གཡོ་འགུལ་སྤུ་ཙམ་མེད་པ་གཉིས།སྔ་མའི་པར་གཞི་དེ མིང་གསང་tNNy81462  ནས 2020-10-15 11:43ལ་འགྲུབ།

གཡོ་འགུལ་སྤུ་ཙམ་མེད་པ་གཉིས།

གཡོ་འགུལ་སྤུ་ཙམ་མེད་པ་གཉིས།
སྤྱི་དབང་དཔལ་འབྱོར་ལམ་ལུགས་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་དབང་མིན་པའི་དཔལ་འབྱོར་ལམ་ལུགས་འཕེལ་རྒྱས་གཏོང་བར་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་སྐུལ་ལྕག་དང་། རྒྱབ་སྐྱོར། ཁྲིད་སྟོན་བྱེད་པ་བཅས་གཉིས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
两个毫不动摇
ཕྱི་ཡིག་གི་མིང་།
Two unshakable
1 རྩ་བའི་དཔལ་འབྱོར་ལམ་ལུགས།  

སྤྱི་དབང་ལམ་ལུགས་གཙོར་བྱས་ཏེ་དཔལ་འབྱོར་ལམ་ལུགས་སྣ་ཚོགས་འདྲ་མཉམ་གྱིས་སྤེལ་བའི་རྩ་བའི་དཔལ་འབྱོར་ལམ་ལུགས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་འཐུས་ཚང་དུ་གཏོང་བའི་དགོས་ངེས་ཀྱི་ཆ་རྐྱེན་ཡིན།

2 དོན་སྙིང་།        

ཚོགས་ཆེན་བཅུ་དགུ་བའི་སྟེང་གཡོ་འགུལ་སྤུ་ཙམ་ཡང་མེད་པ་གཉིས་ཞེས་པ་དེ་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཐབས་ཇུས་སུ་བཀོད་དེ། ཏང་དང་རྒྱལ་ཁབ་ཀྱི་སྲིད་དོན་བྱེད་ཕྱོགས་གལ་ཆེན་ཞིག་ཏུ་གཏན་འཁེལ་བྱས།

3 འཕེལ་རྒྱས་ཀྱི་བརྒྱུད་རིམ།

ཏང་གི་ཚོགས་ཆེན་བཅོ་ལྔ་བའི་སྐབས་སྤྱི་དབང་ལམ་ལུགས་གཙོར་འཛིན་པ་དང་། དཔལ་འབྱོར་ལམ་ལུགས་སྣ་ཚོགས་ཐུན་མོང་གིས་འཕེལ་རྒྱས་གཏོང་བ་དེ་རང་རྒྱལ་གྱི་རྩ་བའི་དཔལ་འབྱོར་ལམ་ལུགས་སུ་གཏན་འཁེལ་བྱས་ཤིང་།  སྤྱི་དབང་མིན་པའི་དཔལ་འབྱོར་ལམ་ལུགས་ནི་རང་རྒྱལ་གྱི་ཁྲོམ་རའི་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་བཏོན།

ཏང་གི་ཚོགས་ཆེན་བཅུ་དྲུག་པའི་སྐབས་གཡོ་འགུལ་སྤུ་ཙམ་མེད་པར་སྤྱི་དབང་དཔལ་འབྱོར་ལམ་ལུགས་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ་དང་།  སྤྱི་དབང་མིན་པའི་དཔལ་འབྱོར་ལམ་ལུགས་འཕེལ་རྒྱས་གཏོང་བར་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་སྐུལ་ལྕག་དང་། རྒྱབ་སྐྱོར། ཁྲིད་སྟོན་བྱེད་པའི་ལྟ་བ་བཏོན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྐབས་སྤྱི་དབང་དང་སྤྱི་དབང་མིན་པའི་དཔལ་འབྱོར་ལམ་ལུགས་གང་ཡིན་ཡང་ཁྲོམ་རའི་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཡིན་པ་མ་ཟད། དེ་གཉིས་ཀྱང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་གལ་ཆེན་ཡིན་པའི་དགོངས་དོན་བཏོན། དེ་མིན་སྤྱི་དབང་དང་སྤྱི་དབང་མིན་པའི་དཔལ་འབྱོར་ལམ་ལུགས་གང་ལ་ཡང་གནོད་འཚེ་གཏོང་མི་རུང་བ་དང་།  རྒྱལ་ཁབ་ཀྱིས་དཔལ་འབྱོར་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་ཐོན་དབང་དང་ཁྲིམས་མཐུན་ཁེ་ཕན་སྲུང་སྐྱོང་བྱ་བ། དབང་ཆ་འདྲ་མཉམ་དང་། གོ་སྐབས་འདྲ་མཉམ། སྒྲིག་སྲོལ་འདྲ་མཉམ་བཅས་རྒྱུན་འཁྱོངས་དང་། སྤྱི་དབང་མིན་པའི་དཔལ་འབྱོར་ལམ་ལུགས་ཀྱི་རྣམ་པ་འདྲ་མིན་སྣ་ཚོགས་ཐད་ཀྱི་ལུགས་དང་མི་མཐུན་པའི་གཏན་འབེབས་མེད་པར་བཟོ་བ། མངོན་མེད་འགལ་རྐྱེན་སྣ་ཚོགས་སེལ་ནས་སྤྱི་དབང་མིན་པའི་དཔལ་འབྱོར་ལམ་ལུགས་ཀྱི་གསོན་ཤུགས་དང་གསར་གཏོད་བྱེད་ནུས་སྐུལ་སློང་བྱ་དགོས་ཚུལ་ཡང་བཏོན།

ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་ཐོག་དྲང་གཞག་ལྟེ་བའི་རྩ་དོན་ཡིན་པའི་རྒྱུ་ནོར་བདག་དབང་སྲུང་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་རང་བྱུང་མིའི་རྒྱུ་ནོར་བདག་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲང་གཞག་དང་འགལ་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་དོན་ཚན་གཙང་བཤེར་བྱ་དགོས་ཞེས་པར་བཟོ་བཅོས་བཏང་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་ཐོག་དམངས་གཉེར་ཁེ་ལས་ཁྲིམས་ལྟར་ཁྱབ་ཁོངས་སྔར་ལས་མང་བར་ཞུགས་པར་སྐུལ་ལྕག་དང་། རྒྱལ་ཁབ་ལ་དབང་བ་མིན་པའི་མ་རྩ་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་བསྒྱུར་བཅོས་ནང་ཞུགས་པར་དྲངས་ཏེ། སྤྱི་དབང་མིན་པའི་དཔལ་འབྱོར་ལམ་ལུགས་ཀྱི་གསོན་ཤུགས་དང་གསར་གཏོད་ནུས་ཤུགས་སྐུལ་སློང་སྔར་ལས་ལྷག་པར་བྱེད་དགོས་པ་བཏོན།

ཚོགས་ཆེན་བཅུ་དགུ་བའི་སྟེང་གཡོ་འགུལ་སྤུ་ཙམ་ཡང་མེད་པ་གཉིས་ཞེས་པ་དེ་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཐབས་ཇུས་སུ་བཀོད་དེ། ཏང་དང་རྒྱལ་ཁབ་ཀྱི་སྲིད་དོན་བྱེད་ཕྱོགས་གལ་ཆེན་ཞིག་ཏུ་གཏན་འཁེལ་བྱས།
















དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

དཔལ་འབྱོར་རིག་པ།