ཏ་ལེན་མཚོ་དོན་སློབ་ཆེན།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-09-28 14:24ལ་འགྲུབ།

ཏ་ལེན་མཚོ་དོན་སློབ་ཆེན།

ཏ་ལེན་མཚོ་དོན་སློབ་ཆེན།
ཏ་ལེན་མཚོ་དོན་སློབ་ཆེན་ནི་སྤྱི་ལོ1909ལོར་བཙུགས་པའི་སྦྲག་སྐྱེལ་པུའུ་ཧྲང་ཧའེ་མཐོ་རིམ་ཁེ་ལས་སློབ་གྲྭའི་གྲུ་སྲིད་ཁོའོ་ནས་བཙུགས་པ་རེད། ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་ཀྲུང་གོ་གསར་པ་བཙུགས་ནས་ལོ་ངོ40ལྷག་ཙམ་རིང་ཀྲུང་གོར་ཡོད་པའི་མཚོ་ཐོག་སྐྱེལ་འདྲེན་གྱི་མཐོ་རིམ་སློབ་གླིང་གསུམ་ཟླ་སྒྲིལ་བཏང་ནས་གྲུབ་པ་ཞིག་རེད། སྤྱི་ལོ1953ལོར་ཏུང་པའེ་མཚོ་འགྲུལ་སློབ་གླིང་དང་། ཧྲང་ཧའེ་མཚོ་འགྲུལ་ལས་དོན་སློབ་གླིང་། ཧྥུའུ་ཅན་མཚོ་འགྲུལ་ཆེད་ཚན་སློབ་གྲྭ་བཅས་ཟླ་སྒྲིལ་བཏང་ནས་ཏ་ལེན་མཚོ་ཐོག་སྐྱེལ་འདྲེན་སློབ་གླིང་བཙུགས། སྤྱི་ལོ1994ལོར་ཏ་ལེན་མཚོ་ཐོག་སྐྱེལ་འདྲེན་སློབ་གླིང་གི་མིང་ཏ་ལན་མཚོ་དོན་སློབ་ཆེན་ཞེས་པར་བསྒྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
大连海事大学
ཕྱི་ཡིག་གི་མིང་།
Dalian Maritime University
བསྡུས་མིང་།
DMU
བཙུགས་ལོ།
སྤྱི་ལོ1909ལོར།
སློབ་གཉེར་ངོ་བོ།
གཞུང་གཉེར་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ།
གཙོ་གཉེར་ཚན་པ།
འགྲིམ་འགྲུལ་སྐྱེལ་འདྲེན་པུའུ།
འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ཀྲེང་ཧྲའོ་ནན། སློབ་གཙོ་སུན་ཡུས་ཆིང་།
དངོས་གཞིའི་ཆེད་ལས།
52ཡོད།
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིག་གཞུང་བསླབ་གནས་ཀྱི་དབང་ཆ་གནང་བའི་རིམ་པ་དང་པོའི་རིག་ཚན20དང་།    ཆེད་ལས་བསླབ་གནས་དབང་ཆ་གནང་བའི་རིགས8ཡོད།
འབུམ་རམས་པའི་ཐོབ་ཐང་སྤྲོད་གནས།
རིག་གཞུང་བསླབ་གནས་ཀྱི་དབང་ཆ་གནང་བའི་རིམ་པ་དང་པོའི་རིག་ཚན7ཡོད།
འབུམ་རམས་ཕྱི་ཚར།
ཚན་རིག་ཞིབ་འཇུག་གི་འཁོར་སྐྱོད་ས་ཚིགས7ཡོད།
 རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན།
རིམ་པ་གཉིས་པའི་རིག་ཚན2ཡོད།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
མཚོ་འགྲུལ་སློབ་གླིང་དང་། འཁོར་གྲུའི་སློབ་གླིང་། འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་སློབ་གླིང་། སྒྲིག་ཆས་དང་རྒྱ་མཚོའི་བཟོ་སྐྲུན་སློབ་གླིང་སོགས།
གནས་ཡུལ།
ལེའོ་ཉིང་ཞིང་ཆེན་ཏ་ལེན་གྲོང་ཁྱེར་ལིན་ཧའེ་ལམ་ཨང་དང་པོ།
སློབ་གླིང་ཚབ་ཨང་།
10151
གཞུང་ཕྱོགས་དྲ་གནས།
http://www.dlmu.edu.cn
1 རིག་གཞུང་ཞིབ་འཇུག
1_1 ཚན་རིག་ཞིབ་འཇུག་ལས་ཁུངས།   

སྤྱི་ལོ2019ལོའི་ཟླ10པའི་བར་སློབ་གྲྭར་རྒྱལ་ཁབ་ལས་གྲྭའི་ཞིབ་འཇུག་ལྟེ་གནས2ཡོད། རྒྱལ་ཁབ་རིམ་པའི་ཚན་རྩལ་མཉམ་ལས་རྟེན་གཞི2དང་། ཞིང་ཆེན་རིམ་པའི་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས10 ཞིང་ཆེན་དང་པུའུ་རིམ་པའི་གཙོ་གནད་ཚོད་ལྟ་ཁང21དང་། ཞིང་ཆེན་རིམ་པའི་མི་ཆོས་དང་སྤྱི་ཚོགས་ཚན་རིག་གི་གཙོ་གནད་ཞིབ་འཇུག་རྟེན་གཞི5བཅས་ཡོད།

1_2 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།     

སྤྱི་ལོ2012ལོར་ཏ་ལེན་མཚོ་དོན་སློབ་ཆེན་གྱི་ཚན་རྩལ་ཞིབ་འཇུག་བྱ་གཞི1261ཡོད། མ་དངུལ་བཏང་བའི་མི་གྲངས1106.3ལ་མ་དངུལ་སྒོར་དུང་ཕྱུར3.83434བཏང་ཡོད། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་བྱ་གཞི་ཁག403ཡོད་པར་མ་དངུལ་འཇོག་གྲངས82.1ཡོད་པ་དང་། མ་དངུལ་སྒོར་ཁྲི1028.75བཏང་ཡོད། རྒྱལ་ཁབ་སློབ་གྲྭའི་མཛའ་གྲོགས་ཚོགས་པའི་དྲ་བ་སྤྱི་ལོ2012ལོའི་ཀྲུང་གོའི་ངོགས་གཉིས་ཀྱི་ས་ཁུལ་བཞིའི་སློབ་ཆེན་གྱིESIདཔྱད་རྩོམ་གྱི་རིམ་ཐོ་ལས་མངོན་པར་གཞིགས་ན། ཏ་ལེན་མཚོ་དོན་སློབ་གྲྭ་ཆེན་མོར་ཐེངས3349འདྲེན་པ་རེད། དཔྱད་རྩོམ་གྱི་གྲངས994ཡིན་པ་དངESIདཔྱད་རྩོམ་ཚང་མ་ཐེངས་གྲངས3.37ནང་འདྲེན་བྱས་ཡོད།

2 རིག་གཞུང་ཐོན་ཁུངས།     

སྤྱི་ལོ2013ལོའི་བར། ཧའེ་ཏ་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཚད་ལྡན་ཡིག་ཆ་ཁྲི209.05ཡོད་པའི་ནང་རྒྱ་ཡིག་དཔེ་དེབ་ཁྲི172.44དང་། ཕྱི་ཡིག་དཔེ་དེབ་ཁྲི22.23དུས་དེབ་ཀྱི་དེབ་ཁྲི10.38བཅས་ཡོད་པ་དང་། རྒྱ་ཡིག་དཔེ་དེབ་ཁྲི4ལྷག་ཙམ་ཡོད་པ་དང་། ལོ་རེར་ཚགས་པར་དང་དུས་དེབ་རིགས1017(དེའི་ནང་རྒྱ་ཡིག་གི་ཚགས་པར་དང་དུས་དེབ་རིགས820དང་། ཕྱི་ཡིག་གི་ཚགས་པར་དང་དུས་དེབ་རིགས197)མངག་ཉོ་བྱེད་ཀྱིན་ཡོད།

3 སློབ་སྒྲུབ་ཆ་རྐྱེན།
3_1 དགེ་རྒན་གྱི་དཔུང་སྡེ།     

སྤྱི་ལོ2019ལོའི་ཟླ10པའི་བར་སློབ་གྲྭར་ཆེད་བསྐོས་དགེ་རྒན1442ཡོད་པ་རེད། དེའི་ནང་དགེ་རྒན་ཆེན་མོ326དང་ཆེད་བསྐོས་འབུམ་རམས་པའི་མཛུབ་སྟོན་དགེ་རྒན144ཡོད། རིམ་པ་གཉིས་པའི་དགེ་རྒན་ཆེན་མོ40གདན་ཞུ་བྱས་པ་དང་། རིམ་པ་གསུམ་པའི་དགེ་རྒན་ཆེན་མོ77ཡོད་པ་མ་ཟད། ཕུལ་དུ་བྱུང་བའི་ན་གཞོན་དགེ་རྒན་འབོར་ཆེན་ཞིག་ཐོན་ཡོད། མཚོ་ཐོག་གི་འགྲིམ་འགྲུལ་ལས་གྲྭ་དང་། མཚོ་འགྲུལ་ཆ་འཕྲིན་ལས་གྲྭ། གྲུ་གཟིངས་རིག་ནུས་ཅན་དུ་འགྱུར་བ། གྲུ་གཟིངས་ཀྱི་སྒུལ་ཤུགས་མ་ལག་དང་ནུས་ཁུངས་གྲོན་ཆུང་ལག་རྩལ། གྲུ་གཟིངས་དང་འཕྲུལ་འཁོར་བཟོ་སྐྲུན་ལས་གྲྭ། འཕྲིན་གཏོང་དང་བརྡ་འཕྲིན་མ་ལག རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོང་། མཚོ་དོན་ཁྲིམས་སྲོལ་མ་ལག་སོགས་ཀྱི་ཁྱབ་ཁོངས། ཆེད་ལས་ཀྱི་རིགས་པའི་གཞུང་ལུགས་གཏིང་ཟབ་ཅིང་ཚན་རིག་ཞིབ་འཇུག་བྱེད་ནུས་ཅུང་ཆེ་བའི་གྲགས་ཅན་ཆེད་མཁས་པ། དགེ་རྒན་ཆེན་མོ། རིག་གཞུང་གི་བསམ་བློ་འཁྲུག་ཆ་དོད་པ། གསར་གཏོད་ཀྱི་སྙིང་སྟོབས་ལྡན་པ་བཅས་ཀྱི་ན་གཞོན་རྐང་འཛིན་པ་ཁག་ཅིག་གཅིག་བསྡུས་བྱས་ཡོད། སློབ་གྲྭས་ད་དུང་ཡོན་ཧྲི16དང་། འཆད་ཁྲིད་དགེ་རྒན་ཆེན་མོ153གདན་ཞུའི་དགེ་རྒན་ཆེན་མོ468བཅས་མཉམ་སྤྱོད་བྱེད་པར་གདན་འདྲེན་ཞུས་ཡོད། རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་ཆེད་མཁས་པ་དང་མཁས་དབང་གདན་དྲངས་ནས་སློབ་གྲྭར་ངོ་བོའི་རང་བཞིན་གྱི་ལས་དོན་དང་སྤེལ་རེས་བྱེད་བཞིན་ཡོད། རྒྱལ་ཁབ་རིམ་པའི་སློབ་ཁྲིད་ཚོགས་པ1དང་ཞིང་ཆེན་རིམ་པའི་སློབ་ཁྲིད་ཚོགས་པ10ཡོད།

3_2 རྩ་འཛུགས་ལས་ཁུངས།     

སྤྱི་ལོ2019ལོའི་ཟླ10པའི་བར། ཏ་ལེན་མཚོ་དོན་སློབ་ཆེན་དུ་རིམ་པ་གཉིས་པའི་སློབ་གླིང་དང་སྡེ་ཁག21ཡོད་པ་དང་དངོས་གཞིའི་སྡེ་ཁག་གི་ཆེད་ལས52བཙུགས་ཡོད།

3_3 རིག་ཚན་འཛུགས་སྐྲུན།     

སྤྱི་ལོ2013ལོའི་བར། སློབ་གྲྭར་རིམ་པ་དང་པོའི་རིག་ཚན་གྱི་འབུམ་རམས་པ་གསོ་སྐྱོང་བྱེད་ཡུལ7དང་། རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པའི་གསོ་སྐྱོང་བྱེད་ཡུལ20འབུམ་རམས་ཕྱི་ཚར་འཁོར་སྐྱོད་ས་ཚིགས7 བཟོ་ཚོང་དོ་དམ་རབ་འབྱམས་པ(MBA)དང་། སྤྱི་པའི་དོ་དམ་རབ་འབྱམས་པ(MPA)། བཅའ་ཁྲིམས་རབ་འབྱམས་པ(J.M. )ལོ་ཙཱ་རབ་འབྱམས་པ་དང་བཟོ་སྐྲུན་དོ་དམ་རབ་འབྱམས་པ (ཁྱབ་ཁོངས14)ཡི་ཆེད་ལས་བསླབ་གནང་། སློབ་གྲྭར་རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན2དང་། ཞིང་ཆེན་དང་པུའུ་རིམ་པའི་གཙོ་གནད་རིག་ཚན14ཞིང་ཆེན་གྱིས་གཙོ་གནད་དུ་རིག་ཚན་གསོ་སྐྱོང་བྱས་ཡོད།

4 འགོ་ཁྲིད།

ཀྲེང་ཧྲའོ་ནན། ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།     

སུན་ཡུས་ཆིང་། སློབ་གཙོ་དང་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་གཅིག་ལྕོགས་སུ་བཞེས།    

ཞུས་མིན་ཆང་། ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།     

སུན་ཕེ་ཐིན། སློབ་གཙོ་གཞོན་པའི་འགན་བཞེས།     

ལིའུ་ཀྲེང་ཅང་། སློབ་གཙོ་གཞོན་པའི་འགན་བཞེས།     

ལི་ཞིན་པིའོ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས།     

ཀྲའོ་ཡིའུ་ཐའོ། སློབ་གཙོ་གཞོན་པའི་འགན་བཞེས།     

ཝང་ཞའོ་ཡུང་། སློབ་གཙོ་གཞོན་པའི་འགན་བཞེས།

5 གཟི་བརྗིད་མཚན་སྙན།

སྤྱི་ལོ2015ལོའི་ཟླ2པར་ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གིས་སྤྲད་པའི“སྐབས་བཞི་པའི་རྒྱལ་ཡོངས་ཀྱི་ཤེས་དཔལ་ཚན་པའི”གཟི་བརྗིད་མཚན་སྙན་ཐོབ་པ་རེད།     སྤྱི་ལོ2020ལོའི་ཟླ5པར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུས“རྒྱལ་ཡོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ”ལ་བདམས་པ་རེད།


དཔྱད་གཞིའི་ཡིག་ཆ།