ཧྲན་ཏུང་སློབ་ཆེན།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-09-27 08:36ལ་འགྲུབ།

ཧྲན་ཏུང་སློབ་ཆེན།

ཧྲན་ཏུང་སློབ་ཆེན།
ཧྲན་ཏུང་སློབ་ཆེན་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ་ཡི་ཐད་གཏོགས་ཡིན་པ་དང་། ཀྲུང་དབྱང་གིས་པུའུ་རིམ་པ་གཞོན་པའི་སྒྲིག་ཁོངས་ལ་ཐད་ཀར་དོ་དམ་བྱ་རྒྱུ་དང་། འཛམ་གླིང་གི་སློབ་ཆེན་རྩེ་གྲ་འཛུགས་སྐྲུན་བྱེད་པའི་མཐོ་སློབ(Aརིགས)དང་། 985ལས་གྲྭ 211ལས་གྲྭ སྤྱི་ལོ2011ལོའི་འཆར་གཞི་དང་། ཇོ་མོ་གླང་མའི་འཆར་གཞི། རྨང་གཞི་བརྟན་དུ་གཏོང་བའི་འཆར་གཞི། 111འཆར་གཞི། ཕུལ་བྱུང་བཟོ་བཀོད་ཆེན་མོའི་སློབ་གསོ་གསོ་སྐྱོང་འཆར་གཞི། ཕུལ་བྱུང་སྨན་པའི་སློབ་གསོའི་གསོ་སྐྱོང་འཆར་གཞི། ཕུལ་བྱུང་བཅའ་ཁྲིམས་ཤེས་ལྡན་མི་སྣའི་སློབ་གསོའི་གསོ་སྐྱོང་འཆར་གཞི། རྒྱལ་ཁབ་འཛུགས་སྐྲུན་ཆུ་ཚད་མཐོ་བའི་སློབ་ཆེན་གྱི་གཞུང་མངགས་ཞིབ་འཇུག་སློབ་མའི་རྣམ་གྲངས། བཟོ་ལས་ཚན་པ་གསར་པའི་ཞིབ་འཇུག་དང་ལག་ལེན་རྣམ་གྲངས། ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་བའི་སློབ་མ་བསྡུ་ལེན་བྱེད་པའི་སློབ་གླིང་། སློབ་གསོ་པུའུ་ཡི་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་བའི་དཔེ་སྟོན་རྟེན་གཞི། ཡོན་གནས་སྤྲོད་པའི་རང་བདག་ཞིབ་བཤེར་སྡེ་ཚན་བཅས་སུ་བདམས་པ་དང་། གོ་ལ་ཧྲིལ་པོའི་ནུས་རྒྱུའི་དྲ་སྦྲེལ་སློབ་ཆེན་གྱི་མནའ་འབྲེལ་ཁོངས་མི་དང་། ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཡོངས་ཀྱི་གཙོ་གནད་སློབ་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
山东大学
ཕྱི་ཡིག་གི་མིང་།
Shandong University
བཙུགས་ལོ།
སྤྱི་ལོ1901ལོ།
ངོ་བོ།
གཞུང་བཙུགས་སློབ་ཆེན།
རིགས་དབྱེ།
ཕྱོགས་བསྡུས།
གཙོ་གཉེར་སྡེ་ཁག
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ།
ལས་ཐོག་འགོ་ཁྲིད།
སློབ་གཙོ། ཧྥན་ལི་མིང་། ཏང་ཨུའི་ཧྲུའུ་ཅི། ཀུའོ་ཞིན་ལི།
ཆེད་བསྐོས་ཡོན་ཧྲི།
9
འབུམ་རམས་ཕྱི་ཚར།
ཚན་རིག་ཞིབ་འཇུག་གི་འཁོར་སྐྱོད་ས་ཚིགས41ཡོད།
རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན།
རིམ་པ་དང་པོའི་རིག་ཚན2དང་། རིམ་པ་གཉིས་པའི་རིག་ཚན14ཡོད།
གནས་ཡུལ།
ཅི་ནན་གྲོང་ཁྱེར་ཧྲན་ཏ་ལྷོ་ལམ་གྱི་ཨང27པ།
སློབ་གྲྭའི་ཚབ་ཨང་།
10422
གཟི་བརྗིད་མཚན་སྙན།
རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ21ཐོབ། (སྤྱི་ལོ2011ལོ་ནས་སྤྱི་ལོ2016ལོ་བར) རྒྱལ་ཁབ་ཀྱི་སློབ་ཁྲིད་གྲུབ་འབྲས་བྱ་དགའ་ཁག18ཐོབ། (སྤྱི་ལོ2018ལོའི་ཟླ7པའི་བར) རྒྱལ་ཡོངས་ཀྱི་འབུམ་རམས་པའི་ཕུལ་བྱུང་དཔྱད་རྩོམ23ཡོད།
1 ​ངོ་སྤྲོད།

ཧྲན་ཏུང་སློབ་ཆེན་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ་ཡི་ཐད་གཏོགས་ཡིན་པ་དང་། ཀྲུང་དབྱང་གིས་པུའུ་རིམ་པ་གཞོན་པའི་སྒྲིག་ཁོངས་ལ་ཐད་ཀར་དོ་དམ་བྱ་རྒྱུ་དང་། འཛམ་གླིང་གི་སློབ་ཆེན་རྩེ་གྲ་འཛུགས་སྐྲུན་བྱེད་པའི་མཐོ་སློབ(Aརིགས)དང་། 985ལས་གྲྭ 211ལས་གྲྭ སྤྱི་ལོ2011ལོའི་འཆར་གཞི་དང་། ཇོ་མོ་གླང་མའི་འཆར་གཞི། རྨང་གཞི་བརྟན་དུ་གཏོང་བའི་འཆར་གཞི། 111འཆར་གཞི། ཕུལ་བྱུང་བཟོ་བཀོད་ཆེན་མོ་བའི་སློབ་གསོའི་གསོ་སྐྱོང་འཆར་གཞི། ཕུལ་བྱུང་སྨན་པའི་སློབ་གསོའི་གསོ་སྐྱོང་འཆར་གཞི། ཕུལ་བྱུང་བཅའ་ཁྲིམས་ཤེས་ལྡན་མི་སྣའི་སློབ་གསོའི་གསོ་སྐྱོང་འཆར་གཞི། རྒྱལ་ཁབ་འཛུགས་སྐྲུན་ཆུ་ཚད་མཐོ་བའི་སློབ་ཆེན་གྱི་གཞུང་མངགས་ཞིབ་འཇུག་སློབ་མའི་རྣམ་གྲངས། བཟོ་ལས་ཚན་པ་གསར་པའི་ཞིབ་འཇུག་དང་ལག་ལེན་རྣམ་གྲངས། ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་བའི་སློབ་མ་བསྡུ་ལེན་བྱེད་པའི་སློབ་གླིང་། སློབ་གསོ་པུའུ་ཡི་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་བའི་དཔེ་སྟོན་རྟེན་གཞི། ཡོན་གནས་སྤྲོད་པའི་རང་བདག་ཞིབ་བཤེར་སྡེ་ཚན་བཅས་སུ་བདམས་པ་དང་། གོ་ལ་ཧྲིལ་པོའི་ནུས་རྒྱུའི་དྲ་སྦྲེལ་སློབ་ཆེན་གྱི་མནའ་འབྲེལ་ཁོངས་མི་དང་། ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཡོངས་ཀྱི་གཙོ་གནད་སློབ་ཆེན་ཞིག་ཡིན།

སྤྱི་ལོ2018ལོའི་ཟླ8པའི་བར། ཧྲན་ཏུང་སློབ་ཆེན་གྱི་ས་ཁྱོན་བསྡོམས་མུའུ8000ལྷག(ཆིང་ཏའོ་སློབ་ཁུལ་མུའུ3000ཚུད་པ)ཡོད་པ་དང་། སློབ་གྲྭ་གཅིག་དང་ས་ཁུལ་གསུམ(ཅི་ནན་དང་། ཝེ་ཧའེ། ཆིང་ཏའོ་བཅས)སློབ་གྲྭ་བརྒྱད་ཀྱི་སློབ་གཉེར་རྣམ་པ་ཆགས་ཡོད། སློབ་ཁྲིད་སློབ་གླིང་དང་སྡེ་ཁག55དང་ཞོར་གཏོགས་སྨན་ཁང4ཡོད། ཁོངས་གཏོགས་མིན་པའི་ཞོར་གཏོགས་སྨན་ཁང3དང་། སློབ་ཁྲིད་དང་དངོས་སྦྱོང་སྨན་ཁང11 རིམ་པ་དང་པོའི་རིག་གཞུང་ཚན་ཁག་གི་འབུམ་རམས་པའི་ས་ཚིགས44ཡོད། རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པ་གསོ་སྐྱོང་བྱེད་ཡུལ55དང་། ཆེད་ལས་ཡོན་གནས་ཀྱི་འབུམ་རམས་པ་གསོ་སྐྱོང་བྱེད་ཡུལ3 ཆེད་ལས་བསླབ་གནས་ཀྱི་རབ་འབྱམས་པ27ཡོད་པ་དང་། དངོས་གཞིའི་ཚན་ཁག་གི་ཆེད་ལས117དང་འབུམ་རམས་པའི་ཚན་རིག་ཞིབ་འཇུག་སྐོར་སྐྱོད་ས་ཚིགས41ཡོད་པ། ལས་ཐོག་དགེ་རྒན་དང་ལས་བཟོ་བ7493(ཞོར་གཏོགས་སྨན་ཁང་ཚུད་མེད) ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་མ40789ཡོད། ཞིབ་འཇུག་སློབ་མ18816དང་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མ3791བཅས་ཡོད།

2 ལོ་རྒྱུས་འཕེལ་རིམ།

ཧྲན་ཏུང་སློབ་ཆེན་ནི་ཀྲུང་གོའི་ཉེ་རབས་མཐོ་རིམ་སློབ་གསོའི་འབྱུང་ཁུངས་རང་བཞིན་གྱི་སློབ་ཆེན་ཞིག་ཡིན། དེ་ནི་སྔོན་མར་སྤྱི་ལོ1901ལོར་བཙུགས་པའི་ཧྲན་ཏུང་སློབ་གྲྭ་ཆེན་མོ་ཞིག་ཡིན། པེ་ཅིང་དགེ་ཐོན་སློབ་ཆེན་ཐོན་རྗེས་ཀྲུང་གོས་བཙུགས་པའི་གཞུང་བཙུགས་སློབ་ཆེན་གཉིས་པ་དེ་ཡིན་ལ། ཀྲུང་གོའི་སྒྲིག་ཡིག་ལྟར་སློབ་གཉེར་བྱེད་པའི་སློབ་ཆེན་དང་པོ་དེའང་ཡིན། དེའི་གསོ་རིག་རིག་ཚན་ནི་སྤྱི་ལོ1864ལོར་བྱུང་བ་དང་། ཉེ་རབས་ཀྲུང་གོའི་མཐོ་རིམ་གསོ་རིག་སློབ་གསོའི་འགོ་བརྩམས་པ་ཡིན། བཙུགས་པ་ནས་བཟུང་སློབ་གྲྭས་སྔ་རྗེས་སུ་ཧྲན་ཏུང་སློབ་ཆེན་དང་། གཞུང་བཙུགས་ཆིང་ཏའོ་སློབ་ཆེན། གཞུང་བཙུགས་ཧྲན་ཏུང་སློབ་ཆེན། ཧྲན་ཏུང་སློབ་ཆེན། དེ་བཞིན་དེ་སྔའི་ཧྲན་ཏུང་སློབ་ཆེན། ཧྲན་ཏུང་གསོ་རིག་སློབ་ཆེན། ཧྲན་ཏུང་བཟོ་ལས་སློབ་ཆེན་བཅས་གསུམ་ཟླ་སྒྲིལ་བཏང་ནས་བཙུགས་པའི་ཧྲན་ཏུང་སློབ་ཆེན་གསར་པ་སོགས་ལོ་རྒྱུས་འཕེལ་རྒྱས་ཀྱི་དུས་སྐབས་མང་པོ་བརྒྱུད་ཡོད།

སྤྱི་ལོ2020ལོའི་ཟླ1པོར“རྨང་གཞི་བརྟན་གཏོང་འཆར་གཞིའི”ཚོད་ལྟའི་མཐོ་སློབ་ནང་བདམས།    

སྤྱི་ལོ2020ལོའི་ཟླ7པར་ཁག་གཉིས་པའི་མཐོ་སློབ་ཀྱི་རྒྱལ་ཁབ་ཤེས་བྱའི་བདག་དབང་ཆ་འཕྲིན་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་གྱི་མིང་ཐོའི་ནང་ཚུད།

3 ཚན་རིག་ཞིབ་འཇུག   
3_1 གསར་གཏོད་སྡེ་ཚན།    

སྤྱི་ལོ2018ལོའི་ཟླ8པར་ཧྲན་ཏ་དྲ་བའི་ཆ་འཕྲིན་ལས་མངོན་པ་ལྟར་ན། རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་དང་། རྒྱལ་ཁབ་ཀྱི་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས། རྒྱལ་ཁབ་ཀྱི་ལས་གྲྭའི་ཚོད་ལྟ་ཁང་། རྒྱལ་ཁབ་ཀྱི་ལས་གྲྭ་ལག་རྩལ་ཁྱབ་སྤེལ་ལྟེ་གནས་སོགས་རྒྱལ་ཁབ་རིམ་པའི་ཚན་ཞིབ་ལས་སྟེགས8དང་། རྒྱལ་ཁབ་ཀྱི“111གསར་གཏོད་ཀྱི་བློ་རིག་འདྲེན་པའི་འཆར་གཞིའི་རྣམ་གྲངས”6བཅས་ཡོད། སློབ་གསོ་པུའུ་ཡི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་གི་གཙོ་གནད་ཞིབ་འཇུག་རྟེན་གཞི4  སློབ་གསོ་པུའུ་དང་འཕྲོད་བསྟེན་པུའི་གཙོ་གནད་ཚོད་ལྟ་ཁང་དང་དེ་བཞིན་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས21ཡོད་པ་དང་གཞན་ཡང་ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་ཁང་དང་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས་འབོར་ཆེན་ཡོད།

4 རིག་གཞུང་ཐོན་ཁུངས།    
4_1 ཉར་ཚགས་ཐོན་ཁུངས།

ཧྲན་ཏུང་སློབ་ཆེན་གྱི་དཔེ་མཛོད་ཁང་ནི་དེ་སྔའི་སྤྱི་ལོ1901ལོར་བསྐྲུན་པའི་ཧྲན་ཏུང་སློབ་ཆེན་ཐང་གི་དཔེ་ཁང་དེ་ཡིན། ཀྲུང་གོའི་ཅུང་སྔ་བའི་ཉེ་རབས་ཀྱི་དཔེ་མཛོད་ཁང་གསར་པའི་གྲས་ཤིག་ཡིན་ལ། རྒྱལ་ཁབ་སློབ་གསོ་པུའུ་ཡི་ཐད་གཏོགས་ཀྱི་རྒྱལ་ཡོངས་གཙོ་གནད་ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་དཔེ་མཛོད་ཁང་ཞིག་ཀྱང་ཡིན།

4_2 ཕྱོགས་བསྡུས།    

སྤྱི་ལོ2017ལོའི་ཟླ12པའི་བར། ཧྲན་ཏ་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཤོག་བུའི་ཚད་ལྡན་ཡིག་ཆ་ཁྲི558དང་། གློག་རྡུལ་དཔེ་དེབ་ཁྲི858 གྲངས་གཞིའི་མཛོད243བཅས་ཡོད་པ་དེ་དག་རིག་གནས་དང་། རང་བྱུང་ཚན་རིག བཟོ་ལས། སྨན་པ་སོགས་ཁྱབ་ཁོངས་སུ་ཁྱབ་ཡོད། ཉར་ཚགས་བྱས་པའི་དཔེ་རྙིང་ཁྲི31ལྷག་ཙམ་ཡོད་པའི་ནང་རྩ་ཆེའི་དཔེ་རྙིང་ཁྲི3.6ལྷག་ཙམ་ཡོད།    

4_3 རིག་གཞུང་དུས་དེབ།    

《རིག་གནས་ལོ་རྒྱུས་ཚན་རིག》ནི་ཀྲུང་གོ་གསར་པས་གཉེར་སྔ་ཤོས་ཀྱི་མཐོ་སློབ་ཀྱི་རིག་གནས་ཚན་རིག་ཚགས་པར་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་དུས་དེབ་ཅིག་ཡིན། རྒྱལ་ཡོངས་ཀྱི་རྒྱ་ཡིག་གི་ལྟེ་བའི་དུས་དེབ་དང་ཀྲུང་གོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་གི་འདྲེན་བྱའི་གསལ་བྱང་འབྱུང་ཁུངས་ཡིན།

《ཧྲན་ཏུང་སློབ་ཆེན་གྱི་རིག་གཞུང་དུས་དེབ(མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་པར་གཞི)》ཀྱིས་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩར་རོགས་དངུལ་སྤྲད་པའི་དུས་དེབ་དང་། རྒྱ་ཡིག་དང་སྤྱི་ཚོགས་ཚན་རིག་གི་འདྲེན་ཡིག་གི་གསལ་བྱང(CSSCI)ཡོང་ཁུངས་དུས་དེབ། རྒྱལ་ཡོངས་ཀྱི་རྒྱ་ཡིག་གི་ལྟེ་བའི་དུས་དེབ། ཀྲུང་གོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་གི་ལྟེ་བའི་དུས་དེབ། རྒྱལ་ཡོངས་ཀྱི་མཐོ་སློབ་ཀྱི་སྤྱི་ཚོགས་ཚན་རིག་གི་སྤྱི་ཚོགས་ཚན་རིག་གི་ལྟེ་བའི་དུས་དེབ། RCCSEཀྲུང་གོའི་ལྟེ་བའི་རིག་གཞུང་དུས་དེབ(A)ཀྲུང་གོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་གི་ཕྱོགས་བསྡུས་གདེང་འཇོགAMIདུས་དེབ།

5 སློབ་སྒྲུབ་ཆ་རྐྱེན།
5_1 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2018ལོའི་ཟླ8པར་ཧྲན་ཏ་དྲ་བའི་ཆ་འཕྲིན་ལས་མངོན་པ་ལྟར་ན། སློབ་གྲྭར་དགེ་རྒན་དང་ལས་བཟོ་བ7493(ཞོར་གཏོགས་སྨན་ཁང་ཚུད་མེད་པ)ཡོད་པ་དང་ཁྱོན་དགེ་རྒན་ཆེན་མོ1246ཡོད། འབུམ་རམས་པའི་སློབ་དཔོན897ཡོད། དེའི་ནང་ནོ་པེར་དངོས་ཁམས་རིག་པའི་བྱ་དགའ་ཐོབ་མཁནPeterGrnbergདམིགས་བསལ་གདན་ཞུས་དགེ་རྒན་ཆེན་མོར་གདན་ཞུ་བྱས་པ་དང་། ཞིབ་འཇུག་སློབ་མའི་སློབ་དཔོན་མོ་ཡན་ལ་སྤྱི་ལོ2012ལོའི་ནོ་པེར་རྩོམ་རིག་བྱ་དགའ་ཐོབ་པ། ཀྲུང་གོ་ཚན་རིག་ཁང་དང་བཟོ་སྐྲུན་ཁང་གི་ཡོན་ཧྲེ9ཡོད་པ་དང་། ཚེ་གང་གི་དགེ་རྒན་ཆེན་མོ་བ8ཡོད་པ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་གི་རིམ་པ་དང་པོའི་དགེ་རྒན་ཆེན་མོ་བ16ཡོད་པ། “འབྲི་ཆུའི་མཁས་དབང་གི་བྱ་དགའི་འཆར་གཞིའི”དམིགས་བསལ་གདན་ཞུས་དགེ་རྒན་ཆེན་མོ་བ30དང་། འཆད་ཁྲིད་དགེ་རྒན་ཆེན་མོ་བ15 གཞོན་ནུའི་རྣམ་གྲངས་བདམས་ཐོན་པ3 རྒྱལ་ཁབ་ཀྱི་ཕུལ་བྱུང་གཞོན་ནུའི་ཚན་རིག་ཐེབས་རྩ་ཐོབ་མཁན37དང་ཕུལ་བྱུང་གཞོན་ནུའི་ཚན་རིག་ཐེབས་རྩ་ཐོབ་མཁན22ཡོད་པ། “མི་ཁྲིའི་འཆར་གཞིའི”སྣེ་ཁྲིད་ཤེས་ལྡན་མི་སྣ15དང་། སློབ་ཁྲིད་དགེ་རྒན་གྲགས་ཅན5 ན་གཞོན་རྩེར་སོན་ཤེས་ལྡན་མི་སྣ10བཅས་ཡོད། རྒྱལ་ཁབ་ཀྱི་ཤེས་ལྡན་མི་སྣ་ཁྲི་བརྒྱ་སྟོང་གི་འདུ་འགོད་ནང་ཞུགས་མཁན29ཡོད་པ། ཐའེ་ཧྲན་གྱི་མཁས་དབང་རི་འཛེག་འཆར་གཞིའི་ནང་ཞུགས་མཁན9དང་། ཐའེ་ཧྲན་གྱི་མཁས་དབང་དམིགས་བསལ་གདན་ཞུས་དགེ་རྒན་ཆེན་མོ(རིགས་གཅིག་མཁས་ཅན)108 ཐའེ་ཧྲན་གྱི་མཁས་དབང་གཞོན་ནུ་རིགས་གཅིག་མཁས་ཅན18བཅས་ཡོད།

5_2 རིག་གཞུང་ཚན་ཁག    

སྤྱི་ལོ2018ལོའི་ཟླ8པར་ཧྲན་ཏ་དྲ་བའི་ཆ་འཕྲིན་ལས་མངོན་པ་ལྟར་ན། འཛམ་གླིང་ཐོག་གི་རིག་ཚན་རྩེ་གྲ་འཛུགས་སྐྱོང་བྱེད་པའི་རིག་ཚན2དང་། རིམ་པ་དང་པོའི་རིག་ཚན་རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན2(རིམ་པ་གཉིས་པའི་རིག་ཚན8ཚུད)དང་། རིམ་པ་གཉིས་པའི་རིག་ཚན་རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན14 རིམ་པ་གཉིས་པའི་རིག་ཚན་རྒྱལ་ཁབ་ཀྱིས་གཙོ་གནད་ཐོག་རིག་ཚན3གསོ་སྐྱོང་བྱས་ཡོད། ཞིང་ཆེན་རིམ་པའི་གཙོ་གནད་རིག་ཚན70 རིག་ཚན་དང་། རང་བྱུང་ཚན་རིག བཟོ་ལས། སྨན་བཅོས་བཅས་རིག་ཚན་བཞིའི་ཁྱབ་ཁོངས་སུ་ཁྱབ་ནས་རིག་ཚན་ཁག་མཐུན་སྦྱོར་འཕེལ་རྒྱས་བྱུང་བ་དང་། རིམ་པ་དང་པོའི་རིག་ཚན་གྱི་འབུམ་རམས་པའི་ཡོན་གནས་སྤྲོད་དབང་ཡོད་ཁུལ44ཡོད། རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཡོད་ཁུལ54དང་། ཆེད་ལས་ཡོན་གནས་ཀྱི་འབུམ་རམས་པ་གསོ་སྐྱོང་བྱེད་ཡུལ3 ཆེད་ལས་བསླབ་གནས་ཀྱི་རབ་འབྱམས་པ་གསོ་སྐྱོང་བྱ་ཡུལ27དང་། འབུམ་རམས་པའི་ཚན་རིག་ཞིབ་འཇུག་སྐོར་སྐྱོད་ས་ཚིགས41ཡོད་པ། རིག་ཚན15ཡི་རིག་གཞུང་གི་ཤུགས་རྐྱེན་ནུས་པ་དང་ལེགས་སྐྱེས་འབུལ་ནུས་དེESIའཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད།

5_3 སློབ་གླིང་དང་སྡེ་ཁག    

སྤྱི་ལོ2018ལོའི་ཟླ8པར་ཧྲན་ཏ་དྲ་བའི་ཆ་འཕྲིན་ལས་མངོན་པ་ལྟར་ན། ཧྲན་ཏའི་མངའ་འོག་ཏུ་སློབ་ཁྲིད་སློབ་གླིང་དང་སྡེ་ཁག55ཡོད་པ་དང་། དངོས་གཞིའི་ཚན་ཁག་གི་ཆེད་ལས117(ཝེ་ཧའེ་སློབ་ཁུལ་ཚུད)བཙུགས་ཡོད། མཚན་ཉིད་རིག་པ་དང་། དཔལ་འབྱོར་རིག་པ། ཁྲིམས་ལུགས་རིག་པ། སློབ་གསོ་རིག་པ། རྩོམ་རིགལོ་རྒྱུས་རིག་པ། རང་བྱུང་ཚན་རིག བཟོ་རིག ཞིང་ལས་རིག་པ། གསོ་རིག དོ་དམ་རིག་པ། སྒྱུ་རྩལ་རིག་པ་སོགས་རིག་ཚན་ཆེ་གྲས12དང་འབྲེལ་བ་ཡོད།

5_4 སློབ་ཁྲིད་འཛུགས་སྐྲུན།    

སྤྱི་ལོ2016ལོའི་ཟླ8པའི་ཟླ་མཇུག་བར། རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲུབ་འབྲས་ལ་བྱ་དགའ18ཐོབ་པ་དང་ཞིང་ཆེན་རིམ་པའི་སློབ་ཁྲིད་གྲུབ་འབྲས་ལ་བྱ་དགའ140ཐོབ་པ། རྒྱལ་ཁབ་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་ཚོད་ལྟ་ཁུལ4ཡོད་པ། རྒྱལ་ཁབ་རིམ་པའི་ལས་གྲྭའི་ལག་ལེན་སློབ་གསོའི་ལྟེ་གནས5དང་། རྒྱལ་ཁབ་རིམ་པའི་ཁྱད་ལྡན་ཆེད་ལས་འཛུགས་སྐྲུན་ས་ཚིགས26དང་ཞིང་ཆེན་རིམ་པའི་སྤུས་རྟགས་ཁྱད་ལྡན་ཆེད་ལས38ཡོད་པ། རྒྱལ་ཁབ་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས7དང་ཞིང་ཆེན་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས16ཡོད་པ། རྒྱལ་ཁབ་ཀྱི་སློབ་ཁྲིད་དགེ་རྒན་གྲགས་ཅན་གྱི་བྱ་དགའ9ཐོབ་པ་དང་ཞིང་ཆེན་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན33ཐོབ་པ། རྒྱལ་ཁབ་རིམ་པའི་སློབ་ཁྲིད་ཚོགས་པའི་འཛུགས་སྐྲུན་རྣམ་གྲངས9དང་ཞིང་ཆེན་རིམ་པའི་སློབ་ཁྲིད་ཚོགས་པའི་འཛུགས་སྐྲུན་རྣམ་གྲངས18ཡོད་པ། རྒྱལ་ཁབ་རིམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་རྟེན་གཞི6 རྒྱལ་ཁབ་ཀྱི་སྤུས་ལེགས་སློབ་ཚན44དང་ཞིང་ཆེན་རིམ་པའི་སྤུས་ལེགས་སློབ་ཚན166ཡོད་པ། རྒྱལ་ཁབ་ཀྱི་སྤུས་ལེགས་བརྙན་ལམ་ཡོངས་བསྒྲགས་སློབ་ཚན12དང་། རྒྱལ་ཁབ་ཀྱི་སྤུས་ལེགས་ཐོན་ཁུངས་མཉམ་སྤྱོད་སློབ་ཚན30མུའུ་ཞན(MOOC)32བཅས་ཡོད། ཕྱི་སྐད་སློབ་ཁྲིད་སློབ་ཚན95དང་སྐད་གཉིས་སློབ་ཁྲིད་སློབ་ཚན427ཡོད།

6 གཟི་བརྗིད་མཚན་སྙན།

རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ21ཐོབ། (སྤྱི་ལོ2011ལོ་ནས་སྤྱི་ལོ2016ལོ་བར)

རྒྱལ་ཁབ་ཀྱི་སློབ་ཁྲིད་གྲུབ་འབྲས་བྱ་དགའ18ཐོབ། (སྤྱི་ལོ2018ལོའི་ཟླ7པའི་བར)

རྒྱལ་ཡོངས་ཀྱི་འབུམ་རམས་པའི་ཕུལ་བྱུང་དཔྱད་རྩོམ23ཡོད།


དཔྱད་གཞིའི་ཡིག་ཆ།