ཧོའེ་པེ་དགེ་ཐོན་སློབ་ཆེན།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2020-09-27 11:36ལ་འགྲུབ།

ཧོའེ་པེ་དགེ་ཐོན་སློབ་ཆེན།

ཧོའེ་པེ་དགེ་ཐོན་སློབ་ཆེན།
ཧོའེ་པེ་དགེ་ཐོན་སློབ་ཆེན་ནི་རིག་ཚན་མང་བའི་ཞིང་ཆེན་གྱི་གཙོ་གནད་སློབ་ཆེན་ཞིག་ཡིན་པ་དང་དབུས་ནུབ་རྒྱུད་ཀྱི་མཐོ་སློབ་ཀྱི་རྨང་གཞིའི་ནུས་པའི་འཛུགས་སྐྲུན་ལས་གྲྭ་དང་ཨན་ཧུའེ་ཞིང་ཆེན་གྱི་རྩེར་སོན་རིག་ཚན་འཛུགས་སྐྲུན་འཆར་གཞིའི་ནང་བདམས་ཡོད། སྤྱི་ལོ2018ལོའི་ཟླ6པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་ཞང་ཧྲན་དང་པིན་ཧུའུ་སློབ་ཁུལ་གཉིས་ཡོད་པ་དང་། ས་བཟུང་རྒྱ་ཁྱོན་ལ་མུའུ3000ལྷག་ཡོད། སློབ་གྲྭའི་ཉལ་ཁང་གི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི74ཡོད། ཀྲུང་ཕྱི་རྒྱལ་ཁབ་ཀྱི་དཔེ་དེབ་དང་གློག་རྡུལ་ཚད་ལྡན་ཡིག་ཆ་ཁྲི420ལྷག་ཙམ་ཉར་ཚགས་བྱས་ཡོད། སློབ་ཁྲིད་ཚན་ཞིབ་དཔྱད་ཆས་དང་སྒྲིག་ཆས27000ལྷག་ཙམ་ཡོད་པ་དེར་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར2.27ཟིན་ཡོད། སློབ་གླིང18དང་དངོས་གཞིའི་སྡེ་ཁག་གི་ཆེད་ལས82ཡོད། རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཡོད་ཁུལ15དང་ཆེད་ལས་བསླབ་གནས་སྤྲོད་དབང་ཡོད་རིགས7 ཆེད་བསྐོས་དགེ་རྒན1400ལྷག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་། 
淮北师范大学
ཕྱི་ཡིག་གི་མིང་།
Huaibei Normal University
བཙུགས་ལོ།
སྤྱི་ལོ1974ལོར་བཙུགས།
གཙོ་གཉེར་སྡེ་ཁག
ཨན་ཧུའེ་ཞིང་ཆེན།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
ལས་ཐོག་འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ཁྲེན་ཧྲི་ཧྥུའུ། སློབ་གཙོ། ཡའོ་ཙུའོ་ཝུན།
སློབ་གྲྭའི་རིགས་དབྱེ།
དགེ་འོས་སློབ་གྲྭ།
དངོས་གཞིའི་ཆེད་ལས།
85ཡོད།
སློབ་གྲྭའི་ཁྱད་ཆོས།
ཞིང་ཆེན་ཁོངས་ཀྱི་གཙོ་གནད་སློབ་ཆེན། སྤྱི་ལོ1998ལོའི་ཀྲུང་དབྱང་དང་ས་གནས་མཉམ་སྐྲུན་མཐོ་སློབ། སྤྱི་ལོ2016ལོར་དབུས་ནུབ་རྒྱུད་ཀྱི་མཐོ་སློབ་ཀྱི་རྨང་གཞིའི་ནུས་པ་འཛུགས་སྐྱོང་ལས་གཞི།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
རྩོམ་རིག་སློབ་གླིང་དང་། རྩིས་རིག་ཚན་རིག་སློབ་གླིང་། དངོས་ཁམས་དང་གློག་རྡུལ་ཆ་འཕྲིན་སློབ་གླིང་། རྫས་འགྱུར་དང་རྒྱུ་ཆའི་ཚན་རིག་སློབ་གླིང་། ཕྱི་རྒྱལ་སྐད་ཡིག་སློབ་གླིང་། མཛེས་རྩལ་སློབ་གླིང་སོགས་སློབ་གླིང18ཡོད།
གནས་ཡུལ།
ཞང་ཧྲན་སློབ་ཁུལ་ནི་ཨན་ཧུའེ་ཞིང་ཆེན་ཧོའེ་པེ་གྲོང་ཁྱེར་ཞང་ཧྲན་ཆུས་ཏུང་ཧྲན་ལམ་གྱི་ཨང་རྟགས100པར་གནས་ཡོད། པིན་ཧུའུ་སློབ་ཁུལ་ནི་ཨན་ཧུའེ་ཞིང་ཆེན་ཧོའེ་པེ་གྲོང་ཁྱེར་ལིའེ་ཧྲན་ཆུས་ཆི་ཧུ་ཤར་ལམ་གྱི་ཨང་རྟགས8པར་གནས་ཡོད།
གཟི་བརྗིད་མཚན་སྙན།
སྤྱི་ལོ2013དང་སྤྱི་ལོ2018ལོར་ཨན་ཧུའེ་ཞིང་ཆེན་གྱི་ཚན་རིག་ལག་རྩལ་བྱ་དགའ(རང་བྱུང་ཚན་རིག་རིགས)ཀྱི་བྱ་དགའ་ཨང་དང་པོ་ཐོབ།
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་ཚན15དང་ཆེད་ལས་བསླབ་གནས་ཀྱི་དབང་ཡོད་རིགས8ཡོད།
སློབ་བཙུགས་ཉིན་མོ།
ཟླ9པའི་ཚེས12ཉིན།
སློབ་གྲྭའི་ཚབ་ཨང་།
10373
གཞུང་ཕྱོགས་དྲ་གནས།
http://www.hbcnc.edu.cn
1 ​ངོ་སྤྲོད་མདོར་བསྡུས།

ཧོའེ་པེ་དགེ་ཐོན་སློབ་ཆེན་ནི་རིག་ཚན་མང་བའི་ཞིང་ཆེན་གྱི་གཙོ་གནད་སློབ་ཆེན་ཞིག་ཡིན་པ་དང་དབུས་ནུབ་རྒྱུད་ཀྱི་མཐོ་སློབ་ཀྱི་རྨང་གཞིའི་ནུས་པའི་འཛུགས་སྐྲུན་ལས་གྲྭ(དུས་ཐེངས་གཉིས་པ)དང་ཨན་ཧུའེ་ཞིང་ཆེན་གྱི་རྩེར་སོན་རིག་ཚན་འཛུགས་སྐྲུན་འཆར་གཞིའི་ནང་བདམས་ཡོད། སྤྱི་ལོ2018ལོའི་ཟླ6པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་ཞང་ཧྲན་དང་པིན་ཧུའུ་སློབ་ཁུལ་གཉིས་ཡོད་པ་དང་། ས་བཟུང་རྒྱ་ཁྱོན་ལ་མུའུ3000ལྷག་ཡོད། སློབ་གྲྭའི་ཉལ་ཁང་གི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི74ཡོད། ཀྲུང་ཕྱི་རྒྱལ་ཁབ་ཀྱི་དཔེ་དེབ་དང་གློག་རྡུལ་ཚད་ལྡན་ཡིག་ཆ་ཁྲི420ལྷག་ཙམ་ཉར་ཚགས་བྱས་ཡོད། སློབ་ཁྲིད་ཚན་ཞིབ་དཔྱད་ཆས་དང་སྒྲིག་ཆས27000ལྷག་ཙམ་ཡོད་པ་དེར་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར2.27ཟིན་ཡོད། སློབ་གླིང18དང་དངོས་གཞིའི་སྡེ་ཁག་གི་ཆེད་ལས82ཡོད། རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཡོད་ཁུལ15དང་ཆེད་ལས་བསླབ་གནས་སྤྲོད་དབང་ཡོད་རིགས7 ཆེད་བསྐོས་དགེ་རྒན1400ལྷག་ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1974ལོར་སློབ་གྲྭ་བཙུགས། སྐབས་དེར་ཨན་ཧུའེ་དགེ་འོས་སློབ་ཆེན་ཧོའེ་པེ་ཡན་ལག་སློབ་གྲྭ་བཙུགས། སྤྱི་ལོ1978ལོའི་ཟླ12པར་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཆོག་མཆན་གནང་སྟེ་ཧོའེ་པེ་མེ་ཐན་དགེ་འོས་སློབ་གླིང་དུ་མིང་གཏན་འཁེལ་བྱས་ནས་དེ་སྔའི་རྡོ་སོལ་བཟོ་ལས་པུའུ་ཡི་ཁོངས་སུ་གཏོགས། སྤྱི་ལོ1998ལོའི་ཟླ9པར“ཀྲུང་དབྱང་དང་ས་གནས་གཉིས་ཀྱིས་མཉམ་སྐྲུན་བྱས་ཏེ། ཨན་ཧུའེ་ཞིང་ཆེན་གྱིས་དོ་དམ་གཙོ་བོ་བྱེད་པའི”དོ་དམ་སྒྲིག་སྲོལ་ལག་བསྟར་བྱས། སྤྱི་ལོ2010ལོའི་ཟླ3པར་སློབ་གསོ་པུའུ་ཡིས་ཆོག་མཆན་བཀོད་དེ་ཧོའེ་པེ་དགེ་ཐོན་སློབ་ཆེན་ཞེས་མིང་བསྒྱུར། 

3 སློབ་སྒྲུབ་ཆ་རྐྱེན།
3_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2020ལོའི་ཟླ5པའི་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭར་རིམ་པ་གཉིས་པའི་སློབ་གླིང་དང་རྒྱུན་མཐུད་སློབ་གསོའི་སློབ་གླིང18ཡོད་པ་དང་། དངོས་གཞིའི་སྡེ་ཁག་གི་ཆེད་ལས85བཙུགས་ཡོད། གཞན་ཧོའེ་པེ་དགེ་འོས་སློབ་ཆེན་གྱི་ཞོར་གཏོགས་ཚོད་ལྟའི་སློབ་འབྲིང་དང་ཧོའེ་པེ་དགེ་འོས་སློབ་ཆེན་གྱི་ཞོར་གཏོགས་སློབ་ཆུང2བཙུགས་ཡོད།

3_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2020ལོའི་ཟླ6པར་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭར་ཆེད་བསྐོས་དགེ་རྒན1400ལྷག་ཙམ་ཡོད་པའི་ནང་འབུམ་རམས་པའི་བསླབ་གནས་དང་རབ་འབྱམས་པའི་བསླབ་གནས་ལྡན་པའི་དགེ་རྒན700ལྷག་ཙམ་ཡོད་པ་དང་། མཐོ་རིམ་ཆེད་ལས་ལག་རྩལ་གྱི་གོ་མིང་ཡོད་པའི་དགེ་རྒན500ལྷག་ཡོད། རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་དང“ལྔ་གཅིག”ངལ་རྩོལ་གཟེངས་རྟགས་ཐོབ་མཁན14དང་། སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལེན་མཁན14 ཞིང་ཆེན་གྱི་རིག་གཞུང་དང་ལག་རྩལ་སྣེ་ཁྲིད་པ་དང་དེ་བཞིན་རྗེས་གྲབས་འོས་མི14 ཞིང་ཆེན་གྱི་དཔེ་བཟང་དགེ་རྒན1 ཞིང་ཆེན་གྱི་ངལ་རྩོལ་དཔེ་བཟང1 ཞིང་ཆེན་གྱི་སློབ་ཁྲིད་དགེ་རྒན་གྲགས་ཅན31བཅས་ཡོད། ཞིང་ཆེན་མཐོ་རིམ་སློབ་གྲྭའི་ཕུལ་བྱུང་ན་གཞོན་རྐང་འཛིན་དགེ་རྒན57དང་ན་གཞོན་ཝན་ཅང་མཁས་པ3བཅས་ཡོད། ཙེང་ཞན་ཙི་སློབ་གསོའི་ཐེབས་རྩའི་བྱ་དགའ་ཐོབ་མཁན13དང་། ཞིང་ཆེན་གྱི་ཕུལ་བྱུང་དགེ་རྒན་དང་། དགེ་རྒན་གྱི་ཀུན་སྤྱོད་མིག་དཔེ། ཕུལ་བྱུང་ཏང་དོན་ལས་དོན་པ། ཕུལ་བྱུང་གུང་ཁྲན་ཏང་ཡོན16བཅས་ཡོད།

4 རིག་གཞུང་ཞིབ་འཇུག
4_1 ཚན་ཞིབ་ལས་སྟེགས།

སྤྱི་ལོ2018ལོའི་ཟླ6པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་ཁང4དང་ཞིང་ཆེན་རིམ་པའི་མཐུན་སྦྱོར་གསར་གཏོད་ལྟེ་གནས1ཡོད། ཞིང་ཆེན་རིམ་པའི་མི་ཆོས་དང་སྤྱི་ཚོགས་ཚན་རིག་གི་གཙོ་གནད་ཞིབ་འཇུག་རྟེན་གཞི2 ཞིང་ཆེན་རིམ་པའི་ཚན་རྩལ་གསར་གཏོད་ཚོགས་པ4 ཞིང་ཆེན་རིམ་པའི“115”ཐོན་ལས་གསར་གཏོད་ཚོགས་པ1བཅས་ཡོད། ཞིང་ཆེན་རིམ་པའི་ཇུས་འདོན་ཚོགས་པ2དང་། མཐོ་རིམ་སློབ་གསོའི་ཞིབ་འཇུག་ལྟེ་གནས། ལྗང་མདོག་རྫས་འགྱུར་དང་སྐྱེ་ལྡན་འདྲེས་སྦྱོར་ཞིབ་འཇུག་ཁང་། རྩོམ་རིག་ཞིབ་འཇུག་ཁང་། ཆུ་ཚོན་རི་མོའི་སྒྱུ་རྩལ་གསར་རྩོམ་དང་ཞིབ་འཇུག་ལྟེ་གནས་སོགས་སློབ་གྲྭ་རིམ་པའི་ཞིབ་འཇུག་ལས་སྟེགས་བཙུགས་ཡོད།

4_2 ཚན་ཞིབ་གྲུབ་འབྲས།

སྤྱི་ལོ2018ལོའི་ཟླ6པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭས་ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་སློབ་ཁྲིད་ཞིབ་འཇུག་རྣམ་གྲངས160ལྷག་ཙམ་གྱི་འགན་འཁུར་བ་དང་ཞིང་ཆེན་རིམ་པའི་སློབ་ཁྲིད་གྲུབ་འབྲས་བྱ་དགའ70ལྷག་ཙམ་ཐོབ་ཡོད། རྒྱལ་ཁབ་རིམ་པའི་ཚན་ཞིབ་ཞིབ་འཇུག་དཔྱད་གཞི120ལྷག་ཙམ་དང་། ཞིང་ཆེན་དང་པུའུ་རིམ་པའི་ཚན་ཞིབ་ཞིབ་འཇུག་དཔྱད་གཞི300ལྷག་ཙམ་གྱི་འགན་འཁུར་གྱིན་ཡོད། SCIདང་། EI ISTP CSSCIབཅས་ཀྱིས་འཚོལ་བསྡུ་བྱས་པའི་དཔྱད་རྩོམ2600ལྷག་ཙམ་ལ་ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་ཚན་ཞིབ་བྱ་དགའ70ལྷག་ཙམ་ཐོབ་ཡོད། དེའི་ནང་རྒྱལ་ཁབ་རིམ་པའི་བྱ་དགའ་ཁག5ཐོབ་ཡོད།


དཔྱད་གཞིའི་ཡིག་ཆ།