འབུམ་དཔོན།སྔ་མའི་པར་གཞི་དེ བསེ་ཆང་རྡོ་རིན།  ནས 2020-09-24 16:25ལ་འགྲུབ།

འབུམ་དཔོན།

འབུམ་དཔོན།
འབུམ་དཔོན་ནི་དམག་དཔུང་ཁྲོད་དམག་དཔུང་ཞིག་གི་ཆེས་མཐོའི་དམག་དོན་བཀོད་འདོམས་ཀྱི་གཙོ་འཛིན་ཡིན་ལ།འབུམ་དཔོན་གྱི་གོང་རིམ་ནི་དམག་སྤྱི་དང་འོག་རིམ་ནི་ཁྲི་དཔོན་ནམ་ཡང་ན་སྟོང་དཔོན་ཡིན།ཆབ་སྲིད་ཨུ་ཡོན་གསར་འཛུགས་བྱས་ཡོད་པའི་དམག་དཔུང་ཁྲོད།འབུམ་དཔོན་དང་འབུམ་ཤོག་གི་ཆབ་སྲིད་ཨུ་ཡོན་གཉིས་ནི་འབུམ་ཤོག་གི་མི་སྣ་ཡོངས་ཀྱི་གཙོ་འཛིན་ཡིན་ཞིང་།མཉམ་གྱིས་འབུམ་ཤོག་ཡོངས་ཀྱི་བྱ་བ་ལ་འགན་ཁུར་བ་ཡིན་ལ།འབུམ་དཔོན་ནི་འབུམ་ཤོག་ཡོངས་ཀྱི་དམག་དོན་བྱ་བ་ལ་འགན་གཙོ་བོ་འཁུར་མཁན་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
军长
ཕྱི་ཡིག་གི་མིང་།
army corps commander
ངོ་བོ།
ཆེས་མཐོའི་དམག་དོན་བཀོད་འདོམས་ཀྱི་གཙོ་འཛིན།
དམག་མིའི་གོ་རྟགས།
ཧྲའོ་ཅང་ངམ་ཡང་ན་ཀྲུང་ཅང་།
གོང་རིམ།
དམག་སྤྱི།
འོག་རིམ།
ཁྲི་དཔོན་ནམ་སྟོང་དཔོན།
མཚོན་བྱེད་མི་སྣ།
ཡེ་ཐིང་དང་ཁྲེན་མིང་རེན། ཆིན་ཅི་ཝེ་སོགས།
1 གཞུང་དངོས།

འབུམ་དཔོན་ནི་དམག་དཔུང་ཁྲོད་དམག་དཔུང་ཞིག་གི་ཆེས་མཐོའི་དམག་དོན་བཀོད་འདོམས་ཀྱི་གཙོ་འཛིན་ཡིན་ལ།  འབུམ་དཔོན་གྱི་གོང་རིམ་ནི་དམག་སྤྱི་དང་འོག་རིམ་ནི་ཁྲི་དཔོན་ནམ་ཡང་ན་སྟོང་དཔོན་ཡིན།   ཆབ་སྲིད་ཨུ་ཡོན་གསར་འཛུགས་བྱས་ཡོད་པའི་དམག་དཔུང་ཁྲོད།   འབུམ་དཔོན་དང་འབུམ་ཤོག་གི་ཆབ་སྲིད་ཨུ་ཡོན་གཉིས་ནི་འབུམ་ཤོག་གི་མི་སྣ་ཡོངས་ཀྱི་གཙོ་འཛིན་ཡིན་ཞིང་།   མཉམ་གྱིས་འབུམ་ཤོག་ཡོངས་ཀྱི་བྱ་བ་ལ་འགན་ཁུར་བ་ཡིན་ལ།   འབུམ་དཔོན་ནི་འབུམ་ཤོག་ཡོངས་ཀྱི་དམག་དོན་བྱ་བ་ལ་འགན་གཙོ་བོ་འཁུར་མཁན་ཡིན།

འབུམ་དཔོན་གྱི་གཞི་རྩའི་དམག་མིའི་གོ་རྟགས་ནི་ཧྲའོ་ཅང་ཡིན་ཞིང་།   རོགས་འདེགས་ཀྱི་དམག་མིའི་གོ་རྟགས་ནི་ཀྲུང་ཅང་ཡིན།   ལོ་རྒྱུས་ཐོག་རང་རྒྱལ་གྱི་པེ་དབྱང་དམག་ཤེད་ཅན་དང་གོ་མིན་ཏང་གི་དམག་དཔུང་ཁྲོད་སྔོན་ཆད་ཀྲུང་ཅང་འབུམ་དཔོན་བྱུང་མྱོང་ལ།   འཇར་འགོག་དམག་འཁྲུག་གི་དུས་སྐབས་སུ་དམག་དཔུང་ཞིན་སི་ཅུན་གྱི་འབུམ་དཔོན་ཡེ་ཐིང་ཡང་ཀྲུང་ཅང་གི་དམག་མིའི་གོ་རྟགས་ཡིན་པ་དང་།   སྤྱི་ལོ1955 ལོའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་ཐེངས་དང་པོར་ལག་བསྟར་བྱས་པའི་དམག་མིའི་གོ་རྟགས་ཀྱི་ལམ་ལུགས་སྤེལ་དུས།   ཁྲེན་མིང་རེན་དང་ཆིན་ཅི་ཝེ་སོགས་ལ་ཧྲང་ཅང་འབུམ་དཔོན་གྱི་དམག་མིའི་གོ་རྟགས་བྱུང་མྱོང་བ་ཡིན་མོད།   འོན་ཀྱང་དེང་སྐབས་ཀྱི་རང་རྒྱལ་གྱི་དམག་དཔུང་ཁྲོད་ཀྲུང་ཅང་འབུམ་དཔོན་མེད་པ་ཡིན།

དམག་དཔུང་ཁྲོད་དམག་དཔུང་ཞིག་གི་སྒྲིག་གཞིའི་མི་གྲངས་ནི་སྤྱིར་བཏང་དུ་དམག་མི་ཁྲི་གཅིག་དང་སྟོང་ལྔ་ནས་ཁྲི་གཉིས་ཡས་མས་ཡོད་ཅིང་།   འཇར་འགོག་དུས་སྐབས་སུ་དམག་དཔུང་ཞིག་གི་མི་གྲངས་ནི་རྒྱུན་པར་དམག་མི་ཁྲི་གཉིས་དང་སྟོང་ལྔ་ནས་ཁྲི་གསུམ་ཡས་མས་ཡོད་པ་ཡིན།  ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་ཁུལ་སོ་སོའི་སྐམ་དམག་ཤོག་སྒྲིག་དཔུང་ཚོགས་ཀྱི་སྒྲིག་གཞིའི་འོག་རྒྱུན་པར་རྐང་དམག་ཁྲི་ཤོག་གསུམ་ནས་བཞི་བར་བཀོད་སྒྲིག་བྱས་ཡོད་ཅིང་།   གཞན་དམག་ཆས་དྲག་པོ་སྤྲས་པའི་སྐམ་དམག་ཤོག་སྒྲིག་དཔུང་ཚོགས་ཀྱང་ཁ་ཤས་ཡོད་པ་ཡིན།