཞིན་ཀང་ལམ་གཉིས་པའི་ཨང་རྟགས43པར་གནས་ཡོད།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་ཚབ་ཨང་།
9234
སློབ་གླིང་དང་སྡེ་ཁག་གཙོ་བོ།
ཨར་ལས་བཟོ་སྐྲུན་སྡེ་ཁག་དང་། འཕྲུལ་གློག་བཟོ་སྐྲུན་སྡེ་ཁག འཕྲུལ་ཆས་བཟོ་སྐྲུན་སྡེ་ཁག དཔལ་འབྱོར་ཉོ་ཚོང་སྡེ་ཁག ཆ་འཕྲིན་དང་སྒྱུ་རྩལ་སྡེ་ཁག་སོགས།
རྣམ་པ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧོང་ཀང་།
ལས་ཐོག་འགོ་ཁྲིད།
རའོ་ཧྲུའེ་ལིན།
1 ངོ་སྤྲོད་མདོར་བསྡུས།

ཨུ་ཏུང་ལས་རིགས་ལག་རྩལ་སློབ་གླིང་ནི་ཧུའུ་པེ་ཞིང་ཆེན་ཧོང་ཀང་གྲོང་ཁྱེར་དུ་གནས་ཡོད་པ་དང་། སློབ་གསོ་པུའུ་དང་ནོར་སྲིད་པུས་སྤྲད་པའི་ཁག་དང་པོའི“རྒྱལ་ཁབ་ཀྱི་གཙོ་གནད་འཛུགས་སྐྲུན་དཔེ་སྟོན་སློབ་གྲྭ”ཡིན། སློབ་གསོ་པུའུ་སོགས་པུའུ་ཨུ་ལྔས“རྒྱལ་ཡོངས་ཀྱི་ལས་རིགས་ལག་རྩལ་སློབ་གསོའི་སྔོན་ཐོན་ཚན་པར”མཚན་སྙན་སྤྲད། སློབ་གསོ་པུའུ་དང་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྤྱི་ལོ2004ལོའི་ཟླ4པར་ཧུའུ་པེ་སྲིད་འཕྲིན〔2004〕ཨང70པའི་ཡིག་ཆའི་ཆོག་མཆན་ཐོབ་ནས་བཙུགས་པའི་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་དཀྱུས་མ་ཞིག་ཡིན། སློབ་གྲྭ་ནི་དེ་སྔོན་སྤྱི་ལོ1976ལོར་བཙུགས་པའི་ཧོང་ཀང་བཟོ་ལས་སློབ་གྲྭ་ནས་རིམ་འགྱུར་བྱུང་བ་ཡིན། སློབ་གླིང་དེ་ནི་རྒྱལ་ཡོངས་ཀྱི་མིང་དུ་གྲགས་པའི་སློབ་གསོའི་ཕ་ཡུལ་དང་ཝུའུ་ཧན་གྲོང་ཁྱེར་གྱི་འཁོར་སྐར་གྲོང་ཁྱེར་ཏེ་ཧུའུ་པེ་ཞིང་ཆེན་ཧོང་ཀང་གྲོང་ཁྱེར་དུ་གནས་ཡོད། སློབ་གླིང་བཙུགས་ནས་ལོ་སུམ་ཅུ་ལྷག་ཙམ་གྱི་རིང་སློབ་གླིང་སྔ་རྗེས་སུ“རྒྱལ་ཡོངས་ཀྱི་ལས་རིགས་ལག་རྩལ་སློབ་གསོའི་སྔོན་ཐོན་ཚན་པ”དང“རྒྱལ་ཁབ་ཀྱི་གཙོ་གནད་འཛུགས་སྐྲུན་དཔེ་སྟོན་སློབ་གྲྭ”“རྒྱལ་ཡོངས་ཀྱི་ལས་ཞུགས་མཛུབ་ཁྲིད་ལས་དོན་གྱི་སྔོན་ཐོན་སློབ་གྲྭ” “རྒྱལ་ཡོངས་ཀྱི་ཁྱད་ཆོས་ལྡན་པའི་མཐོ་རིམ་ལས་རིགས་སློབ་གྲྭ” “ཧུའུ་པེ་ཞིང་ཆེན་གྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་སྔོན་ཐོན་ཚན་པ” “ཧུའུ་པེ་ཞིང་ཆེན་གྱི་ཤེས་དཔལ་ཚན་པ”བཅས་སུ་བདམས་ཡོད། ཨུ་ཏུང་ལས་རིགས་ལག་རྩལ་སློབ་གླིང་སྤྱི་ལོ2014ལོའི་ལོ་འགོར་སྤྱི་ཡོངས་ནས་ཧོང་ཀང་དགེ་འོས་སློབ་གླིང་དུ་ཟླ་སྒྲིལ་བཏང་།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1991ལོར་དེ་སྔའི་རྒྱལ་ཁབ་སློབ་གསོ་ཨུ་ལྷན་དང་། འཆར་འགོད་ཨུ་ལྷན། ངལ་རྩོལ་པུའུ། མི་དོན་པུའུ། ནོར་སྲིད་པུའུ་བཅས་ཀྱིས“རྒྱལ་ཡོངས་ཀྱི་ལས་རིགས་ལག་རྩལ་སློབ་གསོའི་སྔོན་ཐོན་ཚན་པར”མཚན་སྙན་གནང་། སྤྱི་ལོ2002ལོར་སློབ་གླིང་ལ་སློབ་གསོ་པུའུ་དང་ནོར་སྲིད་པུས“རྒྱལ་ཁབ་ཀྱི་གཙོ་གནད་འཛུགས་སྐྲུན་དཔེ་སྟོན་སློབ་གྲྭའི”མཚན་སྙན་གནང་བ་དང་། དེ་དང་ཆབས་ཅིག་གྲངས་འཛིན་ཆེད་ལས་དེ་རྒྱལ་ཁབ་རིམ་པའི་དཔེ་སྟོན་ཆེད་ལས་སུ་གཏན་འཁེལ་བྱས། སྤྱི་ལོ2003ལོར་སློབ་གླིང་དེར་སློབ་གསོ་པུས“རྒྱལ་ཡོངས་ལས་རིགས་མཛུབ་ཁྲིད་ལས་དོན་གྱི་སྔོན་ཐོན་སློབ་གྲྭའི”མཚན་སྙན་གནང་བ་དང་། སློབ་གླིང་དེར་ད་དུང་ཧུའུ་པེ་ཞིང་ཆེན་སྲིད་གཞུང་དང་། ཞིང་ཆེན་སློབ་གསོ་ཐིང་། ཞིང་ཆེན་སྤྱི་བདེ་ཅུའུ་སོགས་ཀྱིས“སློབ་གསོའི་སྔོན་ཐོན་ཚན་པ”དང“སློབ་གྲྭའི་དོ་དམ་གྱི་སྔོན་ཐོན་ཚན་པ” “སློབ་གསོ་ཞིབ་འཇུག་གི་སྔོན་ཐོན་ཚན་པ” “ནང་ཁུལ་གྱི་འགན་བཅོལ་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ”བཅས་སུ་གཟེངས་བསྟོད་ཐེངས་མང་བྱས།

3 སློབ་སྒྲུབ་གཞི་ཁྱོན།

ད་ལྟ་སློབ་གླིང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི600ཡོད་པ་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི32ཡོད། སློབ་གླིང་དེར་རྒྱལ་ཁབ་གྲངས་གཞིའི་ཚོད་འཛིན་དངོས་སྦྱོང་རྟེན་གཞི་དང་། རྒྱལ་ཁབ་གློག་ལས་གློག་རྡུལ་དངོས་སྦྱོང་རྟེན་གཞི། རླངས་འཁོར་དངོས་སྦྱོང་རྟེན་གཞི། ལྕགས་ལས་དངོས་སྦྱོང་ལྟེ་གནས། རྩིས་འཁོར་དངོས་སྦྱོང་ལྟེ་གནས། ཧྥེ་ཞང་ལུགས་ཆས་དངོས་སྦྱོང་བཟོ་གྲྭ། ཨར་སྐྲུན་དངོས་སྦྱོང་ལྟེ་གནས་དང་བཟོ་སྐྲུན་ཇུས་འགོད་ཞིབ་འཇུག་ཁང་། ཚོང་དོན་བྲིན་ཚོང་དངོས་སྦྱོང་རྟེན་གཞི། རྩིས་གཉེར་ལད་ཟློས་དངོས་སྦྱོང་ལྟེ་གནས་སོགས་སློབ་གྲྭའི་ནང་གི་དངོས་སྦྱོང་ལྟེ་གནས་དང་རྒྱུ་ཆ། PLCསོགས་སྒྲིག་ཆས་སྔོན་ཐོན་གྱི་ཆེད་ལས་ཚོད་ལྟ་ཁང50ལྷག་ཙམ་བཙུགས་ཡོད།

4 དགེ་རྒན་གྱི་དཔུང་སྡེ།

སློབ་གླིང་དུ་ད་ལྟ་དགེ་རྒན་དང་ལས་བཟོ་བ700ལྷག་ཡོད། ཆེད་བསྐོས་དགེ་རྒན457ཡོད་པའི་ནང་དགེ་རྒན་ཆེན་མོ་གཞོན་པ་དང་དེ་ཡན་གྱི་གོ་མིང་ཡོད་མཁན183ཡོད། དགེ་རྒན་ཆེན་མོ་བ་དང་དགེ་རྒན་ཆེན་མོ་བ་གཞོན་པ24ཞིང་ཆེན་དང་གྲོང་ཁྱེར་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་འབྲེལ་ཡོད་ཆེད་ལས་ཀྱི“རིག་ཚན་སྣེ་ཁྲིད་པར”གཏན་འཁེལ་བྱས། སློབ་གླིང་གི་དགེ་རྒན་གྱིས་ཞིང་ཆེན་རིམ་པ་དང་དེ་ཡན་གྱི་གསལ་འབྱེད་བྱས་པའི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཁག20ལེགས་གྲུབ་བྱུང་ཡོད། རྒྱལ་ཁབ་རིམ་པའི་དུས་དེབ་དང་རྒྱལ་ཡོངས་རང་བཞིན་གྱི་རིག་གཞུང་ཚོགས་འདུའི་ཐོག་དང་ཞིང་ཆེན་རིམ་པའི་དུས་དེབ་ཐོག་དཔྱད་རྩོམ1843སྤེལ་བའི་ནང་རྒྱ་ཡིག་གི་ལྟེ་བའི་དུས་དེབ་སྟེང461སྤེལ་ཡོད་པ་དང་། སློབ་དེབ་དང་ཆེད་རྩོམ126ཡོངས་བསྒྲགས་ངང་པར་སྐྲུན་བྱས། དེའི་ནང་རྒྱལ་ཁབ་རིམ་པའི“ལོ་ལྔའི་འཆར་བཀོད་བཅུ་གཅིག་པའི”འཆར་འགོད་སློབ་གཞི28དང་ཧུའུ་པེ་ཞིང་ཆེན་གྱི“ལོ་ལྔའི་འཆར་བཀོད་བཅུ་གཅིག་པའི”འཆར་འགོད་སློབ་གཞི24ཡོད་པ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་སློབ་ཁྲིད་ཚན་ཞིབ་རྣམ་གྲངས60ལྷག་གིས་འགན་འཁུར་ཡོད།

5 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།

སློབ་གླིང་དུ་འཕྲུལ་ཆས་བཟོ་སྐྲུན་སྡེ་ཁག་དང་། ཆ་འཕྲིན་དང་སྒྱུ་རྩལ་སྡེ་ཁག རྩིས་འཁོར་ཉེར་སྤྱོད་ལག་རྩལ། རྩིས་འཁོར་དྲ་རྒྱའི་ལག་རྩལ། འགུལ་རིས་ཇུས་འགོད་དང་བཟོ་སྐྲུན། འཕྲུལ་གློག་ལས་གྲྭ་སྡེ་ཁག དཔལ་འབྱོར་ཉོ་ཚོང་སྡེ་ཁག ཨར་ལས་བཟོ་སྐྲུན་སྡེ་ཁག་སོགས་བཙུགས་ཡོད།


དཔྱད་གཞིའི་ཡིག་ཆ།