ཉིང་པོ་བྱིས་པའི་དགེ་ཐོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭ།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2020-10-16 11:13ལ་འགྲུབ།

ཉིང་པོ་བྱིས་པའི་དགེ་ཐོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭ།

ཉིང་པོ་བྱིས་པའི་དགེ་ཐོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭ།
ཉིང་པོ་བྱིས་པའི་དགེ་ཐོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭར(ཉིང་པོ་སློབ་གསོའི་སློབ་གླིང)ལོ་ངོ60ལྷག་གི་སློབ་གཉེར་ལོ་རྒྱུས་ལྡན། སློབ་གྲྭ་དེ་ནི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ཆེད་སྦྱོང་སློབ་གྲྭ་ཆེན་མོའི་སློབ་མ་དང་། ཉིང་པོ་གྲོང་ཁྱེར་གྱི་སློབ་གྲྭ་ཆུང་འབྲིང་གི(བུ་བཅོལ་ཁང)ལས་ཐོག་ཏུ་ཡོད་པའི་དགེ་རྒན། སློབ་གསོའི་སྲིད་འཛིན་ལས་བྱེད་པ་གསོ་སྐྱོང་བཅས་ཀྱི་ལས་འགན་གཙོ་བོར་བཟུང་ཡོད་པའི་གཞུང་སྒྲུབ་མཐོ་རིམ་དགེ་ཐོན་སློབ་གྲྭ་ཆེན་མོ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
宁波幼儿师范高等专科学校
ལས་ཐོག་འགོ་ཁྲིད།
ཁྲེན་ཞིན་ཏ།
བཙུགས་ལོ།
སྤྱི་ལོ1959ལོར།
རིགས་དབྱེ།
དགེ་ཐོན།
སློབ་སྒྲུབ་ངོ་བོ།
གཞུང་སྒྲུབ་མཐོ་རིམ་སློབ་གྲྭ།
ཧང་ཀྲའོ་ཝན་གནས་ཡུལ།
ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་ཧང་ཀྲོའུ་ཝན་ཁུལ་གསར་ཅིན་ཞི་ནུབ་ལམ་གྱི་ཨང་རྟགས129པར་གནས་ཡོད།
གྲོང་སྐོར་གནས་ཡུལ།
ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་གྲོང་སྐོར་བྱང་ལམ་ནུབ་མཚམས་ཀྱི་ཨང་རྟགས625པར་གནས་ཡོད།
1 ​ངོ་སྤྲོད་མདོར་བསྡུས།

ཉིང་པོ་བྱིས་པའི་དགེ་ཐོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭར(ཉིང་པོ་སློབ་གསོའི་སློབ་གླིང)ལོ་ངོ60ལྷག་གི་སློབ་གཉེར་ལོ་རྒྱུས་ལྡན། སློབ་གྲྭ་དེ་ནི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ཆེད་སྦྱོང་སློབ་གྲྭ་ཆེན་མོའི་སློབ་མ་དང་། ཉིང་པོ་གྲོང་ཁྱེར་གྱི་སློབ་གྲྭ་ཆུང་འབྲིང་གི(བུ་བཅོལ་ཁང)ལས་ཐོག་ཏུ་ཡོད་པའི་དགེ་རྒན། སློབ་གསོའི་སྲིད་འཛིན་ལས་བྱེད་པ་གསོ་སྐྱོང་བཅས་ཀྱི་ལས་འགན་གཙོ་བོར་བཟུང་ཡོད་པའི་གཞུང་སྒྲུབ་མཐོ་རིམ་དགེ་ཐོན་སློབ་གྲྭ་ཆེན་མོ་ཞིག་ཡིན། སློབ་གྲྭས་ཐོག་མཐའ་བར་གསུམ་དུ་རྨང་གཞིའི་སློབ་གསོའི་བྱ་གཞག་གོང་དུ་སྤེལ་བར་ཞབས་འདེགས་ཞུ་རྒྱུ་དེ་རང་ཉིད་ཀྱི་ལས་འགན་དུ་བརྩིས་ནས། འཚོལ་ཞིབ་ཁྲོད་འཕེལ་རྒྱས་དང་། ཀྱག་ཀྱོག་ཁྲོད་མདུན་སྐྱོད། འཚོལ་སྙེག་ཁྲོད་གསར་གཏོད་བཅས་བྱས་ཡོད། སློབ་གཉེར་ནུས་པ་ཆེ་རུ་གཏོང་བ་དང་འཇོན་མི་གསོ་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་ཆེད། སློབ་གྲྭས་ཆེད་ལས་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་སློབ་གཉེར་བར་མཐོང་རྒྱ་ཆེར་བཏང་ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ2019ལོའི་ཟླ10པར་སློབ་གྲྭ་དང་ཡན་པེན་སློབ་ཆེན་དགེ་ཐོན་ཡན་ལག་སློབ་གླིང་བར་འཐབ་ཇུས་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཡོད།

སྤྱི་ལོ2019ལོའི་ཟླ10པར་སློབ་གྲྭའི་དྲ་ཐོག་ལས་སྒྲུབ་ཚོམས་ཆེན་སྟེ“ཉིང་ཧྲིEགཞུང་དོན་ཁང”དངོས་སུ་སྤྱོད་འགོ་ཚུགས།

སྤྱི་ལོ2019ལོའི་ཟླ12པར་ཉིང་པོ་སློབ་གསོའི་སློབ་གླིང་གི་ལམ་ལུགས་སྒྱུར་བཅོས་བྱས་ནས་ཉིང་པོ་བྱིས་པའི་དགེ་ཐོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་བཙུགས་པ་དང་སློབ་གྲྭ་བཙུགས་ནས་ལོ་འཁོར60ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་ཧང་ཀྲོའུ་ཝན་སློབ་ཁུལ་ཟློས་གར་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས།

སྤྱི་ལོ2019ལོའི་ཟླ12པར་སློབ་གྲྭ་དང་སློབ་གསོ་པུའུ་ཡི་མི་རིགས་སློབ་གསོ་འཕེལ་རྒྱས་ལྟེ་གནས་ཀྱིས་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་མི་རིགས་སློབ་གསོའི་མཉམ་ལས་ཀྱི་གཙོ་གནད་ཞིབ་འཇུག་རྟེན་གཞི་མཉམ་བསྐྲུན་བྱས།

སྤྱི་ལོ2019ལོའི་ཟླ12པར་སློབ་གྲྭས་ཀྲེ་ཅང་གི་སློབ་སྔོན་སློབ་གསོའི་ཤེས་ལྡན་མི་སྣ་གསོ་སྐྱོང་མཉམ་ལས་མནའ་འབྲེལ་བཙུགས།

3 ཆེད་ལས་སྒྲིག་བཀོད།
3_1 སློབ་སྔོན་སློབ་གསོའི་ཆེད་ལས།

ཉིན་པོ་གྲོང་ཁྱེར་གྱི་མཐོ་རིམ་སློབ་གྲྭའི་གཙོ་གནད་འཛུགས་སྐྲུན་གྱི་ཆེད་ལས་གཙོ་གནད་དུ་བཟུང་ཡོད། ལོ་བཅུ་ལྷག་ཙམ་རིང་འཛུགས་སྐྲུན་དང་། གསོག་འཇོག གཏིང་སྙིགས་བཅས་བྱས་པ་བརྒྱུད་ཆེད་ལས་འཛུགས་སྐྲུན་ཐད་སློབ་སྔོན་སློབ་གསོའི་ཆེད་ལས་གཙོ་བོར་གྱུར་ཡོད།

3_2 རོལ་དབྱངས་སློབ་གསོའི་ཆེད་ལས།

རོལ་དབྱངས་སློབ་གསོའི་ཆེད་ལས་དེ་དུས་རབས་གསར་པའི་རིག་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པར་བྱས་ནས། སློབ་སྔོན་སློབ་གསོའི་སློབ་གཉེར་རྒྱབ་ལྗོངས་ལ་བརྟེན་པ་དང་བྱིས་པའི་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་གཞིགས་ནས་རོལ་དབྱངས་དང་སློབ་སྔོན་ཟུང་འབྲེལ་གྱི་བྱིས་པའི་རོལ་དབྱངས་སློབ་གསོའི་ཁྱད་ཆོས་ཤིག་ཆགས་ཡོད།

3_3 ཐོན་རྫས་སྒྱུ་རྩལ་ཇུས་འགོད།   

ཆེད་ལས་འདིའི་སྔ་མ་ནི་མཐོང་ཚོར་ཁྱབ་སྤེལ་ཇུས་འགོད་དང་བཟོ་སྐྲུན་ཆེད་ལས་ཡིན། ལོ་བཅུ་གྲངས་ཀྱི་སློབ་གཉེར་ལོ་རྒྱུས་ལྡན་པས། སྤྱི་ལོ2019ལོར་ཞིང་ཆེན་སློབ་གསོ་ཐིང་གི་ཆོག་མཆན་ཐོབ་པ་དང་། ཐོན་རྫས་སྒྱུ་རྩལ་ཇུས་འགོད་ཆེད་ལས་ཁག་དང་པོར་སློབ་མ་བསྡུ་འགོ་ཚུགས་ཡོད།

3_4 བྱིས་པའི་འཕེལ་རྒྱས་དང་བདེ་ཐང་དོ་དམ་ཆེད་ལས།

ཆེད་ལས་འདིའི་དམིགས་ཡུལ་ནི་བྱིས་པའི་སློབ་གསོ་འཕེལ་རྒྱས་དང་བདེ་ཐང་དོ་དམ་ལས་རིགས་དང་ཁྱབ་ཁོངས། མཐོ་སློབ་དང་། བྱིས་པའི་སློབ་གསོའི་སྒྲིག་གཞི། བྱིས་པའི་བདེ་ཐང་རྒྱབ་སྐྱོར་དང་དོ་དམ་སྒྲིག་གཞི། བྱིས་པའི་ལུས་རྩལ་དང་རོལ་རྩེད་སྒྲིག་གཞི་བཅས“ཕྱོགས་མང་མཉམ་ལས། ཕྱོགས་བཞི་གཞི་གཅིག”གི་མཐུན་སྦྱོར་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་ལག་ལེན་བསྟར་དགོས།

3_5 ཐོག་མའི་སློབ་གསོའི་ཆེད་ལས།

ཐོག་མའི་སློབ་གསོའི་ཆེད་ལས་དེ་སྤྱི་ཚོགས་ཀྱི་ཐོག་མའི་སློབ་གསོ་བསྒྱུར་བཅོས་དང་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་འཚམ་པར་བྱས་ཡོད། སློབ་གསོ་པུའུ་ཡིས་ཞིབ་བཤེར་ཆོག་མཆན་འགོད་པ་དང་། རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་ཆེད་ལས་གསར་བ་ཞིག་ཡིན། གྲོང་ཁྱེར་གྱི་གཙོ་གནད་འཛུགས་སྐྱོང་གི་ཆེད་ལས་སློབ་སྔོན་སློབ་གསོའི་རྨང་གཞིའི་ཐོག་འཕེལ་རྒྱས་བྱུང་བ་ཞིག་ཡིན་པས་སློབ་གཉེར་གྱི་རྨང་གཞི་བརྟན་པོ་དང་རིག་གནས་ཀྱི་རྨང་གཞི་ཟབ་མོ་ལྡན་ཡོད།

3_6 སློབ་སྔོན་སློབ་གསོའི་ཆེད་ལས་རྒྱལ་སྤྱིའི་འཛིན་གྲྭ།

མཐོ་རིམ་སློབ་གྲྭ་དཀྱུས་མ་དང་ལས་རིགས་མཐོ་རིམ་སློབ་གྲྭ་ནས་མཐར་ཕྱིན་པའི2020རིམ་པའི་སློབ་སྔོན་སློབ་གསོའི་ཆེད་ལས་སློབ་མ་ཡོངས་གྲགས་སུ་འདེམས་སྒྲུག་བྱས་ནས་སློབ་སྔོན་སློབ་གསོའི་རྒྱལ་སྤྱིའི་འཛིན་གྲྭ་འཛུགས་གཉེར་བྱས་ཡོད། སློབ་སྔོན་སློབ་གསོའི་རྒྱལ་སྤྱིའི་མཐོང་རྒྱ་དང་། ཆེད་ལས་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ། ཕྱི་རྒྱལ་གྱི་སྐད་ཡིག་བཀོལ་སྤྱོད་ནུས་པ་བཟང་པོ་བཅས་ལྡན་པའི་ཆེད་ལས་ཕུལ་བྱུང་འཇོན་མི་གསོ་སྐྱོང་བྱེད་བཞིན་ཡོད།

3_7 གློག་རྡུལ་ཚོང་དོན་ཆེད་ལས།

གློག་རྡུལ་ཚོང་དོན་ཆེད་ལས་ནི་དྲ་སྦྲེལ+དུས་རབས་སྤྱི་ཚོགས་ཀྱི་འཇོན་མིའི་དགོས་མཁོ་ལྟེ་བར་བཟུང་ནས། བྱང་ཚད་སློབ་གསོ་དང་ཁྱད་ཆོས་ལྡན་པའི་སློབ་གཉེར་འདུ་ཤེས་རྒྱུན་འཛིན་བྱས་ཏེ་སློབ་མའི་ལས་ཞུགས་བྱེད་ནུས་དང་། ལག་ལེན་བྱེད་ནུས། གསར་གཏོད་བྱེད་ནུས་བཅས་གཙོ་གནད་དུ་བཟུང་ནས་གསོ་སྐྱོང་བྱེད་ཀྱིན་ཡོད།

3_8 ལུས་རྩལ་སློབ་གསོའི་ཆེད་ལས།

ལུས་རྩལ་སློབ་གསོའི་ཆེད་ལས་ཀྱིས“ལོ་བརྒྱའི་མི་ཚེ་ནི་བྱིས་པའི་སློབ་གསོ་ནས་གཞི་ཚུགས་དགོས་པར”འདུ་ཤེས་བཟུང་ནས་འབྱུང་འགྱུར་གྱི་བྱིས་པའི་ལུས་རྩལ་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པ་དང་། བྱིས་གཉོར་ཁང་དང་བྱིས་པའི་སློབ་གསོའི་སྒྲིག་གཞི། སློབ་ཁྲིད་དང་ཞིབ་འཇུག་གི་ལག་རྩལ་ནུས་རྩལ་ཅན་གྱི་འཇོན་མི་གསོ་སྐྱོང་བྱེད་པའི་མ་ལག་བཙུགས་ཡོད།

3_9 ཉེར་སྤྱོད་དབྱིན་ཡིག་ཆེད་ལས།

དབྱིན་ཡིག་ཆེད་ལས་ལ་བརྟེན་ནས“དབྱིན་སྐད་ཀྱི་བྱང་ཚད་དང་། ལས་རིགས་ཤེས་བྱའི་རྩལ་ནུས། ཆེད་ལས་ལག་ལེན་ནུས་པ”བཅས་ལྟེ་བའི་སློབ་ཚན་ཆེན་པོ་གསུམ་བཙུགས་ཡོད། ཕྱོགས་བསྡུས་ཕྱོགས་ཡོངས་ཀྱི་དབྱིན་ཡིག་གི་སྐད་བརྡའི་ནུས་པ་ལྡན་པ་དང་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་ལས་སྒོའི་བརྒྱུད་རིམ་དང་ཡང་ན་ལོ་ཆུང་གི་དབྱིན་ཡིག་སློབ་ཁང་དུ་སློབ་ཁྲིད་བྱེད་པའི་བྱང་ཚད་མཐོ་བའི་ངལ་རྩོལ་པ་དང་ལག་རྩལ་རྩལ་ནུས་འཇོན་མི་གསོ་སྐྱོང་བྱེད་ཀྱིན་ཡོད།

3_10 རྩིས་གཉེར་ཆེད་ལས།

རྩིས་གཉེར་ཆེད་ལས་ཀྱིས་སྤྱི་ལོ1983ལོ་ནས་བཟུང་སློབ་མ་བསྡུས་པ་ཡིན། ལོ་ངོ30ལྷག་གི་རིང་ལ། སློབ་གྲྭས་གསར་གཏོད་སྦྱོང་བརྡར་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ། ཤེས་ལྡན་མི་སྣ་གསོ་སྐྱོང་ཐད་ཁྱད་ཆོས་གསར་བ་ཞིག་ཆགས་ཡོད།

3_11 དྲ་རྒྱའི་གསར་འགྱུར་དང་ཁྱབ་སྤེལ་ཆེད་ལས།

དྲ་རྒྱའི་ཁྱབ་སྤེལ་འཕེལ་རྒྱས་དང་འཚམ་པའི་ཆེད་ལས་སློབ་ཚན་དང་ལག་ལེན་སློབ་ཁྲིད་མ་ལག་ཕུན་སུམ་ཚོགས་པ་བཙུགས་ཡོད།


དཔྱད་གཞིའི་ཡིག་ཆ།