ཅང་ཧན་སྒྱུ་རྩལ་ལས་རིགས་སློབ་གླིང་།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2020-10-16 09:11ལ་འགྲུབ།

ཅང་ཧན་སྒྱུ་རྩལ་ལས་རིགས་སློབ་གླིང་།

ཅང་ཧན་སྒྱུ་རྩལ་ལས་རིགས་སློབ་གླིང་།
ཅང་ཧན་སྒྱུ་རྩལ་ལས་རིགས་སློབ་གླིང་ནི་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་ནས་བཙུགས་པ་དང་། སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་བྱས་པའི་གཞུང་བཙུགས་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། སློབ་གླིང་དེ་སྔོན་སྤྱི་ལོ1959ལོར་བཙུགས་པའི་ཧུའུ་པེ་ཞིང་ཆེན་གྱི་ཆན་ཅང་སྒྱུ་རྩལ་དགེ་འོས་སློབ་གྲྭ་ཡིན་ཞིང་། སྤྱི་ལོ2004ལོར་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་བརྒྱུད་ཅང་ཧན་སྒྱུ་རྩལ་ལས་རིགས་སློབ་གླིང་བཙུགས། སྤྱི་ལོ2019ལོའི་ཟླ9པར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་ཀྱི་མཚན་སྙན་ཐོབ། སྤྱི་ལོ2020ལོའི་ཟླ6པའི་བར་སློབ་གྲྭའི་རྒྱ་ཁྱོན་ལ་མུའུ1000ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
江汉艺术职业学院
ཕྱི་ཡིག་གི་མིང་།
Jianghan Art Vocational College
བསྡུས་མིང་།
ཅང་ཧན་ལས་རིགས་སློབ་གླིང་།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
བཙུགས་ལོ།
སྤྱི་ལོ1959ལོར་བཙུགས།
རྣམ་པ།
སྒྱུ་རྩལ།
ངོ་བོ།
ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ཆེད་སྦྱོང་སློབ་གླིང་དཀྱུས་མ།
གཙོ་གཉེར་སྡེ་ཁག
ཧུའུ་པེ་ཞིང་ཆེན།
ལས་ཐོག་འགོ་ཁྲིད།
སློབ་གཙོ། ལི་ཧྥེ།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
རོལ་མོའི་སློབ་གླིང་དང་། ཇུས་འགོད་སློབ་གླིང་། སློབ་ཞུགས་སྔོན་གྱི་སློབ་གསོའི་སློབ་གླིང་། དོ་དམ་སློབ་གླིང་། འཁྲབ་སྟོན་སྒྱུ་རྩལ་སློབ་གླིང་། བཟའ་བཏུང་རིག་གནས་སློབ་གླིང་། རྒྱུན་མཐུད་སློབ་གསོའི་སློབ་གླིང་སོགས།
གནས་ཡུལ།
ཧུའུ་པེ་ཞིང་ཆེན་ཆན་ཅང་གྲོང་ཁྱེར་དགེ་ཐོན་ལམ་གྱི་ཨང་རྟགས16པར་གནས་ཡོད།
སློབ་གྲྭའི་ཚབ་ཨང་།
13793
1 ​ངོ་སྤྲོད་མདོར་བསྡུས།

ཅང་ཧན་སྒྱུ་རྩལ་ལས་རིགས་སློབ་གླིང་ནི་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་ནས་བཙུགས་པ་དང་། སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་བྱས་པའི་གཞུང་བཙུགས་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན།     སློབ་གླིང་དེ་སྔོན་སྤྱི་ལོ1959ལོར་བཙུགས་པའི་ཧུའུ་པེ་ཞིང་ཆེན་གྱི་ཆན་ཅང་སྒྱུ་རྩལ་དགེ་འོས་སློབ་གྲྭ་ཡིན་ཞིང་། སྤྱི་ལོ2004ལོར་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་བརྒྱུད་ཅང་ཧན་སྒྱུ་རྩལ་ལས་རིགས་སློབ་གླིང་བཙུགས། སྤྱི་ལོ2019ལོའི་ཟླ9པར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་ཀྱི་མཚན་སྙན་ཐོབ། སྤྱི་ལོ2020ལོའི་ཟླ6པའི་བར་སློབ་གྲྭའི་རྒྱ་ཁྱོན་ལ་མུའུ1000ཡོད་པ་དང་། སློབ་གྲྭའི་ཉལ་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི20ཡོད། དཔེ་དེབ་ཁྲི50ལྷག་ཉར་ཚགས་བྱས་ཡོད། སློབ་གླིང་དེར་སློབ་གླིང8ཡོད་པ་སྟེ། རོལ་དབྱངས་སློབ་གླིང་དང་། ཇུས་འགོད་སློབ་གླིང་། སློབ་ཞུགས་གོང་གི་སློབ་གསོའི་སློབ་གླིང་། དོ་དམ་སློབ་གླིང་། འཁྲབ་སྟོན་སྒྱུ་རྩལ་སློབ་གླིང་། ཆན་ཅང་ལུང་ཞཱ་སློབ་གླིང་། རྒྱུན་མཐུད་སློབ་གསོའི་སློབ་གླིང་། འབྲིང་རིམ་ལས་རིགས་པུའུ་བཅས་ཡིན། རིགས་མི་འདྲ་བའི་སློབ་མ10000ལྷག་ཡོད། དགེ་རྒན་དང་ལས་བཟོ་བ515ཡོད་པ་དང་། དགེ་རྒན་ཆེན་མོ་དང་དགེ་རྒན་ཆེན་མོ་གཞོན་པ86ཡོད། དེ་མིན་སྐད་གྲགས་ཆེ་བའི་སྒྱུ་རྩལ་པ་དང་སློབ་གསོའི་ཆེད་མཁས་ཀྱིས་དགེ་རྒན40ཡི་འགན་གཅིག་ལྕོགས་སུ་ཁུར་ཡོད།

2 ལོ་རྒྱུས་འཕེལ་རིམ།

ཅང་ཧན་སྒྱུ་རྩལ་ལས་རིགས་སློབ་གླིང་ནི་སྤྱི་ལོ2004ལོར་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་ནས་བཙུགས་པ་དང་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་བྱས་པའི་གཞུང་བཙུགས་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། སློབ་གླིང་ནི་མིང་དུ་གྲགས་པའི་འཁྲབ་གཞུང་རྩོམ་པ་པོ་སྐུ་ཞབས་ཚའོ་ཡུས་ཀྱི་ཕ་ཡུལ་ཏེ་ཧུའུ་པེ་ཞིང་ཆེན་ཆན་ཅང་གྲོང་ཁྱེར་དུ་གནས་ཡོད། དེ་ནི་ཅང་ཧན་བདེ་ཐང་གི་དཀྱིལ་དུ་གནས་པ་དང་ཝུའུ་ཧན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས། འགྲིམ་འགྲུལ་སྟབས་བདེ་ཡིན་པ་དང་། དཔལ་འབྱོར་དར་རྒྱས་བྱུང་ཡོད། སློབ་གླིང་དེ་སྤྱི་ལོ1959ལོར་བཙུགས་པ་དང་སྔ་རྗེས་སུ་ཆན་ཅང་དགེ་འོས་སློབ་གྲྭ་དང་། ཆན་ཅང་འབྲིང་རིམ་དགེ་འོས་སློབ་གྲྭ། ཧུའུ་པེ་ཞིང་ཆེན་ཆན་ཅང་བྱིས་པའི་དགེ་འོས་སློབ་གྲྭ། ཧུའུ་པེ་ཞིང་ཆེན་ཆན་ཅང་སྒྱུ་རྩལ་སློབ་གྲྭ་སོགས་ཀྱི་དུས་མཚམས་བརྒྱུད་ཡོད། ད་ལྟ་ས་ཁྱོན་ལ་མུའུ450ཡོད་པ་དང་སློབ་ཁང་གི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་15ཡོད། ཉར་ཚགས་བྱས་པའི་དཔེ་དེབ་ཁྲི35དང་སློབ་གྲྭར་ཡོད་པའི་སློབ་མ5200ཡོད། སློབ་གྲྭའི་འཆར་འགོད་ཚན་རིག་དང་མཐུན་པ་དང་། སློབ་ཁྲིད་སྒྲིག་བཀོད་སྔོན་ཐོན་ཡིན་པ། འཚོ་བའི་ཁོར་ཡུག་སོགས་མཛེས་སྡུག་ལྡན་པས་རྒྱལ་ཁབ་ཀྱིས་གཟེངས་བསྟོད་བྱས་པའི“སྔོ་འགྱུར་ཡག་ཤོས་བཞི་བརྒྱ”ཡི་ཚན་པ་དང་ཧུའུ་པེ་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཟེངས་བསྟོད་བྱས་པའི“ཤེས་དཔལ་ཚན་པ”དང“ཤེས་དཔལ་ཚན་པ་ཡག་ཤོས”ཡིན། སྤྱི་ལོ2008ལོའི་ཟླ12པར་སློབ་གླིང་གིས་སློབ་གསོ་པུའི་མཐོ་རིམ་ལས་རིགས་སློབ་གླིང་གི་འཇོན་མི་གསོ་སྐྱོང་ལས་དོན་གྱི་ཆུ་ཚད་ལ་དཔྱད་དཔོག་བྱས།

3 དགེ་རྒན་གྱི་དཔུང་སྡེ།

ཅང་ཧན་སྒྱུ་རྩལ་ལས་རིགས་སློབ་གླིང་ནི་སྤྱི་ལོ2004ལོར་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་ནས་བཙུགས་པ་དང་། སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་བྱས་པའི་གཞུང་བཙུགས་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། དེ་སྔོན་ཧུའུ་པེ་ཞིང་ཆེན་ཆན་ཅང་སྒྱུ་རྩལ་དགེ་འོས་སློབ་གྲྭ་ཡིན་པ་དང་སྤྱི་ལོ1959ལོར་བཙུགས་ཤིང་། ད་ལྟ་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི30ཡོད་པ་དང་སློབ་གྲྭའི་ཉལ་ཁང་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི19ཡོད། ཉར་ཚགས་བྱས་པའི་དཔེ་དེབ་ཁྲི50དང་སློབ་གྲྭར་ཡོད་པའི་སློབ་མ10000ལྷག་ཙམ་ཡོད། དགེ་རྒན་དང་ལས་བཟོ་བ515དང་། འབུམ་རམས་པ2རབ་འབྱམས་པ185བཅས་ཡོད། དགེ་རྒན་ཆེན་མོ་དང་དགེ་རྒན་ཆེན་མོ་གཞོན་པ86ཡོད་པ་དང་གྲགས་ཅན་སྒྱུ་རྩལ་མཁས་ཅན་དང་སློབ་གསོའི་རིགས་གཅིག་མཁས་ཅན་གྱིས་གཅིག་ལྕོགས་དགེ་རྒན40ཡི་འགན་འཁུར་ཡོད།

4 སློབ་གླིང་དང་སྡེ་ཁག་གཙོ་བོ།

སློབ་གླིང་དུ་ད་ལྟ་རོལ་མོའི་སློབ་གླིང་དང་། ཇུས་འགོད་སློབ་གླིང་། སློབ་ཞུགས་སྔོན་གྱི་སློབ་གསོའི་སློབ་གླིང་། དོ་དམ་སློབ་གླིང་། འཁྲབ་སྟོན་སྒྱུ་རྩལ་སློབ་གླིང་། བཟའ་བཏུང་རིག་གནས་སློབ་གླིང་། རྒྱུན་མཐུད་སློབ་གསོའི་སློབ་གླིང་སོགས་ཡོད།

5 གཟི་བརྗིད་མཚན་སྙན།

སློབ་གླིང་གི་སློབ་གསོའི་སློབ་ཁྲིད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཧུའུ་པེ་ཞིང་ཆེན་གྱི་ཚབ་བྱས་ནས་རྒྱལ་ཡོངས་སློབ་ཆེན་སློབ་མའི་སྒྱུ་རྩལ་དུས་ཆེན་དང་རྒྱལ་ཡོངས་ལས་རིགས་སློབ་གླིང་གི་རྩལ་ནུས་འགྲན་བསྡུར་ནང་ཐེངས་མང་ཞུགས་པ་དང་འབྲེལ་བྱ་དགའ་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་མང་པོ་ཐོབ་ཡོད། དེའི་ནང་། སྤྱི་ལོ2013ལོར་རྒྱལ་ཡོངས་ལས་རིགས་སློབ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེན་མོའི་ནང་ཨང་དང་པོ་ཐོབ་མཁན་མི1དང་། རིམ་པ་གཉིས་པའི་བྱ་དགའ་ཐོབ་མཁན་མི1 རིམ་པ་གསུམ་པའི་བྱ་དགའ་ཐོབ་མཁན་མི1བཅས་ཡོད། སྤྱི་ལོ2014ལོར་སླར་ཡང་རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མའི་སྒྱུ་རྩལ་འགྲེམས་འཁྲབ་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ་ཡོད། སྤྱི་ལོ2016ལོར་རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མའི་དབྱིན་ཡིག་འགྲན་བསྡུར་གྱི་ཆེད་ལས་མིན་པའི་ཚོགས་ཆུང་གི་བྱ་དགའ་ཨང་དང་པོ་ཐོབ་མཁན་མི1དང་། རྒྱལ་ཡོངས་ལས་རིགས་སློབ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེན་མོའི་བྱ་དགའ་ཨང་གསུམ་པ་ཐོབ་མཁན་མི2ཡོད། ཧུའུ་པེ་ཞིང་ཆེན་གྱི་སློབ་ཆེན་སློབ་མའི་གྱོན་ཆས་འགྲེམས་སྟོན་ཐོག་སྔ་རྗེས་སུ་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་ཁག1རེ་ཐོབ་ཡོད། སྤྱི་ལོ2016ལོར་ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེན་མོའི་ནང་ཨང་དང་པོ་ཐོབ་མཁན་མི1དང་ཨང་གཉིས་པ་ཐོབ་མཁན་མི1ཡོད། ཞིང་ཆེན་ཡོངས་ཀྱི་དགེ་འོས་སློབ་མའི་སློབ་ཁྲིད་རྩལ་ནུས་འགྲན་བསྡུར་གྱི་ཨང་གཉིས་པ་དང་། ཞིང་ཆེན་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཀང་ཆིན་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ8བཅས་ཐོབ་ཡོད། སྤྱི་ལོ2019ལོར་ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གླིང་དང་དགེ་འོས་སློབ་མའི་རྩལ་ནུས་འགྲན་བསྡུར་ནང་ཞུགས་པར་བྱ་དགའ་རིམ་པ་དང་པོ7དང་། བྱ་དགའ་རིམ་པ་གཉིས་པ5བྱ་དགའ་རིམ་པ་གསུམ་པ6བཅས་ཐོབ། ཞིང་ཆེན་ཡོངས་ཀྱི་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ནང་ཞུགས་པར་དངུལ་གྱི་བྱ་དགའ1དང་། ཟངས་ཀྱི་བྱ་དགའ3 ཕུལ་བྱུང་གསར་གཏོད་ཀྱི་བྱ་དགའ1 ཇུས་འགོད་ཀྱི་བྱ་དགའ་ཡག་ཤོས1བཅས་ཐོབ་ཡོད། སློབ་ཐོན་སློབ་མའི་བྱང་ཚད་ཁྱོན་ཡོངས་དང་རྩལ་ནུས་ཕུལ་བྱུང་ཡིན་པས་མི་སྤྱོད་ཚན་པའི་གདེང་འཇོག་ཡག་པོ་ཐོབ་ཡོད། ལས་ཞུགས་ཐུབ་ཚད་ལོ་བསྟུད་མར93%ཡན་རྒྱུན་འཁྱོངས་ཐུབ་པ་དང་སློབ་ཞུགས་གོང་གི་སློབ་གསོ་དང་། རོལ་དབྱངས་འཁྲབ་སྟོན། ཞབས་བྲོ་འཁྲབ་སྟོན། མགྲོན་ཁང་དོ་དམ་སོགས་ཆེད་ལས་ཀྱི་སློབ་ཐོན་སློབ་མ་འབོར་ཆེན་སྔོན་མངགས་བྱས་ཡོད།


དཔྱད་གཞིའི་ཡིག་ཆ།