འབྲི་ཆུའི་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2020-10-16 08:51ལ་འགྲུབ།

འབྲི་ཆུའི་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་།

འབྲི་ཆུའི་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་།
འབྲི་ཆུའི་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་ནི་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་དང་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་ཞུས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། སློབ་གླིང་དེ་ནི་རྒྱལ་ཡོངས་ཀྱི་ཆུ་བེད་ལས་རིགས་སློབ་གསོའི་དཔེ་སྟོན་སློབ་གྲྭ་དང་། རྒྱལ་ཡོངས་ཀྱི་ཆུ་བེད་མཐོ་རིམ་ལས་རིགས་སློབ་གྲྭའི་སྤུས་ལེགས་འཛུགས་སྐྲུན་སྡེ་ཚན་སོགས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
长江工程职业技术学院
ཕྱི་ཡིག་གི་མིང་།
Changjiang Institute of Technology
བསྡུས་མིང་།
CJIT
བཙུགས་ལོ།
སྤྱི་ལོ1959ལོར་བཙུགས།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
རྣམ་པ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
དཔལ་འབྱོར་དོ་དམ་སློབ་གླིང་དང་། ཆུ་བེད་དང་གློག་ཤུགས་སློབ་གླིང་། ཐིག་ལེན་རིས་འབྲི་དང་ཆ་འཕྲིན་སློབ་གླིང་། འཕྲུལ་ཆས་དང་གློག་ཤུགས་སློབ་གླིང་། གྲོང་ཁྱེར་འཛུགས་སྐྲུན་སློབ་གླིང་སོགས།
ངོ་བོ།
ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་དང་། སྤྱི་ལོ2015ལོར་རྒྱལ་ཡོངས་ཆུ་བེད་ལས་རིགས་སློབ་གསོའི་དཔེ་སྟོན་སློབ་གྲྭར་བདམས།
གཙོ་གཉེར་སྡེ་ཁག
ཧོ་པེ་ཞིང་ཆེན།
མཐོ་རིམ་ལས་རིགས་ཆེད་ལས།
39ཡོད།
གནས་ཡུལ།
ཧོ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ཅང་ཞཱ་ཆུས་ཝུན་ཧྭ་ལམ་ཆེན་གྱི་ཨང་རྟགས9པར་གནས་ཡོད།
སློབ་གྲྭའི་ཚབ་ཨང་།
13266
གཞུང་ཕྱོགས་དྲ་གནས།
http://www.cj-edu.com.cn
1 ​ངོ་སྤྲོད་མདོར་བསྡུས།

འབྲི་ཆུའི་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་ནི་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་དང་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་ཞུས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། སློབ་གླིང་དེ་ནི་རྒྱལ་ཡོངས་ཀྱི་ཆུ་བེད་ལས་རིགས་སློབ་གསོའི་དཔེ་སྟོན་སློབ་གྲྭ་དང་། རྒྱལ་ཡོངས་ཀྱི་ཆུ་བེད་མཐོ་རིམ་ལས་རིགས་སློབ་གྲྭའི་སྤུས་ལེགས་འཛུགས་སྐྲུན་སྡེ་ཚན་སོགས་ཡིན། སྤྱི་ལོ2018ལོའི་ཟླ10པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་གི་ས་ཁྱོན་ལ་མུའུ540ཡོད་པ་དང་སློབ་གླིང་གི་པུའུ8དང་ཆེད་སྦྱོང་ཚན་ཁག་གི་ཆེད་ལས39བཙུགས་ཡོད། འབུམ་རམས་པའི་སློབ་དཔོན་དང་། དགེ་རྒན་ཆེན་མོ། དགེ་རྒན་ཆེན་མོ་གཞོན་པ། མཐོ་རིམ་བཟོ་བཀོད་པ་སོགས་མི100ལྷག་ཡོད། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ9000ལྷག་ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1959ལོར་སློབ་གྲྭ་བཙུགས་པ་དང་། སྤྱི་ལོ1974ལོའི་ཟླ11པར། སློབ་གྲྭ་ཝུའུ་ཧན་གྲོང་ཁྱེར་ནས་ཧུའུ་པེ་ཁྲི་པེ་གྲོང་ཁྱེར(དེ་སྔའི་ཕུའུ་དབྱིང་གྲོང་ཁྱེར)དུ་སྤོས་པ་མ་ཟད། དེ་སྔའི་འབྲི་ཆུའི་བཟོ་སྐྲུན་སློབ་ཆེན་དེ་འབྲི་ཆུའི་ཆུ་བེད་ཆུ་གློག་སློབ་གྲྭར་མིང་བསྒྱུར། སྤྱི་ལོ1982ལོའི་ཟླ3པར་འབྲི་ཆུའི་ལས་བཟོའི་སློབ་ཆེན་བཙུགས་པ་དང་། འབྲི་ཆུའི་ཆུ་བེད་ཆུ་གློག་སློབ་གྲྭ་དང་སྒོ་བྱང་གཉིས་དང་ཚན་ཁག་གཅིག་གི“སློབ་གྲྭ་གཉིས་གཞི་གཅིག་ཅན”གྱི་རྩ་འཛུགས་སྒྲིག་སྲོལ་ལག་བསྟར་བྱས། སྤྱི་ལོ2000ལོའི་ཟླ8པར། འབྲི་ཆུའི་ལས་བཟོའི་སློབ་ཆེན(འབྲི་ཆུའི་ཆུ་བེད་ཆུ་གློག་སློབ་གྲྭ)མུ་མཐུད་དུ་འབྲི་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཁང་གིས་དོ་དམ་བྱ་རྒྱུ་དང་། སློབ་གསོ་སློབ་ཁྲིད་ཀྱི་ལས་སྒོའི་ཁོངས་གཏོགས་སློབ་གསོའི་སྲིད་འཛིན་སྡེ་ཚན་གྱིས་དོ་དམ་བྱས། སྤྱི་ལོ2003ལོའི་ཟླ5པར། ཧོ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ལྟར་སློབ་གསོ་པུའུ་ལ་ཐོ་འགོད་སྙན་སེང་ཞུས་ཏེ། འབྲི་ཆུའི་ལས་བཟོའི་སློབ་ཆེན(འབྲི་ཆུའི་ཆུ་བེད་ཆུ་གློག་སློབ་གྲྭ)གྱི་ལམ་ལུགས་བསྒྱུར་བཅོས་བྱས་ཏེ་འབྲི་ཆུའི་ལས་གྲྭའི་ལས་རིགས་ལག་རྩལ་སློབ་གླིང་དུ་མིང་བསྒྱུར།

3 སློབ་སྒྲུབ་ཆ་རྐྱེན།
3_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2018ལོའི་ཟླ10པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་དུ་རིམ་པ་གཉིས་པའི་སློབ་གླིང5དང་ཆེད་སྦྱོང་ཚན་ཁག་གི་ཆེད་ལས39བཙུགས་ཡོད།

3_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2018ལོའི་ཟླ10པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་དུ་འབུམ་རམས་པའི་སློབ་དཔོན་དང་། དགེ་རྒན་ཆེན་མོ། དགེ་རྒན་ཆེན་མོ་གཞོན་པ། མཐོ་རིམ་བཟོ་བཀོད་པ་སོགས་མི100ལྷག་ཙམ་དང་། རྒྱལ་ཡོངས་ཀྱི་ཆུ་བེད་ལས་རིགས་སློབ་གསོའི་གྲགས་ཅན་དགེ་རྒན3 རྒྱལ་ཡོངས་ཀྱི་ཆུ་བེད་ལས་རིགས་སློབ་གསོའི་ཕུལ་བྱུང་མི་སྣ་གསར་བ4བཅས་ཡོད།

3_3 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2018ལོའི་ཟླ10པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་ལ་རྒྱལ་ཡོངས་ཀྱི་ཆུ་བེད་ལས་རིགས་སློབ་གསོའི་དཔེ་སྟོན་ཆེད་ལས2དང་། ཀྲུང་དབྱང་ནོར་སྲིད་ཀྱིས་གཙོ་གནད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ཆེད་ལས2 ཧུའུ་པེ་ཞིང་ཆེན་མཐོ་རིམ་ལས་རིགས་སློབ་གསོའི་གཙོ་གནད་ཆེད་ལས2 ཧུའུ་པེ་ཞིང་ཆེན་ཁྲུའུ་ཐེན་རྩལ་ནུས་དགེ་རྒན་གྲགས་ཅན་གྱི་ལས་གནས་ཆེད་ལས10 ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་དངོས་སྦྱོང་རྟེན་གཞི1 ཧུའུ་པེའི་མཐོ་སློབ་ཀྱི་ཞིང་ཆེན་རིམ་པའི་དངོས་སྦྱོང་རྟེན་གཞི1 རྒྱལ་ཡོངས་ཆུ་བེད་རིགས་ཀྱི་གཙོ་གནད་ཆེད་ལས་ཀྱི་ཕུལ་བྱུང་དངོས་སྦྱོང་རྟེན་གཞི1བཅས་ཡོད།

4 རིག་གཞུང་ཞིབ་འཇུག
4_1 ཚན་ཞིབ་གྲུབ་འབྲས།

སྤྱི་ལོ2016ལོ་ནས་སྤྱི་ལོ2017ལོའི་བར། སློབ་གླིང་ལ་ཞིང་ཆེན་རིམ་པའི་ཚན་ཞིབ་རྣམ་གྲངས་ཀྱི་རྣམ་གྲངས་ཁག23དང་དངོས་སྤྱོད་དཔེ་གསར་གྱི་གསར་གཏོད་ཁེ་བེད་བདག་ཐོབ་ཁག9ཡོད། རིག་གཞུང་དཔྱད་རྩོམ186ལྷག་ཡོངས་བསྒྲགས་སུ་སྤེལ་ཡོད།

4_2 རིག་གཞུང་ཐོན་ཁུངས།

སྤྱི་ལོ2018ལོའི་ཟླ10པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་དཔེ་མཛོད་ཁང་དུ་ཤོག་བུའི་དཔེ་དེབ་ཁྲི35.49ཉར་ཚགས་བྱས་ཡོད་པ་དང་ཉར་ཚགས་བྱས་པའི་ཤོག་བུའི་དུས་དེབ་ཁྲོད་ཆེད་ལས་དུས་དེབ་སྣ་ཁ356ཡོད། གློག་རྡུལ་དཔེ་དེབ་ཁྲི8ལྷག་ཙམ་ཉར་ཚགས་བྱས་ཡོད།

4_3 རིག་གཞུང་དུས་དེབ། 

《འབྲི་ཆུའི་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་གི་རིག་གཞུང་ཚགས་པར》དེ་སྤྱི་ལོ1984ལོར་སྤེལ་འགོ་ཚུགས་པ་དང་། འབྲི་ཆུའི་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་གིས་གཙོ་གཉེར་བྱས་པའི་ཕྱོགས་བསྡུས་ཚན་རྩལ་རིགས་ཀྱི་དུས་དེབ་ཅིག་ཡིན་ཞིང་། དུས་དེབ་དེའི་ནང་གཙོ་བོ་སློབ་གསོའི་རིགས་པའི་གཞུང་ལུགས་དང་། ལག་ལེན། དོ་དམ་ཚན་རིག སློབ་ཁྲིད་སློབ་ཚན། བསམ་བློ། ཆབ་སྲིད། ཀུན་སྤྱོད། སྐད་བརྡ། རྩོམ་རིག སྒྱུ་རྩལ། བཟོ་སྐྲུན་ལག་རྩལ། ཆུའི་ཐོན་ཁུངས་དང་ཆུའི་ཁོར་ཡུག སྐབས་དོན་གླེང་སྟེགས། ལས་གྲྭའི་ཚན་རྩལ། ཆུའི་རིག་གནས་ཞིབ་འཇུག་སོགས་ལེ་ཚན་བཀོད་ཡོད།


དཔྱད་གཞིའི་ཡིག་ཆ།