ཧྲན་ཏུང་ཚན་རྩལ་སློབ་ཆེན།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-09-25 17:33ལ་འགྲུབ།

ཧྲན་ཏུང་ཚན་རྩལ་སློབ་ཆེན།

ཧྲན་ཏུང་ཚན་རྩལ་སློབ་ཆེན།
ཧྲན་ཏུང་ཚན་རྩལ་སློབ་ཆེན་ནི་ཧྲན་ཏུང་ཞིང་ཆེན་གྱིས་གཙོ་གནད་དུ་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཁྱད་ཆོས་ལྡན་པའི་སློབ་གྲྭ་གྲགས་ཅན་ཞིག་ཡིན་ལ། རྒྱལ་ཁབ་ཀྱི“ཕུལ་བྱུང་བཟོ་བཀོད་པར་སློབ་གསོ་བྱེད་པའི་འཆར་གཞི”དང་། “བཟོ་ལས་ཚན་རིག་གསར་པ་ཞིབ་འཇུག་དང་ལག་ལེན་རྣམ་གྲངས ” “སློབ་ཆེན་སློབ་མའི་གསར་གཏོད་ལས་སྐྲུན་གྱི་སྦྱོང་བརྡར་འཆར་གཞིའི་རྣམ་གྲངས”བཅས་ལག་བསྟར་བྱེད་པའི་མཐོ་རིམ་སློབ་གྲྭ་དང་། ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་དང་དེ་སྔའི་རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡིས་མཉམ་དུ་བཙུགས་པའི་མཐོ་སློབ་དང་། མཐོ་རིམ་སློབ་གྲྭའི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་ལག་རྩལ་སྤོ་སྒྱུར་རྟེན་གཞི་ཁག་དང་པོ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
山东科技大学
ཕྱི་ཡིག་གི་མིང་།
Shandong University of Science and Technology
བཙུགས་ལོ།
སྤྱི་ལོ1951ལོ།
ངོ་བོ།
གཞུང་བཙུགས་སློབ་ཆེན།
གཙོ་གཉེར་སྡེ་ཁག
ཧྲན་ཏུང་ཞིང་ཆེན།
ལས་ཐོག་འགོ་ཁྲིད།
སློབ་གཙོ། ཡའོ་ཆིང་ཀུའོ། ཏང་ཨུའི་ཧྲུའུ་ཅི། ལུའོ་ཀུང་ལི།
ཆེད་བསྐོས་ཡོན་ཧྲི།
4
དངོས་གཞིའི་ཆེད་ལས།
93
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རབ་འབྱམས་པའི་རིམ་པ་དང་པོའི་རིག་ཚན27དང་། རབ་འབྱམས་པའི་རིམ་པ་གཉིས་པའི་རིག་ཚན121 རབ་འབྱམས་པའི་ཆེད་ལས་བསླབ་གནས་རིགས16ཡོད།
འབུམ་རམས་པའི་ཐོབ་ཐང་སྤྲོད་གནས།
འབུམ་རམས་་པའི་རིམ་པ་དང་པོའི་རིག་ཚན10དང་། འབུམ་རམས་པའི་རིམ་པ་གཉིས་པའི་རིག་ཚན40ཡོད།
འབུམ་རམས་ཕྱི་ཚར།
འབུམ་རམས་པའི་ཚན་རིག་ཞིབ་འཇུག་གི་འཁོར་སྐྱོད་ས་ཚིགས9ཡོད།
སློབ་གླིང་དང་སྡེ་ཁག
གཏེར་ལས་བཟོ་སྐྲུན་སློབ་གླིང་། བདེ་འཇགས་དང་ཁོར་ཡུག་བཟོ་སྐྲུན་སློབ་གླིང་། ཐིག་འགོད་རིས་འབྲིའི་ཚན་རིག་དང་བཟོ་སྐྲུན་སློབ་གླིང་། སའི་གོ་ལའི་ཚན་རིག་དང་བཟོ་སྐྲུན་སློབ་གླིང་སོགས།
སློབ་བཙུགས་ཉིན་མོ།
ཟླ9བའི་ཚེས16ཉིན།
གནས་ཡུལ།
ཆིང་ཏའོ་གྲོང་ཁྱེར་ཧོང་ཏའོ་ཆུས་ཆན་ཝན་ཀང་ལམ་གྱི་ཨང579བ།
སློབ་གྲྭའི་ཚབ་ཨང་།
10424
གཟི་བརྗིད་མཚན་སྙན།
རྒྱལ་ཡོངས་ཀྱི་གསར་གཏོད་ལས་གཏོད་ཀྱི་དཔེ་མཚོན་ཉམས་མྱོང་མཐོ་སློབ།
གཞུང་ཕྱོགས་དྲ་གནས།
http://www.sdust.edu.cn
1 ​ངོ་སྤྲོད།

ཧྲན་ཏུང་ཚན་རྩལ་སློབ་ཆེན་ནི་སྤྱི་ལོ1951ལོར་བཙུགས་པ་དང་ཧྲན་ཏུང་ཞིང་ཆེན་ཁོངས་ཀྱི་གཙོ་གནད་མཐོ་སློབ་དང་། ཞིང་ཆེན་དང་པུའུ་ཡིས་མཉམ་སྐྲུན་བྱས་པའི་མཐོ་རིམ་སློབ་གྲྭ་བཅས་ཡིན།    

ཧྲན་ཏུང་ཚན་རྩལ་སློབ་ཆེན་ནི་ཧྲན་ཏུང་ཞིང་ཆེན་གྱིས་གཙོ་གནད་དུ་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཁྱད་ཆོས་ལྡན་པའི་སློབ་གྲྭ་གྲགས་ཅན་ཞིག་ཡིན་ལ། རྒྱལ་ཁབ་ཀྱི“ཕུལ་བྱུང་བཟོ་བཀོད་པར་སློབ་གསོ་བྱེད་པའི་འཆར་གཞི”དང་། “བཟོ་ལས་ཚན་རིག་གསར་པ་ཞིབ་འཇུག་དང་ལག་ལེན་རྣམ་གྲངས” “སློབ་ཆེན་སློབ་མའི་གསར་གཏོད་ལས་སྐྲུན་གྱི་སྦྱོང་བརྡར་འཆར་གཞིའི་རྣམ་གྲངས”བཅས་ལག་བསྟར་བྱེད་པའི་མཐོ་རིམ་སློབ་གྲྭ་དང་། ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་དང་དེ་སྔའི་རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡིས་མཉམ་དུ་བཙུགས་པའི་མཐོ་སློབ་དང་། མཐོ་རིམ་སློབ་གྲྭའི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་ལག་རྩལ་སྤོ་སྒྱུར་རྟེན་གཞི་ཁག་དང་པོ་བཅས་ཡིན། 

སྤྱི་ལོ2020ལོའི་ཟླ4བའི་བར། སློབ་གྲྭར་ཆིང་ཏའོ་དང་ཐའེ་ཨན། ཅི་ནན་བཅས་སློབ་ཁུལ་གསུམ་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི243(མུའུ3640ལྷག་ཡོད)ཡོད། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི146ཟིན་པ་དང་གཏན་འཇགས་རྒྱུ་ནོར་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར30.15ལྷག་ཟིན་པ་དང་སློབ་ཁྲིད་ཡོ་བྱད་སྒྲིག་ཆས་ཀྱི་རིན་གོང་བསྡོམས་འབོར་སྒོར་དུང་ཕྱུར7.46ཟིན་པ། སློབ་གྲྭར་སློབ་ཁྲིད་ཚན་པ32དང་ཚན་རིག་ཞིབ་འཇུག་ཚན་པ5བཙུགས་ཡོད། སློབ་ཁྲིད་ཟུར་ཁྲིད་ཚན་པ5དང་སྒེར་ཚུགས་སློབ་གླིང1བཅས་ཡོད། དངོས་གཞིའི་ཚན་ཁག་གི་ཆེད་ལས93གཉེར་བ། འབུམ་རམས་པའི་ཚན་རིག་ཞིབ་འཇུག་གི་སྐོར་སྐྱོད་ས་ཚིགས9ཡོད། འབུམ་རམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་རིམ་པ་དང་པོའི་རིག་ཚན10དང་། རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་རིམ་པ་དང་པོའི་རིག་ཚན27 རབ་འབྱམས་པའི་ཆེད་ལས་བསླབ་གནས་རིགས16བཅས་ཡོད། དགེ་རྒན་དང་ལས་བཟོ་བ3157ཡོད། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ36127དང་ཞིབ་འཇུག་སློབ་མ9049ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1951ལོར་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འབར་རྫས་བཟོ་ལས་པུའུ་ཡིས་ཙི་པོ་རུ་ཧུང་ཧྲན་སོལ་གཏེར་བཟོ་ལས་སློབ་གྲྭ་བཙུགས།

སྤྱི་ལོ1953ལོར། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འབར་རྫས་བཟོ་ལས་པུའུ་ཧུང་ཧྲན་སོལ་གཏེར་བཟོ་ལས་སློབ་གྲྭ་ཨན་ཧུའེ་ཞིང་ཆེན་ཧོའེ་ནན་གྲོང་ཁྱེར་དུ་གནས་སྤོས་པ་དང་། མིང་ལ་ཧོའེ་ནན་སོལ་གཏེར་སློབ་གྲྭ་ཟེར།

སྤྱི་ལོ1958ལོར་ཧོའེ་ནན་སོལ་གཏེར་སློབ་གྲྭ་དེ་ཧོའེ་ནན་སོལ་གཏེར་སློབ་གླིང་དུ་རིམ་སྤོར་བྱས།

སྤྱི་ལོ1956ལོར་རྡོ་སོལ་བཟོ་ལས་པུའུ་ཅི་ནན་སོལ་གཏེར་སློབ་གྲྭ་བཙུགས།

སྤྱི་ལོ1958ལོར་ཅི་ནན་སོལ་གཏེར་སློབ་གྲྭ་ཧྲན་ཏུང་རྡོ་སོལ་བཟོ་ལས་ཆེད་ཚན་སློབ་གྲྭར་རིམ་སྤར་བྱས།

སྤྱི་ལོ1958ལོར་ཧྲན་ཏུང་ཞིང་ཆེན་ཅི་ནན་སོལ་གཏེར་ལས་བྱེད་པའི་སློབ་གྲྭ་བཙུགས།

སྤྱི་ལོ1960ལོར་ཧྲན་ཏུང་རྡོ་སོལ་བཟོ་ལས་ཆེད་སྦྱོང་སློབ་གྲྭ་ཧྲན་ཏུང་སོལ་གཏེར་སློབ་གླིང་དུ་སྤར།

སྤྱི་ལོ1963ལོར། ཧྲན་ཏུང་ཞིང་ཆེན་ཅི་ནན་སོལ་གཏེར་ལས་བྱེད་པའི་སློབ་གྲྭ་ཧྲན་ཏུང་སོལ་གཏེར་སློབ་གླིང་དུ་ཟླ་སྒྲིལ་བཏང་།

སྤྱི་ལོ1979ལོར། སློབ་གྲྭས་ཞིབ་འཇུག་སློབ་མའི་སློབ་གསོ་བྱེད་འགོ་བརྩམས།

སྤྱི་ལོ1981ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་རབ་འབྱམས་པའི་ཡོན་གནས་སྤྲོད་པའི་སྡེ་ཚན་ཁག་དང་པོར་ཆོག་མཆན་གནང་།    

སྤྱི་ལོ1982ལོར་ཤེས་རམས་པའི་མཚན་གནས་སྤྲོད་པའི་ཚན་པ་ཁག་དང་པོར་ཆོག་མཆན་ཐོབ།

སྤྱི་ལོ2001ལོར། ཧྲན་ཏུང་ཞིང་ཆེན་ནོར་སྲིད་སློབ་གྲྭ་ཧྲན་ཏུང་ཚན་རྩལ་སློབ་ཆེན་དུ་ཞུགས།

སྤྱི་ལོ2001ལོར་ཆིང་ཏའོ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་སློབ་ཁུལ་གསར་བ་འཛུགས་སྐྲུན་བྱས།

སྤྱི་ལོ2003ལོར་རྒྱལ་ཁབ་ངལ་རྩོལ་མི་དོན་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་འབུམ་རམས་པའི་ཚན་རིག་ཞིབ་འཇུག་སྐོར་སྐྱོད་ས་ཚིགས་བཙུགས།

སྤྱི་ལོ2012ལོར་སློབ་གྲྭ་ཧྲན་ཏུང་ཞིང་ཆེན་གྱི་བཀོལ་སྤྱོད་རྨང་གཞིའི་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཁྱད་ལྡན་སློབ་གྲྭ་གྲགས་ཅན་དུ་གཏན་འཁེལ་བྱས།    

སྤྱི་ལོ2013ལོའི་ཟླ་དང་པོར་རྒྱལ་ཁབ་རིམ་པའི་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ཀྱི་སྦྱོང་བརྡར་འཆར་གཞིའི་རྣམ་གྲངས་ནང་བདམས།    

སྤྱི་ལོ2020ལོའི་ཟླ7པར་ཁག་གཉིས་པའི་མཐོ་སློབ་ཀྱི་རྒྱལ་ཁབ་ཤེས་བྱའི་བདག་དབང་ཆ་འཕྲིན་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་གྱི་མིང་ཐོའི་ནང་ཚུད།

3 སློབ་སྒྲུབ་ཆ་རྐྱེན།
3_1 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2019ལོའི་ཟླ3པའི་བར། ཧྲན་ཏུང་ཚན་རྩལ་སློབ་ཆེན་དུ་དགེ་རྒན་དང་ལས་བཟོ་བ3157ཡོད་པའི་ནང་དགེ་རྒན་ཆེན་མོ310ཡོད། འབུམ་རམས་པའི་སློབ་དཔོན153ཡོད། ཚན་རིག་ཁང་དང་བཟོ་སྐྲུན་ཁང་གཉིས་ཀྱི་ཡོན་ཧྲི4ཡོད་པ་དང་། གཉིས་ཀར་གདན་འདྲེན་ཞུས་པའི་ཡོན་ཧྲི10ཡོད། 

3_2 ཆེད་ལས།

སྤྱི་ལོ2019ལོའི་ཟླ12པར་སློབ་གྲྭར་རིམ་པ་གཉིས་པའི་སློབ་ཁྲིད་ཚན་ཞིབ་ཚན་པ331ཡོད།

སྤྱི་ལོ2019ལོའི་ཟླ11པར་སློབ་གྲྭས་ནུས་རྒྱུ་དང་། མི་ཐབས་རིག་ནུས། སྔོན་ཐོན་བཟོ་སྐྲུན་བཅས་ཀྱི་སྡེ་ཁག3བཙུགས་ཡོད།

3_3 རིག་ཚན་འཛུགས་སྐྲུན།    

སྤྱི་ལོ2019ལོའི་ཟླ12པར་ཧྲན་ཏུང་ཚན་རྩལ་སློབ་ཆེན་དུ་འབུམ་རམས་ཕྱི་ཚར་གྱི་ཚན་ཞིབ་སྐོར་སྐྱོད་ས་ཚིགས8ཡོད་པ་དང་། འབུམ་རམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་རིམ་པ་དང་པོའི་རིག་ཚན10དང་། འབུམ་རམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་རིམ་པ་གཉིས་པའི་རིག་ཚན40 རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་རིམ་པ་དང་པོའི་རིག་ཚན་27དང་། རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་རིམ་པ་གཉིས་པའི་རིག་ཚན122 རབ་འབྱམས་པའི་ཆེད་ལས་སློབ་གནས་རིགས10དང་། ལས་གྲྭའི་རབ་འབྱམས་པའི་དབང་ཆ་སྤྲོད་པའི་ཁྱབ་ཁོངས18 རྒྱལ་ཁབ་ཀྱི་གཙོ་གནད(གསོ་སྐྱོང)རིག་གཞུང་ཚན་ཁག1བཅས་ཡོད།

3_4 སློབ་ཁྲིད་འཛུགས་སྐྲུན།    

སྤྱི་ལོ2019ལོའི་ཟླ12པའི་བར། ཧྲན་ཏུང་ཚན་རྩལ་སློབ་ཆེན་ལ་རྒྱལ་ཁབ་རིམ་པའི་ཁྱད་ལྡན་ཆེད་ལས་དང་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ཆེད་ལས8ཡོད་པ་དང་། བརྙན་ལམ་གྱི་ཡོངས་བསྒྲགས་སློབ་ཚན་དང་། ཐོན་ཁུངས་མཉམ་སྤྱོད་སློབ་ཚན། སྤུས་ལེགས་སློབ་ཚན་བཅས10ཡོད་པ་དང་། སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་ཁག5ཡོད། ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས་དང་། རྟོག་བཀོད་འདྲ་བཟོ་ཚོད་ལྟའི་སློབ་ཁྲིད་ལྟེ་གནས། ལས་གྲྭའི་ལག་ལེན་སློབ་གསོ་ལྟེ་གནས་བཅས5དང་། རྟོག་བཀོད་འདྲ་བཟོ་ཚོད་ལྟའི་སློབ་ཁྲིད་རྣམ་གྲངས1བཅས་ཡོད། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་ཚོད་ལྟ་ཁུལ1དང་། སློབ་ཁྲིད་ཚོགས་པ1 སློབ་ཆེན་སློབ་མའི་སློབ་ཕྱིའི་ལག་ལེན་སློབ་གསོའི་རྟེན་གཞི1བཅས་ཡོད་པ། ཞིང་ཆེན་རིམ་པའི་སྤུས་རྟགས་ཀྱི་ཁྱད་ལྡན་ཆེད་ལས18ཡོད། ཆུ་ཚད་མཐོ་བའི་ཉེར་སྤྱོད་རྣམ་པའི་རྣམ་གྲངས་བཙུགས་ནས་ཆེད་ལས་ཚོགས་པ9འཛུགས་སྐྲུན་བྱས་པ་དང་། སློབ་གསོ་ཞབས་ཞུའི་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་ཆེད་ལས་འབྲེལ་མཐུད་ཐོན་ལས་རྣམ་གྲངས5བཙུགས་ཡོད། སྤུས་ལེགས་སློབ་ཚན58དང་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ95བཅས་ཡོད་པ། ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས7དང་། ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་གསར་གཏོད་ཚོད་ལྟ་ཁུལ2 སློབ་ཁྲིད་ཚོགས་པ8དང་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་ལས་རིགས(ཆེད་དོན)སྤྱི་པའི་དངོས་སྦྱོང་རྟེན་གཞི1ཡོད།

4 རིག་གཞུང་ཞིབ་འཇུག    
4_1 ཚན་ཞིབ་ལས་ཁུངས།

སྤྱི་ལོ2019ལོའི་ཟླ5བའི་བར། སློབ་གྲྭ་དང་ཞིང་ཆེན་དང་པུའུ་ཡིས་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གསོ་སྐྱོང་རྟེན་གཞི1དང་། རྒྱལ་ཁབ་དང་ས་གནས་མཉམ་འབྲེལ་ལས་གྲྭའི་ཞིབ་འཇུག་ལྟེ་གནས2 ཞིང་ཆེན་དང་པུའུ་རིམ་པའི་རིག་གཞུང་ཚན་ཁག་གཙོ་བོ་དང་། ཚོད་ལྟ་ཁང(རྟེན་གཞི)དང་ལས་གྲྭ(ལག་རྩལ)ཞིབ་འཇུག་ལྟེ་གནས71བཅས་ཡོད། དེའི་ནང་སློབ་གསོ་པུའི་གཙོ་གནད་ཚོད་ལྟ་ཁང1དང་། སློབ་གསོ་པུའི་འདུ་འགོད་ཞིབ་འཇུག་ལྟེ་གནས1 གཞན་ཡང་ཆིང་ཏའོ་གྲོང་ཁྱེར་གྱི་གཙོ་གནད་ཚོད་ལྟ་ཁང4དང་། ལས་གྲྭའི་ཚོད་ལྟ་ཁང5ལས་གྲྭ(ལག་རྩལ)ཞིབ་འཇུག་ལྟེ་གནས4བཅས་ཡོད།

4_2 ཚན་ཞིབ་གྲུབ་འབྲས།    

སློབ་གྲྭས་རྒྱལ་ཁབ་རིམ་པའི་ཚན་ཞིབ་ཞིབ་འཇུག་དཔྱད་གཞི407དང་ཞིང་ཆེན་དང་པུའུ་རིམ་པའི་རྣམ་གྲངས896འགན་འཁུར་ཡོད། ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་ཚན་ཞིབ་བྱ་དགའ255ཐོབ་པའི་ནང་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་གྱི་བྱ་དགའ་རིམ་པ་གཉིས་པ3དང་། རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་ཀྱི་བྱ་དགའ་རིམ་པ་གཉིས་པ1ཐོབ་ཡོད། རྒྱལ་ཁབ་ལ་གསར་གཏོད་ཀྱི་ཆེད་ཁེ་ཁག1532དབང་སྤྲོད་བྱས་ཡོད། སློབ་གྲྭའི་ཚན་རྩལ་གླིང་ནི་ཚན་རྩལ་པུའུ་དང་སློབ་གསོ་པུས་ཐུན་མོང་ཐོག་གཏན་འཁེལ་བྱས་པའི“རྒྱལ་ཁབ་སློབ་ཆེན་གྱི་ཚན་རྩལ་གླིང”དང“མཐོ་སློབ་སློབ་མའི་ཚན་རྩལ་ལས་གཏོད་དངོས་སྦྱོང་རྟེན་གཞི”ཡིན།

5 རིག་གཞུང་ཐོན་ཁུངས།    
5_1 རིག་གཞུང་དུས་དེབ།    

སློབ་གྲྭར་《ཧྲན་ཏུང་ཚན་རྩལ་སློབ་ཆེན་གྱི་རིག་གཞུང་དུས་དེབ》(རང་བྱུང་ཚན་རིག་གི་པར་གཞི)དང་། 《ཧྲན་ཏུང་ཚན་རྩལ་སློབ་ཆེན་གྱི་རིག་གཞུང་དུས་དེབ》(སྤྱི་ཚོགས་ཚན་རིག་གི་པར་གཞི)《ཧྲན་ཏུང་ཚན་རྩལ་སློབ་ཆེན་གྱི་ཚགས་པར》སོགས་ཡོད།    

5_2 ཉར་ཚགས་ཐོན་ཁུངས།

སྤྱི་ལོ2006ལོའི་བར་སློབ་གྲྭ་ཡོངས་ཀྱི་སྤྱིའི་སྡོད་ཁང་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ33393ཡོད་པ་དང་སློབ་གྲྭ་ཡོངས་ཀྱི་སློབ་གླིང་ཁག་ལ་དཔྱད་ཡིག་ཁང23ཡོད། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ2272ཡོད། ཉར་ཚགས་བྱས་པའི་བསྡོམས་འབོར་དེབ་ཁྲི339.9(དེའི་ནང་པར་སྐྲུན་རྣམ་པའི་ཚད་ལྡན་ཡིག་ཆ་དེབ་ཁྲི194.3ཡོད་པ་དང་། གྲངས་ཀའི་ཚད་ལྡན་ཡིག་ཆ་ཁྲི145.6ཡོད) སློབ་མ་རེའི་ཆ་སྙོམས་ཀྱི་ཚད་ལྡན་ཡིག་ཆ109.2ཡོད། ཁྱོན་མ་དངུལ་སྒོར་ཁྲི2000ལྷག་ཙམ་བཏང་ནས་དཔེ་དེབ་དང་དཔྱད་གཞིའི་ཡིག་རིགས་འཛུགས་སྐྲུན་ཐད་སྤྱད་པ་དང་སྤྱི་ལོ2004ལོ་ནས་སྤྱི་ལོ2007ལོའི་བར་ལོ་རེར་ཆ་སྙོམས་ཤོག་རིགས་དཔེ་དེབ་ནང་འདྲེན་བྱེད་ཚད166442ཟིན་ཡོད། སློབ་མ་རེའི་ཆ་སྙོམས་ཤོག་བུའི་དཔེ་དེབ་ཚང་མ་དེབ3ཡན་ཟིན་ཡོད།

6 མཉམ་ལས་སྤེལ་རེས།

སློབ་གྲྭས་ཨ་རི་དང་། འཇར་པིན། འཇར་མན། ཨུ་རུ་སུ། ཧྥ་རན་སི་སོགས་རྒྱལ་ཁབ་དང་ས་ཁུལ20ཡི་མཐོ་སློབ་དང་ཞིབ་འཇུག་ཁང105དང་སྤེལ་རེས་དང་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཡོད། ཀྲུང་གོ་དང་ཕྱི་རྒྱལ་གྱི་མཉམ་འབྲེལ་ཚོད་ལྟ་ཁང6ཡོད། རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་རྣམ་གྲངས50ལྷག་སྤེལ་བ་དང་། ཨ་རི་དང་། འཇར་མན། ཨོ་སི་ཁྲུ་ལི་ཡ། འཇར་པིན། ཁོ་རེ་ཡ་སོགས་རྒྱལ་ཁབ་ཀྱི་མཐོ་སློབ་དང་ཀྲུང་ཕྱིའི་མཉམ་ལས་སློབ་གཉེར་རྣམ་གྲངས་དང་སློབ་མའི་སྤེལ་རེས་རྣམ་གྲངས་སྤེལ་ཡོད། ཨུ་རུ་སུ་དང་། ཨ་རི། ཧྥ་རན་སེ། ཁོ་རེ་ཡ། འཇར་མན། མོང་གོལ། ཕ་ཁི་སི་ཐན་སོགས་རྒྱལ་ཁབ་དང་ས་ཁུལ30ལྷག་ཙམ་གྱི་ཕྱི་སྦྱོང་སློབ་མ་བསྡུ་ལེན་བྱས་ཡོད། དགེ་རྒན20ལྷག་ཙམ་ནི་རྒྱལ་སྤྱིའི་རིག་གཞུང་རྩ་འཛུགས་ཀྱི་ཁོངས་མི་གལ་ཆེན་ཡིན།

7 གཟི་བརྗིད་མཚན་སྙན།

སྤྱི་ལོ2020ལོར་སླེབས་སྐབས་འཛམ་གླིང་གི་རིག་ཚན་རྩེ་གྲ་ཡིན་པ་དང་། ཧྲན་ཏུང་ཚན་རྩལ་སློབ་ཆེན་ལ་རིག་ཚན12ཡོད་པའི་ནང་གཏེར་ལས་ལས་གྲྭ་དང་། ཚན་རིག་དང་ལས་གྲྭ་ཚོད་འཛིན། རིག་ཚན་གཉིས་བཅས་འཛམ་གླིང་གི་རྩེ་གྲ་བརྒྱའི་གྲས་སུ་ཚུད་ཡོད། རིག་ཚན་གྱི་མིང་ཐོ་བཀོད་པའི་རིག་ཚན་གྱི་གྲངས་འབོར་རྒྱལ་ཡོངས་ཀྱི་མཐོ་སློབ་ཀྱི་མི་གྲངས63ནང་ཚུད་པ་དང་ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་སློབ་ཀྱི་ཨང་དང་པོ་ཡིན་པ་དང་། བཟོ་སྐྲུན་རིག་པ་དང་། རྩིས་རིག རྫས་འགྱུར། རྒྱུ་ཆའི་ཚན་རིག སའི་གོ་ལའི་ཚན་རིག་བཅས་རིག་ཚན5ESIགོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་ཡོད།


དཔྱད་གཞིའི་ཡིག་ཆ།