ཧར་པིན་དགེ་འོས་སློབ་ཆེན།སྔ་མའི་པར་གཞི་དེ གདོང་བསོད་ནམས  ནས 2020-09-24 16:20ལ་འགྲུབ།

ཧར་པིན་དགེ་འོས་སློབ་ཆེན།

ཧར་པིན་དགེ་འོས་སློབ་ཆེན།
ཧར་པིན་དགེ་འོས་སློབ་ཆེན་ནི(HarbinNormalUniversity)ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ཧར་པིན་དུ་གནས་པ་དང་། དགེ་རྒན་གྱི་སློབ་གསོ་གཙིགས་སུ་བཟུང་པའི་མཐོ་སློབ་ཅིག་ཡིན་པར་མ་ཟད། རིག་ཚན་དང་རྩིས་ཚན། སྒྱུ་རྩལ་དང་དཔལ་འབྱོར། དོ་དམ་སོགས་རིག་ཚན་མང་པོ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་ཞིང་ཆེན་ཁོངས་གཏོགས་ཀྱི་གཙོ་གནད་སློབ་ཆེན་ཞིག་ཀྱང་ཡིན། སྤྱི་ལོ2018ལོའི་ཟླ5པའི་བར་དུ། སློབ་གྲྭར་འབྲི་ཆུའི་ལྷོ་རྒྱུད་དང་འབྲི་ཆུའི་བྱང་རྒྱུད་ཀྱི་སློབ་ཁུལ་གཉིས་ཡོད་ཅིང་། ས་ཁྱོན་སྨི་གྲུ་བཞི་མ་ཁྲི346ཡོད་ལ། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་བཞི་མ་གྲུ་ཁྲི160ལྷག་ཙམ་ཟིན་པ་དང་གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར30ཙམ་ཡོད། སློབ་ཁྲིད་ཚན་ཞིབ་དཔྱད་ཆས་དང་སྒྲིག་ཆས་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར4ལྷག་ཙམ་ཡོད་པ་དང་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཚད་ལྡན་ཡིག་ཆའི་བསྡོམས་འབོར་ཁྲི890ཡོད། སློབ་གླིང(པུའུ)25དང་དངོས་གཞིའི་ཚན་ཁག་གི་ཆེད་ལས83ཡོད། འབུམ་རམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་རིམ་པ་དང་པོའི་རིག་ཚན9རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་རིམ་པ་དང་པོའི་རིག་ཚན22 ཆེད་ལས་རབ་འབྱམས་པའི་ཡོན་གནས་སྤྲོད་དབང8 འབུམ་རམས་པའི་ཚན་རིག་ཞིབ་འཇུག་འཁོར་སྐྱོད་ས་ཚིགས6 ཆེད་བསྐོས་དགེ་རྒན1700ལྷག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
哈尔滨师范大学
ཕྱི་ཡིག་གི་མིང་།
HarbinNormalUniversity
བཙུགས་ལོ།
སྤྱི་ལོ1951ལོ།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
རིགས་དབྱེ།
དགེ་འོས་རིགས།
གཙོ་གཉེར་སྡེ་ཁག
ཧེ་ལུང་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་།
སློབ་གྲྭའི་ཁྱད་ཆོས།
ཞིང་ཆེན་ཁོངས་གཏོགས་ཀྱི་གཙོ་གནད་སློབ་ཆེན།    ཕུལ་བྱུང་དགེ་རྒན་གསོ་སྐྱོང་འཆར་གཞི།    དབུས་ནུབ་རྒྱུད་ཀྱི་མཐོ་སློབ་ཀྱི་རྨང་གཞིའི་ནུས་པའི་འཛུགས་སྐྲུན་ལས་གཞི།
དངོས་གཞིའི་ཆེད་ལས།
83ཡོད།
ས་གནས།
ཧར་པིན་གྲོང་ཁྱེར་དམངས་ཕན་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཧྲི་ཏ་ལམ།
སློབ་གླིང་ཚབ་ཨང་།
10231
སློབ་གླིང་དང་སྡེ་ཁག་སྒྲིག་བཀོད།
ལོ་རྒྱུས་རིག་གནས་སློབ་གླིང་། ཁྲིམས་ལུགས་རིག་པའི་སློབ་གླིང་། མར་ཁེ་སིའི་རིང་ལུགས་སློབ་གླིང་། སློབ་གསོ་ཚན་རིག་སློབ་གླིང་། དཔལ་འབྱོར་སློབ་གླིང་། དོ་དམ་སློབ་གླིང་སོགས་ཡོད།
1 ​སློབ་གླིང་དང་སྡེ་ཁག་སྒྲིག་བཀོད།

སྤྱི་ལོ2016ལོའི་ཟླ5པར་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། ཧར་པིན་དགེ་འོས་སློབ་ཆེན་དུ་ཞིབ་འཇུག་སློབ་མའི་སློབ་གླིང་དང་། རྩོམ་རིག་སློབ་གླིང་། ལོ་རྒྱུས་རིག་གནས་སློབ་གླིང་། ཁྲིམས་ལུགས་སློབ་གླིང་། ཆབ་སྲིད་དང་སྲིད་འཛིན་སློབ་གླིང་། སློབ་གསོ་ཚན་རིག་སློབ་གླིང་། དཔལ་འབྱོར་སློབ་གླིང་། དོ་དམ་སློབ་གླིང་། མར་ཁེ་སི་རིང་ལུགས་སློབ་གླིང་། ནུབ་སྐད་སློབ་གླིང་། ཤར་སྐད་སློབ་གླིང་། སི་ལ་ཧྥུ་སྐད་ཡིག་སློབ་གླིང་། སྤྱི་པའི་དབྱིན་ཡིག་སློབ་དཔྱོད་ཁང་། རྒྱལ་སྤྱིའི་སློབ་གསོ་སློབ་གླིང་། རྩིས་འཁོར་ཚན་རིག་དང་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་། དངོས་ཁམས་དང་གློག་རྡུལ་བཟོ་སྐྲུན་སློབ་གླིང་། རྫས་འགྱུར་ཚན་རིག་སློབ་གླིང་། ཚེ་སྲོག་ཚན་རིག་དང་ལག་རྩལ་སློབ་གླིང་། ས་ཁམས་ཚན་རིག་སློབ་གླིང་། རོལ་མོ་སློབ་གླིང་། སྨྱན་སྦྱོར་སློབ་གླིང་། ལུས་རྩལ་ཚན་རིག་སློབ་གླིང་། དགེ་རྒན་སློབ་གསོ་སློབ་གླིང་། མུ་མཐུད་སློབ་གསོ་སློབ་གླིང་སོགས་སློབ་གླིང26གི་ཚན་ཁག་དང་ཚན་ཁག་དཀྱུས་མ་ཁག26 ཚན་ཁག་དང་ཆེད་ལས་ཁག80བཙུགས་ཡོད།

2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2016ལོའི་ཟླ4པའི་བར་དུ་ཧར་པིན་དགེ་འོས་སློབ་ཆེན་དུ་དགེ་རྒན་དང་ལས་བཟོ་པ3500ཡོད། དེའི་ནང་དུ་ཆེད་བསྐོས་དགེ་རྒན1681དང་དགེ་རྒན་ཆེན་མོ་དང་དགེ་རྒན་ཆེན་མོ་གཞོན་པ924ཡོད། འབུམ་རམས་པ་དང་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སློབ་དཔོན841ཡོད། རྒྱལ་ཁབ་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན1ཡོད་པ་དང་། རྒྱལ་ཁབ་རིམ་པའི་བྱས་རྗེས་འབུར་ཐོན་གྱི་རིགས་གཅིག་མཁས་ཅན3ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་སྤྱོད་མཁན་ཁྱོན་བསྡོམས68ཡོད། རྒྱལ་ཁབ་ཀྱི“ཤེས་ལྡན་མི་སྣ་ས་ཡ་མང་པོའི་ལས་གཞི”ཡི་རིགས་གཅིག་མཁས་པ3ཡོད། “ལུང་ཅང་མཁས་པ”དམིགས་བསལ་གདན་ཞུས་དགེ་རྒན་ཆེན་མོ13ཡོད། རྒྱལ་ཁབ་རིམ་པའི་ཕུལ་བྱུང་དགེ་རྒན17དང་ཧེ་ལུང་ཅང་ཞིང་ཆེན་གྱི་ཕུལ་བྱུང་དགེ་རྒན69བཅས་ཡོད། ཧེ་ལུང་ཅང་ཞིང་ཆེན་གྱི་སློབ་ཁྲིད་དགེ་རྒན་གྲགས་ཅན16ཡོད། ཞིང་ཆེན་རིམ་པའི་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་རིགས་གཅིག་མཁས་ཅན་དང་ཞིང་ཆེན་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལེན་མཁན་ཁྱོན་མི52ཡོད། རྒྱལ་ཁབ་རིམ་པའི་སློབ་ཁྲིད་ཚོགས་པ1བཅས་ཡོད།

3 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2015ལོའི་ཟླ5པའི་བར་དུ་ཧར་པིན་དགེ་འོས་སློབ་ཆེན་ལ“ལོ་ལྔ་ཚན་བཅུ་གཉིས་པའི”ཧེ་ལུང་ཅང་ཞིང་ཆེན་རིམ་པའི་གཙོ་གནད་ཆེད་ལས18དང་། རྒྱལ་ཁབ་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས1 རྒྱལ་ཁབ་རིམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་ཚོད་ལྟ་ཁུལ1 ཞིང་ཆེན་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས6 རྒྱལ་ཁབ་རིམ་པའི་ཁྱད་ལྡན་ཆེད་ལས10 ཞིང་ཆེན་རིམ་པའི་སྤུས་ལེགས་སློབ་ཚན32བཅས་ཡོད། སྤྱི་ལོ1989ལོ་ནས་སྤྱི་ལོ2013ལོའི་བར་དུ་ཧར་པིན་དགེ་འོས་སློབ་ཆེན་ལ་ཞིང་ཆེན་རིམ་པའི་ཕུལ་བྱུང་སློབ་ཁྲིད་གྲུབ་འབྲས་བྱ་དགའ་ཁྱོན149ཐོབ།

4 རིག་ཚན་འཛུགས་སྐྲུན།

སྤྱི་ལོ2016ལོའི་ཟླ4པའི་བར་དུ། ཧར་པིན་དགེ་འོས་སློབ་ཆེན་ལ“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”ཞིང་ཆེན་རིམ་པའི་གཙོ་གནད་རིག་ཚན11དང་། འབུམ་རམས་པའི་ཚན་རིག་ཞིབ་འཇུག་འཁོར་སྐྱོད་ས་ཚིགས6 རིམ་པ་དང་པོའི་རིག་ཚན་གྱི་འབུམ་རམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་ཆེད་ལས5 རིམ་པ་གཉིས་པའི་རིག་ཚན་གྱི་འབུམ་རམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་ཆེད་ལས42བཅས་ཡོད། རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་ཆེད་ལས22དང་རིམ་པ་གཉིས་པའི་རིག་ཚན་གྱི་རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་ཆེད་ལས132 ཆེད་ལས་ཀྱི་རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་ཆེད་ལས7བཅས་ཡོད།

5 གཟི་བརྗིད་མཚན་སྙན།

སྤྱི་ལོ2017ལོའི་ཟླ11པར། སློབ་གྲྭ་སྐབས་དང་པོའི་རྒྱལ་ཡོངས་ཀྱི་དཔལ་ཡོན་སློབ་རར་བདམས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལས་རིགས། ཆེད་ལས། དགེ་རྒན།