ཨན་ཆིན་དགེ་ཐོན་སློབ་གྲྭ་ཆེན་མོ།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2020-09-27 11:26ལ་འགྲུབ།

ཨན་ཆིན་དགེ་ཐོན་སློབ་གྲྭ་ཆེན་མོ།

ཨན་ཆིན་དགེ་ཐོན་སློབ་གྲྭ་ཆེན་མོ།
ཨན་ཆིན་དགེ་ཐོན་སློབ་གྲྭ་ཆེན་མོ་ནི་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཨན་ཧུའེ་ཞིང་ཆེན་ཨན་ཆིན་གྲོང་ཁྱེར་དུ་གནས་ཡོད་པ་དང་ཨན་ཧུའེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཐད་གཏོགས་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། སློབ་གསོ་པུའུ་ཡི་མཐོ་རིམ་སློབ་གྲྭའི་དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་ལས་ཀའི་ཆུ་ཚད་དཔྱད་དཔོག་བྱས་པའི་ཕུལ་བྱུང་སློབ་གྲྭ་དང་རྒྱལ་ཡོངས་ཀྱི་ཤེས་རམས་པའི་བསླབ་གནས་སྤྲོད་དབང་ཡོད་པའི་སྡེ་ཚན་ཁག་དང་པོ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
安庆师范大学
ཕྱི་ཡིག་གི་མིང་།
Anqing Normal University
བཙུགས་ལོ།
སྤྱི་ལོ1897ལོར་བཙུགས།
གཙོ་གཉེར་སྡེ་ཁག
ཨན་ཧུའེ་ཞིང་ཆེན།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
ལས་ཐོག་འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ཞུའུ་ཅུའུ་རོང་། སློབ་གཙོ། མིན་ཡུང་ཞིན།
སློབ་གྲྭའི་རིགས་དབྱེ།
དགེ་འོས་སློབ་གྲྭ།
དངོས་གཞིའི་ཆེད་ལས།
81ཡོད།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
མི་ཆོས་དང་སྤྱི་ཚོགས་སློབ་གླིང་དང་། རྩོམ་རིག་སློབ་གླིང་། ཐོན་ཁུངས་ཁོར་ཡུག་སློབ་གླིང་། དངོས་ལུགས་སློབ་གླིང་། ཕྱི་རྒྱལ་སྐད་ཡིག་སློབ་གླིང་། མར་ཁེ་སི་རིང་ལུགས་སློབ་གླིང་སོགས་སློབ་གླིང་དང་སྡེ་ཁག17ཡོད།
གནས་ཡུལ།
ལིན་ཧུའུ་སློབ་ཁུལ་ནི་ཨན་ཧུའེ་ཨན་ཆིན་ལིན་ཧུའུ་ལྷོ་ལམ་གྱི་ཨང་རྟགས128པར་གནས་ཡོད། ལུང་ཧྲན་སློབ་ཁུལ་ནི་ཨན་ཧུའེ་ཨན་ཆིང་ཅི་ཞན་བྱང་ལམ་གྱི་ཨང་རྟགས1318པར་གནས་ཡོད།
སློབ་གྲྭའི་ཁྱད་ཆོས།
ཞིང་ཆེན་ཁོངས་ཀྱི་དངོས་གཞིའི་སྡེ་ཁག་གི་མཐོ་སློབ། སློབ་གྲྭ་བརྒྱའི་ལས་གྲྭ། དབུས་ནུབ་རྒྱུད་ཀྱི་མཐོ་སློབ་ཀྱི་རྨང་གཞིའི་ནུས་པ་འཛུགས་སྐྱོང་ལས་གྲྭ་སོགས་ཀྱི་གྲས་ཡིན།
སློབ་གྲྭའི་ཚབ་ཨང་།
10372
གཞུང་ཕྱོགས་དྲ་གནས།
http://www.aqnu.edu.cn
1 ངོ་སྤྲོད་མདོར་བསྡུས།

ཨན་ཆིན་དགེ་ཐོན་སློབ་གྲྭ་ཆེན་མོ་ནི་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཨན་ཧུའེ་ཞིང་ཆེན་ཨན་ཆིན་གྲོང་ཁྱེར་དུ་གནས་ཡོད་པ་དང་ཨན་ཧུའེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཐད་གཏོགས་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། སློབ་གསོ་པུའུ་ཡི་མཐོ་རིམ་སློབ་གྲྭའི་དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་ལས་ཀའི་ཆུ་ཚད་དཔྱད་དཔོག་བྱས་པའི་ཕུལ་བྱུང་སློབ་གྲྭ་དང་རྒྱལ་ཡོངས་ཀྱི་ཤེས་རམས་པའི་བསླབ་གནས་སྤྲོད་དབང་ཡོད་པའི་སྡེ་ཚན་ཁག་དང་པོ་ཡིན། སློབ་གྲྭར་རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཡོད་པ་དང་། “དབུས་རྒྱུད་དང་ནུབ་རྒྱུད་ཀྱི་མཐོ་སློབ་ཀྱི་རྨང་གཞིའི་ནུས་པ་འཛུགས་སྐྱོང་ལས་གྲྭའི”རྣམ་གྲངས་དང་། “གཞི་གྲངས་ཀྲུང་གོའི”སློབ་གྲྭ་བརྒྱའི་ལས་གཞིའི་ཁག་དང་པོའི་ཚོད་ལྟའི་སློབ་གླིང་། རྒྱལ་ཁབ་ཀྱི་སློབ་ཆེན་སློབ་མའི་རིག་གནས་བྱང་ཚད་སློབ་གསོའི་རྟེན་གཞིར་བཅས་ལ་བདམས། སྤྱི་ལོ2019ལོར་སློབ་གྲྭ་ཨན་ཧུའེ་ཞིང་ཆེན་རིམ་པའི་འབུམ་རམས་པའི་རྣམ་གྲངས་འཛུགས་པའི་འཛུགས་སྐྲུན་ཚན་པར་གྱུར་ཡོད། སྤྱི་ལོ2019ལོའི་ཟླ6པར་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭར་ལུང་ཧྲན་དང་ལིང་ཧུའུ་སློབ་ཁུལ་གཉིས་ཡོད་ཅིང་། ས་ཁྱོན་ལ་མུའུ2844ཡོད། རིམ་པ་གཉིས་པའི་སློབ་གླིང17ཡོད་པ་དང་། དངོས་གཞིའི་སྡེ་ཁག་གི་ཆེད་ལས81བཙུགས་ཡོད། རིམ་པ་དང་པོའི་རིག་ཚན་གྱི་རིག་གཞུང་རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས11དང་ཆེད་ལས་རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཁུལ7ཡོད། དགེ་རྒན་དང་ལས་བཟོ་བ་ཁྱོན་བསྡོམས1200ལྷག་ཡོད། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ18000ལྷག་ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1897ལོར་ཅིང་ཧྥུའུ་དཔེ་གླིང་བཙུགས། ཕྱིས་སུ་སློབ་གྲྭ་དེ་ཨན་ཧུའེ་སློབ་ཆེན་དུ་ཟླ་སྒྲིལ་བཏང་བ་དང་། རྗེས་སུ་ཨན་ཧུའེ་ཝུའུ་ཅུན་སློབ་གྲྭ་དང་། ཨན་ཧུའེ་སྐམ་དམག་སློབ་གྲྭ། ཨན་ཧུའེ་ཁྲིམས་སྲིད་ཆེད་གཉེར་སློབ་གྲྭ་བཅས་སུ་བསྒྱུར། སྤྱི་ལོ1928ལོར་ཞིང་ཆེན་གྱིས་བཙུགས་པའི་ཨན་ཧུའེ་སློབ་ཆེན་དེ་བཙུགས་པ་དང་། སྤྱི་ལོ1946ལོར་རྒྱལ་བཙུགས་ཨན་ཧུའེ་སློབ་ཆེན་དུ་བསྒྱུར། སྤྱི་ལོ1949ལོར་བཅིངས་འགྲོལ་དམག་མཚོ་དམག་མཉམ་འབྲེལ་སློབ་གྲྭའི་ཡན་ལག་སློབ་གྲྭ་གསུམ་པར་བསྒྱུར། སྤྱི་ལོ1958ལོ་ནས་བཟུང་ཨན་ཧུའེ་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་དང་། ཨན་ཧུའེ་དགེ་འོས་སློབ་ཆེན་ཨན་ཆིན་སློབ་ཁྲིད་ས་ཚིགས། ཨན་ཧུའེ་དགེ་འོས་སློབ་ཆེན་ཨན་ཆིང་ཡན་ལག་སློབ་གྲྭ་བཅས་ལ་རིམ་བསྒྱུར་བྱས། སྤྱི་ལོ1980ལོར་ཨན་ཧུའེ་དགེ་འོས་སློབ་ཆེན་ཨན་ཆིན་ཡན་ལག་སློབ་གྲྭའི་རྨང་གཞིའི་ཐོག་ཨན་ཆིན་དགེ་འོས་སློབ་གླིང་བཙུགས་པ་དང་། སྤྱི་ལོ2016ལོར་སློབ་གསོ་པུའུ་ཡིས་ཆོག་མཆན་ཐོབ་པ་བརྒྱུད་ཨན་ཆིན་དགེ་ཐོན་སློབ་ཆེན་ཞེས་མིང་བསྒྱུར།

3 སློབ་སྒྲུབ་ཆ་རྐྱེན།
3_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2018ལོའི་ཟླ3པའི་བར་སློབ་གྲྭར་རིམ་པ་གཉིས་པའི་སློབ་གླིང17བཙུགས་ཡོད། དངོས་གཞིའི་སྡེ་ཁག་གི་ཆེད་ལས80གཉེར་བའི་ནང་རྩོམ་རིག་དང་། དཔལ་འབྱོར་རིག་པ། ལོ་རྒྱུས་རིག་པ། ཁྲིམས་ལུགས་རིག་པ། སློབ་གསོ་རིག་པ། རང་བྱུང་ཚན་རིག བཟོ་རིག དོ་དམ་རིག་པ། ཞིང་ལས་རིག་པ། སྒྱུ་རྩལ་རིག་པ་སོགས་རིག་ཚན་ཆེ་གྲས10ཚུད་ཡོད།

3_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2018ལོའི་ཟླ3པའི་བར་སློབ་གྲྭར་ཆེད་བསྐོས་དགེ་རྒན1200ལྷག་ཙམ་ཡོད་པ་དང་། དེའི་ནང་དགེ་རྒན་ཆེན་མོ་རྒན་གཞོན500ཙམ་ཡོད་པ་དང་འབུམ་རམས་པ་དང་རབ་འབྱམས་པའི་བསླབ་གནས་ཡོད་པའི་དགེ་རྒན་གྱིས་ཆེད་བསྐོས་དགེ་རྒན་བསྡོམས་འབོར་ཁྲོད80%བཟུང་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་སྲིད་གཞུང་གི་དམིགས་བསལ་སྦྱར་བའི་རིགས་གཅིག་མཁས་ཅན། ཞིང་ཆེན་གྱི་རིག་གཞུང་དང་ལག་རྩལ་གྱི་སྣེ་ཁྲིད་པ། ཞིང་ཆེན་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན། ཞིང་ཆེན་མཐོ་རིམ་སློབ་གྲྭའི་རིག་ཚན་གྱི་རྩེར་སོན་འཇོན་མི། ཞིང་ཆེན་གྱི་དར་གཞོན་རིག་ཚན་གྱི་སྣེ་ཁྲིད་པ་སོགས་རིགས་ཁག་གི་ཕུལ་བྱུང་འཇོན་མི110ལྷག་ཙམ་ཡོད། རྒྱལ་ཁབ་རིམ་པའི་སློབ་ཁྲིད་ཚོགས་པ1དང་ཞིང་ཆེན་རིམ་པའི་སློབ་ཁྲིད་ཚོགས་པ3བཅས་ཡོད།

4 རིག་གཞུང་ཞིབ་འཇུག
4_1 ཚན་ཞིབ་ལས་སྟེགས།

སྤྱི་ལོ2016ལོའི་ཟླ5པའི་བར་སློབ་གྲྭར་ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་ཁང5དང་། ཞིང་ཆེན་རིམ་པའི་ལས་གྲྭའི་ཞིབ་འཇུག་ལྟེ་གནས8ཞིང་ཆེན་རིམ་པའི་མཐུན་སྦྱོར་གསར་གཏོད་ལྟེ་གནས1ཞིབ་འཇུག་ཁང21བཅས་ཡོད།

4_2 ཚན་ཞིབ་གྲུབ་འབྲས།

སྤྱི་ལོ2011ལོ་ནས་སྤྱི་ལོ2016ལོའི་བར་སློབ་གྲྭས་རིགས་ཁག་གི་ཚན་ཞིབ་རྣམ་གྲངས1500ལྷག་ཙམ་སྒྲུབ་འགན་འཁུར་བའི་ནང་ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་རྣམ་གྲངས300ལྷག་ཙམ་དང་། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས56བཅས་ཡོད། རིགས་ཁག་གི་ཚན་ཞིབ་བྱ་དགའ200ལྷག་ཙམ་ཐོབ་པའི་ནང་རྒྱལ་ཁབ་རིམ་པའི་བྱ་དགའ2དང་ཞིང་ཆེན་དང་པུའུ་རིམ་པའི་བྱ་དགའ22ཐོབ་ཡོད།


དཔྱད་གཞིའི་ཡིག་ཆ།