ཝུའུ་ཧན་དམངས་སྲིད་ལས་རིགས་སློབ་གླིང་།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2020-10-16 09:16ལ་འགྲུབ།

ཝུའུ་ཧན་དམངས་སྲིད་ལས་རིགས་སློབ་གླིང་།

ཝུའུ་ཧན་དམངས་སྲིད་ལས་རིགས་སློབ་གླིང་།
ཝུའུ་ཧན་དམངས་སྲིད་ལས་རིགས་སློབ་གླིང་ནི་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་གནས་ཡོད་པ་དང་། སྤྱི་ལོ1986ལོར་གསར་དུ་བཙུགས། དེ་སྔོན“ཧུའུ་པེ་ཞིང་ཆེན་དམངས་སྲིད་སློབ་གྲྭ”ཡིན། སྤྱི་ལོ2004ལོར་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ལྟར་སློབ་གསོ་པུའུ་ཡིས་སྙན་སེང་ཐོ་འགོད་བྱས་པ་བརྒྱུད། མཐོ་རིམ་སློབ་གཉེར་བརྒྱུད་རིམ་སློབ་གསོའི་སློབ་བསྡུའི་ཐོབ་ཐང་ལྡན་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གླིང་དཀྱུས་མར་གོ་གནས་སྤར། སློབ་གླིང་དེ་ནི་དམངས་སྲིད་པུའུ་ཡི་སྤྱི་ཚོགས་ལས་དོན་གྱི་ཆེད་ལས་འཇོན་མི་གསོ་སྦྱོང་རྟེན་གཞི་ཁག་དང་པོ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
武汉民政职业学院
ཕྱི་ཡིག་གི་མིང་།
Wuhan Social Work Polytechnic
བསྡུས་མིང་།
ཝུའུ་ཧན་དམངས་སྲིད།
གཙོ་གཉེར་སྡེ་ཁག
ཧུའུ་པེ་ཞིང་ཆེན།
བཙུགས་ལོ།
སྤྱི་ལོ1986ལོར་བཙུགས།
སློབ་གྲྭའི་ཁྱད་ཆོས།
མཐོ་རིམ་ལས་རིགས་ཆེད་ལས།
སློབ་གླིང་དང་སྡེ་ཁག་གཙོ་བོ།
སྤྱི་ཚོགས་དོ་དམ་སློབ་གླིང་དང་། བདེ་ཐང་སླར་གསོའི་སྨན་བཅོས་སློབ་གླིང་། དཔལ་འབྱོར་དོ་དམ་སློབ་གླིང་། སྒྱུ་རྩལ་སློབ་གླིང་སོགས།
གནས་ཡུལ།
ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ཧུང་ཧྲན་ཆུས་ཀྲུའོ་ཏའོ་ཆོན་ལམ་གྱི་ཨང་རྟགས257པར་གནས་ཡོད།
སློབ་གྲྭའི་རིགས་དབྱེ།
རྒྱལ་ཁབ་ཀྱི་གཞུང་བཙུགས་སློབ་ཆེན།
སློབ་སྒྲུབ་ངོ་བོ།
ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ།
སློབ་གྲྭའི་ཚབ་ཨང་།
9231
རིགས་དབྱེ།
སྲིད་ཁྲིམས་རིགས།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧུའུ་པེ་ཝུའུ་ཧན།
ལས་ཐོག་སློབ་གཙོ།
ཀྲུང་ཅུན།
རྒྱལ་ཁབ་ཀྱི་ཚད་གཞིའི་ཚབ་ཨང་།
13796
སྦྲག་སྲིད་ཨང་རྟགས།
430062
1 ​ངོ་སྤྲོད་མདོར་བསྡུས།

ཝུའུ་ཧན་དམངས་སྲིད་ལས་རིགས་སློབ་གླིང་ནི་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་གནས་ཡོད་པ་དང་། སྤྱི་ལོ1986ལོར་གསར་དུ་བཙུགས། དེ་སྔོན“ཧུའུ་པེ་ཞིང་ཆེན་དམངས་སྲིད་སློབ་གྲྭ”ཡིན། སྤྱི་ལོ2004ལོར་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ལྟར་སློབ་གསོ་པུའུ་ཡིས་སྙན་སེང་ཐོ་འགོད་བྱས་པ་བརྒྱུད། མཐོ་རིམ་སློབ་གཉེར་བརྒྱུད་རིམ་སློབ་གསོའི་སློབ་བསྡུ་ཐོབ་ཐང་ལྡན་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གླིང་དཀྱུས་མར་གོ་གནས་སྤར། སློབ་གླིང་དེ་ནི་དམངས་སྲིད་པུའུ་ཡི་སྤྱི་ཚོགས་ལས་དོན་གྱི་ཆེད་ལས་འཇོན་མི་གསོ་སྦྱོང་རྟེན་གཞི་ཁག་དང་པོ་ཡིན། སློབ་གླིང་དུ་སྤྱི་ཚོགས་དོ་དམ་སློབ་གླིང་དང་། བདེ་ཐང་སླར་གསོའི་སྨན་བཅོས་སློབ་གླིང་། སྒྱུ་རྩལ་ཇུས་འགོད་སློབ་གླིང་། དཔལ་འབྱོར་དང་དོ་དམ་སློབ་གླིང་། དྭ་ཕྲུག་སློབ་གསོ་ལྟེ་གནས། རྒྱུན་མཐུད་སློབ་གསོ་པུའུ་ཡི་སློབ་ཁྲིད་སྒྲིག་གཞི་དྲུག་བཅས་བཙུགས་ཡོད། ཁོར་ཡུག་སྒྱུ་རྩལ་ཇུས་འགོད་དང་། ནོར་དོན་དོ་དམ། ཚོང་རའི་ཚོང་གཉེར་སོགས་ཆེད་ལས21ཡོད། རིགས་ཁག་གི་སློབ་གྲྭར་ཡོད་པའི་སློབ་མ6000ལྷག་ཙམ་ཡོད། ཝུའུ་ཧན་དམངས་སྲིད་ལས་རིགས་སློབ་གླིང་གི་དཔེ་མཛོད་ཁང་སྤྱི་ལོ1986ལོར་བཙུགས་པ་དང་། སྤྱི་ལོ1992ལོར་སྒེར་ཚུགས་ཀྱི་སྡོད་ཁང་ཞིག་བསྐྲུན་པ་དང་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ2786ཡོད། སྤྱི་ཚོགས་ཚན་རིག་གི་དཔེ་མཛོད་དང་། རང་བྱུང་དཔེ་མཛོད། ཚགས་པར་དང་དུས་དེབ་ལྟ་ཀློག་ཁང་། ཚགས་པར་དང་དུས་དེབ་ཁང་། ཡོ་བྱད་ལྟ་ཀློག་ཁང་། གློག་རྡུལ་ལྟ་ཀློག་ཁང་། ཆ་འཕྲིན་ལག་རྩལ་པུའུ། འཚོལ་སྒྲིག་ཁང་བཅས་ཡོད། དྲ་སྦྲེལ་ཤར་གཏོང་བྱས་པས་སྨྱན་མང་གཟུགས་ཀྱི་སློབ་ཁྲིད་དང་གཞུང་ལས་རང་འགུལ་ཅན་མངོན་འགྱུར་བྱུང་ཡོད། སློབ་གྲྭའི་རྐང་རྩེད་སྤོ་ལོའི་ཐང་དང་། ལན་ཆིའུ་སྤོ་ལོ་ཐང་། ཕའེ་ཆིའུ་སྤོ་ལོ་ཐང་སོགས་ལུས་རྩལ་བྱེད་སྒོ་སྤེལ་སའི་སྒྲིག་ཆས་ཆ་ཚང་བཙུགས་ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1951ལོར་ཀྲུང་ནན་དམག་སྲིད་ཨུ་ཡོན་ལྷན་ཁང་གི་གཟི་བརྗིད་དམག་མིའི་སློབ་གྲྭ་གྲབས་འཛུགས་བྱས།    

སྤྱི་ལོ1958ལོར་ཧུའུ་པེ་ཞིང་ཆེན་གཟི་བརྗིད་དམག་མིའི་སློབ་གྲྭ་བཙུགས།  སྤྱི་ལོ1986ལོའི་ཟླ10པར་ཧུའུ་པེ་ཞིང་ཆེན་དམངས་སྲིད་སློབ་གྲྭ་བཙུགས།

སྤྱི་ལོ2002ལོའི་ཟླ4པར་ཝུའུ་ཧན་ཕྱི་འབྲེལ་ཡུལ་སྐོར་སློབ་གྲྭ་བཙུགས།  སྤྱི་ལོ2004ལོའི་ཟླ4པར་ཝུའུ་ཧན་དམངས་སྲིད་ལས་རིགས་སློབ་གླིང་བཙུགས།

3 དགེ་རྒན་གྱི་དཔུང་སྡེ།

སློབ་གླིང་དུ་རིགས་ཁག་གི་དགེ་རྒན200ལྷག་ཙམ་ཡོད། འབྲིང་རིམ་དང་མཐོ་རིམ་ཡན་གྱི་གོ་མིང་གིས་དགེ་རྒན་བསྡོམས་གྲངས་ཀྱི་བརྒྱ་ཆའི81ཟིན་ཡོད་པ་དང་། “ཉིས་འཇོན་རྣམ་པའི”དགེ་རྒན་གྱིས་བརྒྱ་ཆའི60ཟིན་ཡོད། དེ་དང་ཆབས་ཅིག་གྲགས་ཅན་མཐོ་སློབ་ཀྱི་གདན་ཞུས་དགེ་རྒན་ཆེན་མོ་བ་དང་ཕྱི་རྒྱལ་གྱི་དགེ་རྒན་གདན་ཞུ་བྱས་ནས་རྒན་དར་གཞོན་གསུམ་གྱི་དགེ་རྒན་དཔུང་ཁག་གི་སྐས་རིམ་ཞིག་ཆགས་ཡོད། སློབ་གླིང་གི་སློབ་ཁྲིད་སྒྲིག་ཆས་ཆ་ཚང་། ད་ཡོད་ཀྱི་སློབ་ཁྲིད་ཐོག་ཁང་དང་། ལག་ལེན་སློབ་ཁྲིད་ལྟེ་གནས། རྩིས་འཁོར་དྲ་རྒྱའི་ལྟེ་གནས། གཉེན་སྟོན་ཚོད་ལྟའི་ཁང་། བདེ་སོས་སྨན་བཅོས་ཚོད་ལྟ་ཁང་། མགྲོན་ཁང་ལད་ཟློས་ཚོད་ལྟ་ཁང་། སྐྱེད་ཚལ་ཇུས་འགོད་ཚོད་ལྟ་ཁང་། རིག་གནས་ལུས་རྩལ་ལྟེ་གནས། མཆོང་རྒྱུག་ལུས་རྩལ་ར་བ་སོགས་སློབ་གྲྭའི་ནང་གི་ལག་ལེན་སློབ་ཁྲིད་བྱེད་ས་དང་སློབ་ཕྱིའི་དངོས་སྦྱོང་རྟེན་གཞི50ལྷག་ཙམ་ཡོད་པས་སློབ་མའི་ཕྱོགས་བསྡུས་བྱང་ཚད་ཀྱི་གསོ་སྐྱོང་འགན་ལེན་ཐུབ་ཡོད།

4 སློབ་གྲྭའི་ཁྱད་ཆོས།

སློབ་གླིང་གིས་རྒྱལ་ཡོངས་ཀྱི་དམངས་སྲིད་སྒྲིག་ཁོངས་དང་། སྡེ་ཁུལ་རྩ་འཛུགས། ལུས་གསོ་སྡེ་ཚན། ཕྱི་འབྲེལ་སྐར་མའི་རིམ་པའི་ཡུལ་སྐོར་སྒྲིག་གཞི། ཁེ་ལས་དང་བྱ་ལས་སྡེ་ཚན་ཆེ་གྲས་བཅས་ལ་བརྟེན་ནས། དངོས་སྦྱོང་ལས་ཞུགས་རྟེན་གཞི་དང་ལས་ཞུགས་འོས་སྦྱོར་དྲ་བ་བརྟན་པོ་བཙུགས་ཡོད། ཉེ་བའི་ལོ་ཤས་རིང་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་བརྟན་པོའི་ངང་འཕར་བ་དང་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད90%ཡན་རྒྱུན་འཁྱོངས་ཐུབ་ཡོད། ཞིང་ཆེན་ཡོངས་ཀྱི་ཆེད་སྦྱོང་ཚན་ཁག57གྱི་མཐོ་རིམ་ལས་རིགས་ཁྲོད་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་དང་ལས་ཞུགས་སྤུས་ཚད་ལོ་རེ་བཞིན་མཐོ་རུ་ཕྱིན་ཡོད།

5 སྡེ་ཁག་དང་སློབ་གླིང་།

སློབ་གླིང་དུ་སློབ་གླིང་གཞུང་ལས་ཁང་དང་། སློབ་མའི་ལས་དོན་ཁྲུའུ། སློབ་དོན་ཁྲུའུ། སློབ་བསྡུའི་ལས་ཞུགས་ཁྲུའུ། ནོར་རྩིས་ཁྲུའུ། རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུ་ཁྲུའུ། སྤྱི་ཚོགས་དོ་དམ་སློབ་གླིང་བཅས་བཙུགས་ཡོད། ལུས་གསོའི་སྨན་བཅོས་སློབ་གླིང་། དཔལ་འབྱོར་དོ་དམ་སློབ་གླིང་། སྒྱུ་རྩལ་སློབ་གླིང་དུ་དམངས་སྲིད་དོ་དམ་དང་། གཉེན་སྟོན་ཞབས་ཞུ་དང་དོ་དམ། དྲུང་ཡིག སྤྱི་ཚོགས་ལས་དོན། དེང་རབས་དུར་སྐྱེལ་ཡོ་བྱད་ཀྱི་ལག་རྩལ་དང་དོ་དམ། བདེ་ཐང་སླར་གསོའི་སྨན་བཅོས་ལག་རྩལ། བདེ་ཐང་སླར་གསོའི་སྨན་བཅོས་ལག་རྩལ། ཡུལ་སྐོར་དོ་དམ། མགྲོན་ཁང་དོ་དམ། སྐྱེད་ཚལ་ལག་རྩལ། བརྡ་ཁྱབ་ཇུས་འགོད་དང་བཟོ་སྐྲུན(ཕྱོགས་གསུམ་ལ་དབྱེ་ཡོད་པ་སྟེ། གློག་བརྙན་འཕྲིན་བརྡ་ཁྱབ་དང་། རོལ་རྩེད་ཇུས་འགོད། སྒུལ་བདེའི་མཐའ་སྣེ)ཁོར་ཡུག་སྒྱུ་རྩལ་ཇུས་འགོད་སོགས་ཆེད་ལས21ཡོད་པ་དང་སློབ་མ4000ཙམ་ཡོད།


དཔྱད་གཞིའི་ཡིག་ཆ།