ཨན་ཧུའེ་དགེ་ཐོན་སློབ་ཆེན།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2020-09-27 11:36ལ་འགྲུབ།

ཨན་ཧུའེ་དགེ་ཐོན་སློབ་ཆེན།

ཨན་ཧུའེ་དགེ་ཐོན་སློབ་ཆེན།
ཨན་ཧུའེ་དགེ་ཐོན་སློབ་ཆེན་ནིཨན་ཧུའེ་ཞིང་ཆེན་ཝུའུ་ཧུའུ་གྲོང་ཁྱེར་དུ་གནས་ཡོད་པ་དང་། སྤྱི་ལོ1928ལོར་བཙུགས། དེ་ནི་ཨན་ཧུའེ་ཞིང་ཆེན་མཐོ་རིམ་སློབ་གསོའི་ལོ་རྒྱུས་ཐོག་ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་དང་པོ་ཡིན། སློབ་གྲྭ་དེ་ནི་ཨན་ཧུའེ་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོ་པུའི་མཉམ་བསྐྲུན་མཐོ་སློབ་དང་རྒྱལ་ཁབ་ཀྱི“དབུས་ནུབ་རྒྱུད་མཐོ་སློབ་ཀྱི་རྨང་གཞིའི་ནུས་པ་འཛུགས་སྐྱོང་ལས་གཞིའི”རྣམ་གྲངས་ཀྱི་མཐོ་སློབ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
安徽师范大学
ཕྱི་ཡིག་གི་མིང་།
Anhui Normal University
བཙུགས་ལོ།
སྤྱི་ལོ1928ལོར་བཙུགས།
གཙོ་གཉེར་སྡེ་ཁག
ཨན་ཧུའེ་ཞིང་ཆེན་མི་དམངས་སྲིད་གཞུང་།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
ལས་ཐོག་འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ཧུའུ་ཁྲའོ་རོང་།
སློབ་གྲྭའི་ཁྱད་ཆོས།
ཞིང་ཆེན་དང་པུའུ་ཡི་མཉམ་བསྐྲུན་མཐོ་སློབ། དབུས་ནུབ་རྒྱུད་ཀྱི་མཐོ་སློབ་ཀྱི་རྨང་གཞིའི་ནུས་པ་འཛུགས་སྐྱོང་ལས་གྲྭ། ཞིང་ཆེན་ཁོངས་གཏོགས་ཀྱི་གཙོ་གནད་སློབ་ཆེན། ཨན་ཧུའེ་ཞིང་ཆེན་མཐོ་རིམ་སློབ་གསོ་དར་རྒྱས་གཏོང་བའི་འཆར་གཞི། ཕུལ་བྱུང་དགེ་རྒན་གསོ་སྐྱོང་འཆར་གཞི།
གནས་ཡུལ།
ཀྲེ་ཧྲན་སློབ་ཁུལ་ནི་ཨན་ཧུའེ་ཞིང་ཆེན་ཝུའུ་ཧུའུ་གྲོང་ཁྱེར་ཅིང་ཧུའུ་ཆུས་པེ་ཅིང་ལམ་ཤར་ལམ་གྱི་ཨང་རྟགས1པོར་གནས་ཡོད། ཧྭ་ཅིན་སློབ་ཁུལ་ནི་ཨན་ཧུའེ་ཞིང་ཆེན་ཝུའུ་ཧུའུ་གྲོང་ཁྱེར་དབྱི་ཅང་ཆུས་ཅིའུ་ཧྭ་ལྷོ་ལམ་གྱི་ཨང་རྟགས189པར་གནས་ཡོད།
དངོས་གཞིའི་ཆེད་ལས།
88ཡོད།
འབུམ་རམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་ཚན8ཡོད།
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་ཚན30དང་རིམ་པ་གཉིས་པའི་རིག་ཚན157 རིག་གཞུང་བསླབ་གནས་ཀྱི་དབང་ཡོད་རིམ་པ་དང་པོའི་རིག་ཚན་བཅས་ཡོད།
འབུམ་རམས་ཕྱི་ཚར།
ཚན་རིག་ཞིབ་འཇུག་གི་འཁོར་སྐྱོད་ས་ཚིགས6ཡོད།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
སློབ་གླིང20ཡོད།
མི་སྣ་གྲགས་ཅན།
ལིའུ་ཆི་པའོ། ཝང་ཧྲེང་ཅུན། ཝང་རུའུ་སུན་སོགས།
སློབ་བཙུགས་ཉིན་མོ།
ཟླ4པའི་ཚེས10ཉིན།
སློབ་གྲྭའི་ཚབ་ཨང་།
10370
གཞུང་ཕྱོགས་དྲ་གནས།
http://www.ahnu.edu.cn
ཞིང་ཆེན་གྱི་ཡོན་ཧྲིའི་ལས་དོན་ས་ཚིགས།
1ཡོད།
​ཞིང་ཆེན་རིམ་པའི་གཙོ་གནད་རིག་ཚན།
18ཡོད།
1 ངོ་སྤྲོད་མདོར་བསྡུས།

ཨན་ཧུའེ་དགེ་ཐོན་སློབ་ཆེན་ནིཨན་ཧུའེ་ཞིང་ཆེན་ཝུའུ་ཧུའུ་གྲོང་ཁྱེར་དུ་གནས་ཡོད་པ་དང་། སྤྱི་ལོ1928ལོར་བཙུགས། ཨན་ཧུའེ་སློབ་ཆེན་གྱིས་མིན་གོའི་དུས་སྐབས་ཀྱི་རྒྱལ་བཙུགས་སློབ་ཆེན་དང་གཅིག་རྒྱུན་གཅིག་འཛིན་བྱས་ཡོད་པ་དང་། དེ་ནི་ཨན་ཧུའེ་ཞིང་ཆེན་མཐོ་རིམ་སློབ་གསོའི་ལོ་རྒྱུས་ཐོག་ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་དང་པོ་ཡིན། སློབ་གྲྭ་ནི་ཨན་ཧུའེ་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོ་པུའི་མཉམ་བསྐྲུན་མཐོ་སློབ་དང་རྒྱལ་ཁབ་ཀྱི“དབུས་ནུབ་རྒྱུད་མཐོ་སློབ་ཀྱི་རྨང་གཞིའི་ནུས་པ་འཛུགས་སྐྱོང་ལས་གཞིའི”རྣམ་གྲངས་ཀྱི་མཐོ་སློབ་ཡིན། ཨན་ཧུའེ་ཞིང་ཆེན་གྱི་མཐོ་རིམ་སློབ་གསོ་དར་སྤེལ་འཆར་གཞིའི་ཁག་དང་པོའི“ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཆུ་ཚད་མཐོ་བའི་སློབ་ཆེན་འཛུགས་སྐྲུན་རྣམ་གྲངས”དང“ཆུ་ཚད་མཐོ་བའི་སློབ་ཆེན་གྱི་བྱ་དགའི་ཁ་གསབ་མ་དངུལ་རྣམ་གྲངས”ཀྱི་རྒྱབ་སྐྱོར་མཐོ་སློབ་བཞིའི་གྲས་ཡིན། ཨན་ཧུའེ་ཞིང་ཆེན་གྱི་རྩེར་སོན་རིག་ཚན་འཛུགས་སྐྲུན་འཆར་གཞིའི་གཙོ་གནད་དུ་བཟུང་ནས་སློབ་གྲྭར་རྒྱབ་སྐྱོར་བྱས། སློབ་གསོ་པུའི་སློབ་གྲྭ་འབྲིང་ཆུང་གི་རྐང་འཛིན་དགེ་རྒན་གྱི་རྒྱལ་ཁབ་རིམ་པའི་གསོ་སྦྱོང་རྟེན་གཞི། ཁག་དང་པོའི་དམངས་སྲིད་པུའི་སྤྱི་ཚོགས་ལས་དོན་གྱི་ཆེད་ལས་འཇོན་མི་གསོ་སྦྱོང་རྟེན་གཞི། རྒྱལ་ཁབ་ཀྱི་རྒྱ་ཡིག་སློབ་གསོའི་རྟེན་གཞི། ཨན་ཧུའེ་ཞིང་ཆེན་རྒྱ་ཡིག་རྒྱལ་སྤྱིའི་ཁྱབ་གདལ་ལྟེ་གནས། རྒྱལ་ཡོངས་ཀྱི་ཁག་དང་པོའི་རབ་འབྱམས་པའི་བསླབ་གནས་སྤྲོད་པའི་ཚན་པ། ཕྱི་རྒྱལ་དུ་སློབ་སྦྱོང་ལ་ཡོང་བའི་སློབ་མའི་ཐོབ་ཐང་ཡོད་པའི་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་དང་པོ། ཨན་ཧུའེ་ཞིང་ཆེན་གྱིས་འཛུགས་སྐྲུན་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་ཞིང་ཆེན་ཁོངས་གཏོགས་ཀྱི་གཙོ་གནད་སློབ་ཆེན་བཅས་ཡིན། སྤྱི་ལོ2019ལོའི་ཟླ10པའི་བར། སློབ་གྲྭའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི198.43ཡོད་པ་དང་། ཨར་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་95.07ཡོད་པ་དང་ཤོག་རིགས་དཔེ་དེབ་ཁྲི297.43ཉར་ཚགས་བྱས་ཡོད། འབུམ་རམས་ཕྱི་ཚར་གྱི་ཚན་རིག་ཞིབ་འཇུག་འཁོར་སྐྱོད་ས་ཚིགས6དང་རིམ་པ་དང་པོའི་རིག་ཚན་གྱི་འབུམ་རམས་པའི་ཐོབ་ཐང་སྤྲོད་གནས8ཡོད། རིམ་པ་གཉིས་པའི་རིག་ཚན་གྱི་འབུམ་རམས་པའི་ཐོབ་ཐང་སྤྲོད་གནས1དང་། རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས30 ཆེད་ལས་བསླབ་གནས་ཀྱི་རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས14 དངོས་གཞིའི་སྡེ་ཁག་གི་ཆེད་ལས88བཅས་ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1928ལོར་ཨན་ཆིན་གྲོང་ཁྱེར་གྱིས་ཞིང་ཆེན་རིམ་པའི་ཨན་ཧུའེ་སློབ་ཆེན་བཙུགས། སྤྱི་ལོ1946ལོར་རྒྱལ་བཙུགས་ཨན་ཧུའེ་སློབ་ཆེན་ཞེས་པར་མིང་བསྒྱུར། སྤྱི་ལོ1949ལོར་སྒྲིག་གཞི་བཙུགས་ནས་ཝུའུ་ཧུའུ་རུ་སྤོས། དེའི་རྗེས་སུ་ཨན་ཧུའེ་དགེ་འོས་སློབ་གླིང་དང་། ཧུ་ཧྥེ་དགེ་འོས་སློབ་གླིང་། ཝན་ནན་སློབ་ཆེན། ཨན་ཧུའེ་བཟོ་ཞིང་སློབ་ཆེན་སོགས་སློབ་གཉེར་དུས་རིམ་འགའ་བརྒྱུད་མྱོང་། སྤྱི་ལོ1972ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་ཐོབ་པ་བརྒྱུད་ཨན་ཧུའེ་དགེ་འོས་སློབ་ཆེན་ཞེས་མིང་བཏགས། སྤྱི་ལོ2005ལོར་ཝུའུ་ཧུའུ་དགེ་འོས་ཆེད་སྦྱོང་སློབ་གྲྭ་ཨན་ཧུའེ་དགེ་འོས་སློབ་ཆེན་དུ་ཟླ་སྒྲིལ་བཏང་། 

3 སློབ་སྒྲུབ་ཆ་རྐྱེན།
3_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2019ལོའི་ཟླ10པའི་བར་ཨན་ཧུའེ་དགེ་འོས་སློབ་ཆེན་དུ་སློབ་གླིང18ཡོད། གཞན་རྒྱུན་མཐུད་སློབ་གསོའི་སློབ་གླིང་དང་རྒྱལ་སྤྱིའི་སློབ་གསོའི་སློབ་གླིང་བཙུགས་ཡོད་པར་མ་ཟད། ཨན་ཧུའེ་དགེ་ཐོན་སློབ་ཆེན་ཝན་ཅང་སློབ་གླིང(སྒེར་ཚུགས་སློབ་གླིང)བཙུགས་ཡོད། དངོས་གཞིའི་སྡེ་ཁག་གི་ཆེད་ལས88བཙུགས་ཡོད།

3_2 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2014ལོའི་ཟླ6པའི་བར་ཨན་ཧུའེ་དགེ་འོས་སློབ་ཆེན་ལ་རྒྱལ་ཁབ་རིམ་པའི་ཁྱད་ལྡན་ཆེད་ལས9ཡོད་པ་དང་། རྒྱལ་ཁབ་རིམ་པའི་སྤུས་ལེགས་སློབ་ཚན2དང་། རྒྱལ་ཁབ་རིམ་པའི་སྤུས་ལེགས་ཐོན་ཁུངས་མཉམ་སྤྱོད་སློབ་ཚན2 རྒྱལ་ཁབ་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས1བཅས་ཡོད།

4 ཚན་ཞིབ་གྲུབ་འབྲས།

སྤྱི་ལོ2012ལོའི་བར་ཨན་ཧུའེ་དགེ་འོས་སློབ་ཆེན་གྱི་ཞིབ་འཇུག་དཔྱད་གཞི41ལ་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་རོགས་དངུལ་ཐོབ། གྲོན་དངུལ་སྒོར་ཁྲི2397བཏང་ཡོད། རྣམ་གྲངས་འཛུགས་གྲངས་དང་ཆོག་མཆན་ཐོབ་པའི་འགྲོ་གྲོན་ཚང་མ་དུས་མཚུངས་ཀྱི་ལོ་རྒྱུས་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད་པ་དང་། སྤྱི་ལོ2012ལོར་སྤྱི་ལོ2011ལོའི་དུས་མཚུངས་སུ2.5%དང16.4%འཕར་ཡོད། འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མུ་མཐུད་རྒྱུན་འཁྱོངས་བྱས་ཡོད།

5 གཟི་བརྗིད་མཚན་སྙན།   

མཐོ་རིམ་སློབ་གྲྭའི་ཚན་རིག་ཞིབ་འཇུག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའ། སྤྱི་ལོ2019ལོར་རྒྱལ་ཡོངས་ཀྱི་གསར་གཏོད་ལས་གཏོད་ཀྱི་དཔེ་མཚོན་ཉམས་མྱོང་མཐོ་སློབ་ཏུ་བདམས། སྤྱི་ལོ2013ལོར་རྒྱལ་ཡོངས་ཀྱི་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་དཔེ་མཚོན་ཉམས་མྱོང་མཐོ་སློབ། མཐོ་རིམ་སློབ་གསོའི་རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲུབ་འབྲས་བྱ་དགའ། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་གྱི་བྱ་དགའ་རིམ་པ་གཉིས་པ། རྒྱལ་ཡོངས་སློབ་གསོའི་ཚན་རིག་ཞིབ་འཇུག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའ། ཨན་ཧུའེ་ཞིང་ཆེན་གྱི་ཚན་རིག་ལག་རྩལ་གྱི་བྱ་དགའ། ཨན་ཝའེ་ཞིང་ཆེན་སྤྱི་ཚོགས་ཚན་རིག་བྱ་དགའ། རིག་གནས་དང་ཡུལ་སྐོར་པུའི་ཕུལ་བྱུང་ཞིབ་འཇུག་གྲུབ་འབྲས་བྱ་དགའ། ཨན་ཧུའེ་ཞིང་ཆེན་མཐོ་སློབ་དཀྱུས་མའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའ་བཅས་ཐོབ་ཡོད།


དཔྱད་གཞིའི་ཡིག་ཆ།