ཅིའུ་ཅང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་ལས་རིགས་སློབ་གླིང་།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-09-27 08:38ལ་འགྲུབ།

ཅིའུ་ཅང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་ལས་རིགས་སློབ་གླིང་།

ཅིའུ་ཅང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་ལས་རིགས་སློབ་གླིང་།
ཅིའུ་ཅང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་ལས་རིགས་སློབ་གླིང་ནི་ཅང་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་ཅིང་དང་། རྒྱལ་ཁབ་སློབ་གསོ་པུས་ཐོ་འགོད་སྙན་སེང་ཞུས་པའི་གཅིག་གྱུར་བསྡུ་ལེན་གྱི་ཐོབ་ཐང་ལྡན་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་དང། ཁེ་གཉེར་རང་བཞིན་མ་ཡིན་པའི་མཐོ་རིམ་སློབ་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
九江理工职业学院
ཕྱི་ཡིག་གི་མིང་།
Jiujiang Insititute of Technology
བཙུགས་ལོ།
སྤྱི་ལོ2009ལོ།
ངོ་བོ།
ཁེ་གཉེར་རང་བཞིན་མ་ཡིན་པ།
རིགས་དབྱེ།
ཕྱོགས་བསྡུས།
གཙོ་གཉེར་སྡེ་ཁག
ཅང་ཞི་ཞིང་ཆེན་སློབ་གསོ་ཐིང་།
མཐོ་རིམ་ལས་རིགས་ཆེད་ལས།
12
སློབ་གླིང་དང་སྡེ་ཁག
བཟོ་སྐྲུན་སློབ་གླིང་། མིས་བཟོས་རིག་ནུས་སློབ་གླིང་། འགྲིམ་འགྲུལ་ལས་གྲྭ། གློག་རྡུལ་ཚོང་དོན་དང་གློག་རྡུལ་འགྲན་རྩོད་སློབ་གླིང་། དམག་ཞབས་ཐིམས་པའི་དམག་མིའི་སློབ་གསོ་སློབ་གླིང་སོགས་རིམ་པ་གཉིས་པའི་སློབ་གླིང་སོགས།
གནས་ཡུལ།
ཅང་ཞི་ཞིང་ཆེན་ཅིའུ་ཅང་གྲོང་ཁྱེར་གྱི་ཕྱིར་གཏོང་ལས་སྣོན་ཁུལ་ཧུའེ་ཡོན་ལམ་ཨང8པ།
སློབ་གྲྭའི་ཚབ་ཨང་།
8687
1 ངོ་སྤྲོད།

ཅིའུ་ཅང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་ལས་རིགས་སློབ་གླིང་ནི་ཅང་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་ཅིང་དང་། རྒྱལ་ཁབ་སློབ་གསོ་པུས་ཐོ་འགོད་སྙན་སེང་ཞུས་པའི་གཅིག་གྱུར་བསྡུ་ལེན་གྱི་ཐོབ་ཐང་ལྡན་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་དང། ཁེ་གཉེར་རང་བཞིན་མ་ཡིན་པའི་མཐོ་རིམ་སློབ་ཆེན་ཞིག་ཡིན།

2 སློབ་སྒྲུབ་ཆ་རྐྱེན།
2_1 ཆེད་ལས།

སློབ་གླིང་དུ་མིས་བཟོས་རིག་ནུས་དང་། རིག་ནུས་བཟོ་སྐྲུན་ལས་གྲྭ། འགྲིམ་འགྲུལ་ལས་གྲྭ། གློག་རྡུལ་ཆ་འཕྲིན། རྒྱལ་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན། གློག་རྡུལ་རྩལ་འགྲན་སོགས་ཁྱད་ཆོས་ལྡན་པའི་ཆེད་ལས་བཙུགས་ཡོད།

2_2 དགེ་རྒན་གྱི་དཔུང་སྡེ།

སློབ་གླིང་དུ་མཐོ་རིམ་གོ་མིང་དགེ་རྒན་གྱིས46.3%བཟུང་བ་དང་ཉིས་འཇོན་རྣམ་པའི་དགེ་རྒན་གྱིས52%བཟུང་ཡོད།

3 སློབ་གྲྭའི་ཁོར་ཡུག

སློབ་གྲྭའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི20ལྷག་ཡོད། སློབ་ཁྲིད་ཐོག་བརྩེགས་ཁང་ཆེན་དང་། སྲིད་འཛིན་ཐོག་བརྩེགས་ཁང་ཆེན་། དཔེ་མཛོད་ཁང་། སློབ་མའི་ལས་ཤག ཟ་ཁང་གི་སྒོ་རྩིས་ཚོང་ཁང་། དངོས་སྦྱོང་ལྟེ་གནས་སོགས་དེང་རབས་ཅན་གྱི་སློབ་ཁྲིད་སྒྲིག་བཀོད18སྨི་གྲུ་བཞི་མ་ཁྲི10ལྷག་ཙམ་བསྐྲུན་ཟིན་པ་དང་། དཔེ་མཛོད་ཁང་གི་བོད་ཤོག་དཔེ་དེབ་དང་གློག་རྡུལ་དཔེ་དེབ་ཁྲི50ལྷག་དང་། དཔེ་དེབ་ལྟ་ཀློག་ཁང་དང་། དུས་དེབ་ལྟ་ཀློག་ཁང་། གློག་རྡུལ་ལྟ་ཀློག་ཁང་སོགས་ཡོད། སློབ་གྲྭའི་ནང་ཚོད་ལྟའི་དངོས་སྦྱོང་ལྟེ་གནས16དང་སློབ་ཕྱིའི་ལག་ལེན་དངོས་སྦྱོང་རྟེན་གཞི60བཙུགས་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སློབ་གླིང་། སྡེ་ཁག འགོ་ཁྲིད།